ཡང་དག་བརྟན་པ་ཐོབ་པའི་ཚད་དྲུགསྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2021-03-01 09:23ལ་འགྲུབ།

ཡང་དག་བརྟན་པ་ཐོབ་པའི་ཚད་དྲུག

ཀློང་ཆེན་མཛོད་བདུན་མན་ངག་མཛོད་ལས་བྱུང་བ་ཡང་དག་བརྟན་པ་ཐོབ་པའི་ཚད་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ཀློང་ཆེན་མཛོད་བདུན་མན་ངག་མཛོད》ཤ119བ2ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ། 

ཀློང་ཆེན་མཛོད་བདུན་མན་ངག་མཛོད་ལས་བྱུང་བ་ཡང་དག་བརྟན་པ་ཐོབ་པའི་ཚད་དྲུག་གང་ཞེ་ན།

1.སྣང་སྲིད་ཆོས་རྣམས་སྒྱུ་ཆའི་རང་སྣང་ཞིང་༎ རང་བཞིན་མེད་པའི་རྟགས་ལ་རྒྱུན་དུ་འཆར༎

2.ཉོན་མོངས་ངོ་བོ་ཡེ་ནས་ཀ་དག་པས༎ དུག་ལྔ་མི་འཁྲུགས་རང་གསལ་ཡེ་ཤེས་འཆར༎

3.སྐྱོན་ཡོན་ཡེ་ཤེས་ཆེན་པོར་ཡེ་ཤར་བས༎ བླང་དོར་གཉིས་ཀྱི་འདུན་པ་ཡང་སངས་འཆར༎

4.སྙིང་པོའི་དོན་ལ་གཞན་སྣང་མེད་རྟོགས་པས༎ དྲན་རྟོག་ཆོས་ཉིད་ངང་དུ་གསལ་བ་དང་༎ སེམས་ཉིད་ནོར་བུ་རང་ལ་རྙེད་གྱུར་པས༎ འཆི་འཕོའི་འཇིགས་བྲལ་ཉམ་ང་མེད་པ་འཆར༎

5.རང་སེམས་ཆོས་ཉིད་སངས་རྒྱས་དོན་མཐོང་བས༎ བརྩོན་འགྲུས་རེ་དོགས་འཆིང་བ་གྲོལ་པ་འཆར༎

6.དེ་འདྲའི་རྣལ་འབྱོར་མངོན་པར་སངས་རྒྱས་ཡིན༎ ཞེས་སོ༎