ཡ་བྲལ་ཉེས་པ་རྣམ་དྲུག་སྤང་པ།སྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2021-03-01 10:35ལ་འགྲུབ།

ཡ་བྲལ་ཉེས་པ་རྣམ་དྲུག་སྤང་པ།

《ཀློང་ཆེན་མཛོད་བདུན་མན་ངག་མཛོད》ལས་བྱུང་བའི་ཡ་བྲལ་ཉེས་པ་རྣམ་དྲུག་སྤང་པ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ཀློང་ཆེན་མཛོད་བདུན་མན་ངག་མཛོད》ཤ44ན4ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ། 

1.བསྟེན་པ་མཚན་ལྡན་བླ་མ་མ་བྲལ་དགོས༎ དེ་དང་བྲལ་ན་ཐར་པའི་ལམ་མི་ཚུད༎

2.རང་རྒྱུད་བརྟན་པའི་དད་པ་མ་བྲལ་དགོས༎ དེ་དང་བྲལ་ན་ཆོས་ཉིད་ཡུལ་མི་ཕྱིན༎

3.ཉམས་ལེན་ཟབ་མོའི་གདམས་ངག་མ་བྲལ་དགོས༎ དེ་དང་བྲལ་ན་བྱང་ཆུབ་མྱུ་གུ་མེད༎

4.སྤྲོས་སྤྱོད་ཐོས་བསམ་ཤེས་རབ་མ་བྲལ་དགོས༎ དེ་དང་བྲལ་ན་ཐེ་ཚོམ་སྒྲོག་མི་ཁྲོལ༎

5.འདུག་ས་རི་ངོགས་དབེན་པ་མ་བྲལ་དགོས༎ དེ་དང་བྲལ་ན་རྣམ་གཡེང་འདུ་འཛིས་འཁྱེར༎

6.བརྩོན་འགྲུས་སྙིང་རུས་དམ་བཅའ་མ་བྲལ་དགོས༎ དེ་དང་བྲལ་ན་ཡོན་ཏན་ཐོབ་དུས་མེད༎ དེ་ཡི་ཕྱིར་ན་ཡ་བྲལ་མ་སོང་གཅེས༎ ཞེས་སོ༎