ཧུ་པི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:12ལ་འགྲུབ།

ཧུ་པི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།

ཧུ་པི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།
ཧུ་པི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1957ལོའི་ཟླ5པར་བཙུགས། ཡུལ་ལྗོངས་ལྟ་ན་སྡུག་པའི་ཆིའུ་ཧྲུའེ་འགྲམ་ངོགས་ཏེ་ཧུ་པི་གྲོང་ཁྱེར་ཆི་པིན་ཆུས་ཧུ་མེ་ལམ་ཆེན་གྱི་ཨང69པར་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鹤壁市中级人民法院
རྒྱབ་ཁབ།
ཀྲུང་གོ
གནས་ཡུལ།
ཧུ་པི་གྲོང་ཁྱེར་ཆི་པིན་ཆུས་ཧུ་མེ་ལམ་ཆེན་གྱི་ཨང69པ།
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
བཙུགས་ལོ།
སྤྱི་ལོ1957ལོ།
སྦྲག་སྲིད་ཨང་རྟགས།
458030
1 ཁྲིམས་ཁང་གི་ངོ་སྤྲོད་མདོར་བསྡུས།

ཧུ་པི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1957ལོའི་ཟླ5པར་བཙུགས། ཡུལ་ལྗོངས་ལྟ་ན་སྡུག་པའི་ཆིའུ་ཧྲུའེ་འགྲམ་ངོགས་ཏེ་ཧུ་པི་གྲོང་ཁྱེར་ཆི་པིན་ཆུས་ཧུ་མེ་ལམ་ཆེན་གྱི་ཨང69པར་ཆགས་ཡོད། ད་ལྟ་ཁྲིམས་དཔོན་དང་ལས་བྱེད་མི་སྣ་གཞན་དག130ཡོད། དེའི་མངའ་འོག་ཏུ་གཞི་རིམ་ཁྲིམས་ཁང5དང་མི་དམངས་ཁྲིམས་ར16ཡོད། ད་ལྟ་སྒྲིག་ཁོངས་སུ་ཡོད་པའི་ལས་བྱེད་པ་དང་ཉེན་རྟོག་པ130ཡོད་ཅིང་། དེའི་ནང་དུ་དངོས་གཞིའི་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་ལྡན་པ98དང་འབུམ་རམས་པ1བཅས་ཡོད།

2 ལས་ཁུངས་སྒྲིག་འཛུགས།

ཧུ་པི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ད་ལྟ་ཁོངས་གཏོགས་ལས་ཁུངས21ཡོད་དེ། ཆབ་སྲིད་པུའུ་དང་ལག་བསྟར་ཅུའུ། དོན་གཅོད་ཁང་། གྱོད་དོན་ཐོ་འགོད་ཁང་། ཉེས་དོན་འདྲི་གཅོད་ཀྱི་ཁྲིམས་ར་དང་པོ། ཉེས་དོན་འདྲི་གཅོད་ཀྱི་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། རྒྱལ་ཁབ་སྐྱིན་ཚབ་འཇལ་སྤྲོད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་། འདྲི་གཅོད་ལྟ་སྐུལ་ཁྲིམས་ར། ཁྲིམས་འཛིན་ཉེན་རྟོག་ཉིང་ལག་རུ་ཁག ཁྲིམས་འཛིན་ལག་རྩལ་ཁྲུའུ། ཁྲིམས་འཛིན་སྲིད་འཛིན་སྒྲིག་ཆས་དོ་དམ་ཁྲུའུ། ལྟ་ཞིབ་ཁང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་ལས་བྱེད་པའི་ལས་དོན་ཁྲུའུ། ལས་ཁུངས་ཏང་ཨུ། སྲིད་ཇུས་ཞིབ་འཇུག་ཁང་། ཁྲིམས་དཔོན་དོ་དམ་ཁྲུའུ་དང་འདྲི་གཅོད་དོ་དམ་གཞུང་ལས་ཁང་བཅས་བཙུགས་ཡོད།

3 གཟི་བརྗིད་མཚན་སྙན།

ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་ཨུ་ལྷན་དང་གོང་རིམ་ཁྲིམས་ཁང་གི་ཡང་དག་པའི་འགོ་ཁྲིད་འོག་ཧུ་པི་ཀྲུང་ཡོན་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་འོག དམངས་ཆེད་ཁྲིམས་འཛིན་དང་གཞུང་དྲང་ཁྲིམས་འཛིན་གྱི“གཙོ་ཐིག”མཐའ་འཁྱོངས་བྱས་ནས་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་ལས་བྱེད་ཉེན་རྟོག་དཔུང་ཁག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ལས་དོན་ཁག་སྤེལ་ཡོད།

རྒྱལ་ཡོངས་ཀྱི་གྱོད་སྒྲུབ་དཔེ་དམག་ཀྲེན་གཡོད་ཅོན་དང་ཆི་ཅིན་ཕིང་། རྒྱལ་ཡོངས་ཀྱི་ཉེས་དོན་འདྲི་གཅོད་ལས་དོན་གྱི་སྔོན་ཐོན་མི་སྒེར་ལི་ཀུའེ་ཧུང་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་མི་སྒེར་ཧན་མིང་ཝུན་སོགས་སྔོན་ཐོན་མི་སྒེར་ཁག་གཅིག་ཀྱང་ཐོན།

སྤྱི་ལོ2020ལོའི་ཟླ3པར་ཧུ་པི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཉེས་དོན་འདྲི་གཅོད་ཁྲིམས་ར་གཉིས་པར་ཧུ་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཐུན་མོང་ཐོག་བྱས་རྗེས་ཨང་གཉིས་པ་ཐོབ།

སྤྱི་ལོ2020ལོའི་ཟླ12པར་ཧུ་པི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་འདི་ཉིད་སྤྱི་ལོ2019ལོ་ནས་སྤྱི་ལོ2020ལོའི་བར་གྲོན་ཆུང་རྣམ་པའི་སྤྱི་པའི་སྒྲིག་གཞིའི་དཔེ་སྟོན་ཚན་པར་བདམས།


དཔྱད་གཞིའི་ཡིག་ཆ།