ཧུ་པི་གྲོང་ཁྱེར་སྤྱི་བདེ་ཅུའུ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:12ལ་འགྲུབ།

ཧུ་པི་གྲོང་ཁྱེར་སྤྱི་བདེ་ཅུའུ།

ཧུ་པི་གྲོང་ཁྱེར་སྤྱི་བདེ་ཅུའུ།
ཧུ་པི་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་བྱ་བ་བཀོད་སྒྲིག་བྱེད་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鹤壁市公安局
རྒྱབ་ཁབ།
ཀྲུང་གོ
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
ཁོངས་གཏོགས་ས་ཁུལ།
ཧུ་པི་གྲོང་ཁྱེར།
1 ལས་འགན་གཙོ་བོ།

གཅིག གོང་རིམ་སྤྱི་བདེ་ལས་ཁུངས་དང་གྲོང་ཁྱེར་ཨུ་ལྷན། གྲོང་ཁྱེར་སྲིད་གཞུང་བཅས་ལ་སྤྱི་ཚོགས་བདེ་འཇགས་ཐད་ཀྱི་ཆ་འཕྲིན་གལ་ཆེན་མཁོ་འདོན་བྱེད་དགོས།

གཉིས། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་སྒྱུར་བྱེད་སྒོར་མཛུབ་ཁྲིད་དང་ཞིབ་བཤེར། ལྟ་སྐུལ་བཅས་བྱེད་དགོས། 

གསུམ། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་དང་ཐེམ་ཐོ། གྲོང་མིའི་ཐོབ་ཐང་ལག་ཁྱེར། རྒྱལ་མཚམས་འགྲོ་འོང་བཅས་ཀྱི་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ།

བཞི། གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དོ་དམ་དང་། འགྲིམ་འགྲུལ་སྒྲིག་ལམ་ལ་སྲུང་སྐྱོང་། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་དོ་དམ་དང་དེ་བཞིན་འཕྲུལ་སྒུལ་འཁོར་རིགས་སྣ་ཚོགས་ལ་རྒྱུན་གཏན་གྱི་དོ་དམ་བྱེད་རྒྱུའི་འགན་འཁུར་དགོས། 

ལྔ། གྱོད་གཞི་ཚབས་ཆེན་དང་དོན་རྐྱེན་གལ་ཆེན། བདེ་འཇགས་ཀྱི་གནོད་འཚེའི་བྱུར་ཉེས་ཚབས་ཆེན་བཅས་མྱུལ་ཞིབ་རྩད་གཅོད་དང་ཐག་གཅོད་བྱེད་པར་སྒྲིག་འཛུགས་དང་མཐུན་སྦྱོར། ཐེ་ཞུགས་བཅས་བྱེད་པ། 

དྲུག གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་ཅན་ལྟ་སྲུང་ཁང་དང་། བདེ་འཇགས་བཀག་སྐྱིལ་ཁང་ལ་དོ་དམ་བྱེད་པའི་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ་དང་། གྲོང་ཁྱེར་གྱི་ཉེས་ཅན་ལྟ་སྲུང་ཁང་དང་། གྲོང་ཁྱེར་གྱི་བདེ་འཇགས་བཀག་སྐྱིལ་ཁང་ལ་དོ་དམ་བྱེད་དགོས།

བདུན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་སྤྱི་བདེ་ལས་ཁུངས་ལ་ཆ་འཕྲིན་དང་ལག་རྩལ། གྲོང་ཁྱེར་ཡོངས་ཀྱི་རྩིས་འཁོར་ཆ་འཕྲིན་མ་ལག་གི་བདེ་འཇགས་ལྟ་ཞིབ་དང་སྲུང་སྐྱོབ་བྱེད་རྒྱུའི་འགན་འཁུར་དགོས། 

བརྒྱད། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པའི་དཔུང་ཁག་གི་དོ་དམ་དང་སློབ་གསོའི་འགན་འཁུར་དགོས། 

དགུ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་མེ་གསོད་དང་སྐུ་སྲུང་གི་ལས་ཀ་བྱེད་པའི་འགན་འཁུར་དགོས། 

བཅུ། གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་དོན་དག་གཞན་དག་སྒྲུབ་པའི་འགན་འཁུར་དགོས།

2 སྡེ་ཁག་གི་འགོ་ཁྲིད།

ལུའོ་ཀྲེན་ཡིས་ཧུ་པི་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་གི་འགན་བཞེས།  

ཝང་ཧྥེང་གིས་ཧུ་པི་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཅུའུ་ཀྲང་གཞོན་པའི་འགན་བཞེས། 

ཀྲང་ཝུན་ཡན་གྱིས་ཧུ་པི་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དངཅུའུ་ཀྲང་གཞོན་པའི་འགན་བཞེས། 

ཧའོ་ཅུན་གྱིས་ཧུ་པི་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་ཅུའུ་ཀྲང་གཞོན་པའི་འགན་བཞེས། 

ཧྭ་ཧུང་ཐུའུ་ཡིས་ཧུ་པི་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གྱི་འགན་བཞེས། 

ཀྲང་ཅན་མིང་གིས་ཧུ་པི་གྲོང་ཁྱེར་སྤྱི་བདེ་ཅུའུ་ཏང་ཨུའི་ཨུ་ཡོན་དང་ཅུའུ་ཀྲང་གཞོན་པའི་འགན་བཞེས།

ཀྲའོ་ཡུས་ཧྥེང་གིས་ཧུ་པི་གྲོང་ཁྱེར་སྤྱི་བདེ་ཅུའུ་ཏང་ཨུའི་ཨུ་ཡོན་དང་ཅུའུ་ཀྲང་གཞོན་པའི་འགན་བཞེས། 

3 ནང་བཙུགས་ལས་ཁུངས། 

ཧུ་པི་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཁོངས་གཏོགས་སུ་ཅུན་རྫོང་དང་ཆི་རྫོང་། ཧྲན་ཁྲེང་ཆུས། ཧུ་ཧྲན་ཆུས། ཆི་པིན་ཆུས་བཅས་ཀྱི་ཡན་ལག་སྤྱི་བདེ་ཅུའུ་དང་། ཁྲའོ་དབྱང་ཡན་ལག་ཅུའུ། དཔལ་འབྱོར་གསར་སྤེལ་ཁུལ་ཡན་ལག་ཅུའུ5ཡི་ཁོངས་གཏོགས་སུ་ཐད་གཏོགས་འགན་ནུས་ཀྱི་ཁའོ་དང་ཁང་གི་རུ་ཁག28བཙུགས་ཤིང་། གྲོང་ཁྱེར་ཡོངས་སུ་ཐེམ་ཐོ་མངགས་གཏོང་ཁང38དང་བདེ་འཇགས་མངགས་གཏོང་ཁང2བཅས་བཙུགས་ཡོད།


དཔྱད་གཞིའི་ཡིག་ཆ།