ཧུ་པི་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་འགན་འཁྲི་གཙོ་བོ་ནི་གྲོང་ཁྱེར་ཡོངས་ཀྱི་ཉེས་དོན་ཉེས་གསོག་གི་གྱོད་གཞི་ཐག་གཅོད་བྱེད་མིན་དང་། འཛིན་བཟུང་བྱས་པར་ཆོག་མཆན་འགོད་མིན། ཞུ་གཏུག་བྱེད་མིན་བཅས་ལ་ཞིབ་བཤེར་བྱ་རྒྱུ་དེ་ཡིན། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་ལས་ཐོག་བྱས་ཉེས་བསགས་པའི་རིགས་ཞིབ་གཅོད་དང་སྔོན་འགོག་བྱས་ནས་མྱུལ་ཞིབ་ལས་ཁུངས་ཀྱིས་གྱོད་དོན་ཐོ་འགོད་དང་མྱུལ་ཞིབ་བྱེད་སྒོར་ལྟ་སྐུལ་བྱ་རྒྱུ་དང་། ཉེས་དོན་གཏུག་བཤེར་དང་། དམངས་དོན་འདྲི་གཅོད། སྲིད་འཛིན་གཏུག་བཤེར་བཅས་ཀྱི་བྱེད་སྒོར་ལྟ་སྐུལ་བྱ་རྒྱུ། བཙོན་ཁང་དང་ལྟ་སྲུང་ཁང་སོགས་ལག་བསྟར་ལས་ཁུངས་ཀྱིས་ཁྲིམས་ཆད་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་བྱ་རྒྱུ་དང་། མང་ཚོགས་ཀྱི་ཞུ་གཏུག་དང་། ཐེར་འདོན་གོང་ཞུ་བཅས་ལ་བདག་སྤྲོད་བྱ་རྒྱུ་དེ་ཡིན།
སྤྱི་ལོ2011ལོའི་ཟླ12པར་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས“ཁག་གསུམ་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པའི”གཟི་བརྗིད་མཚན་སྙན་སྤྲད།