ཡང་དག་རྟོགས་པའི་གདེང་གི་རྟགས་དྲུགསྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2021-03-01 10:27ལ་འགྲུབ།

ཡང་དག་རྟོགས་པའི་གདེང་གི་རྟགས་དྲུག

《ཀློང་ཆེན་མཛོད་བདུན་མན་ངག་མཛོད》ལས་བྱུང་བའི་ཡང་དག་རྟོགས་པའི་གདེང་གི་རྟགས་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ཀློང་ཆེན་མཛོད་བདུན་མན་ངག་མཛོད》ཤ119ན5ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ། 

1.སྐྱོན་ཡོན་གང་ལའང་དཔའ་བཀོད་ཞུམ་པ་མེད༎

2.གདོས་བཅས་ལུས་ལ་རང་སེམས་ཆོས་སྐུར་ཞུགས༎

3.འཁོར་བར་མ་ཆགས་གཞན་དོན་སྐྱོ་དུབ་མེད༎

4.གོལ་སྒྲིབ་ཕྱོགས་བྲལ་ཐིག་ལེ་ཉག་གཅིག་རྫོགས༎

5.བདུད་རྣམས་ཆོས་ཉིད་བར་ཆད་ཉམ་ང་མེད༎

6.བདེ་སྡུག་མཁའ་ཀློང་སྤང་བླང་རེ་དོགས་མེད༎ དེ་ལྟར་རྟོགས་རྣམས་གནས་ལུགས་མཐར་ཕྱིན་འགྱུར༎ ཞེས་སོ༎