ཡ་ཆའི་རྣམ་གྲངས་དྲུགསྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2021-03-01 10:36ལ་འགྲུབ།

ཡ་ཆའི་རྣམ་གྲངས་དྲུག

《ཀློང་ཆེན་མཛོད་བདུན་མན་ངག་མཛོད》ལས་བྱུང་བའི་ཡ་ཆའི་རྣམ་གྲངས་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ཀློང་ཆེན་མཛོད་བདུན་མན་ངག་མཛོད》ཤ93བ3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམས་གྲངས་འདྲེན་པ།

1.རབ་ཏུ་བྱུང་ནས་ལོ་མང་ལོན་ན་ཡང་༎ སྲུང་སྡོམ་གནང་བཀག་མི་ཤེས་ཡ་རེ་ཆ༎

2.ཆོས་སྒོར་ཞུགས་ནས་ལོ་མང་ལོན་ན་ཡང་༎ དགེ་སྡུག་ད་གཟོད་བསླབ་དགོས་ཡ་རེ་ཆ༎

3.ཐེག་ཆེན་ཞུགས་ནས་ལོ་མང་ལོན་ན་ཡང་༎ སེམས་བསྐྱེད་བསླབ་ཕྱོགས་མི་ཉེ་ཡ་རེ་ཆ༎

4.ཐོས་བསམ་བྱས་ནས་ལོ་མང་ལོན་ན་ཡང་༎ ཉམས་ལེན་བློ་ཁ་མ་ཕྱོགས་ཡ་རེ་ཆ༎

5.སྒོམ་པ་བྱས་ནས་ལོ་མང་ལོན་ན་ཡང་ན། དྲོད་རྟགས་ཡོན་ཏན་མ་སྐྱེས་ཡ་རེ་ཆ༎

6.ལྟ་བ་རྟོགས་ནས་ལོ་མང་ལོན་ན་ཡང་༎ དངོས་ཞེན་འཁྲུལ་པ་མ་ཞིག་ཡ་རེ་ཆ༎ འདི་དག་མཁར་ལན་ཐོག་མར་བྱས་རྗེས་སུ༎ རྩིག་རྨང་གདོད་ནས་བླང་བ་ཤིན་ཏུ་མཚར༎ བརྟགས་ཤིང་དགོད་བྲོ་བསམས་ཤིང་ཡི་མུག་པས༎ དམ་པ་བསྟེན་ལ་ཐོས་བསམ་སྒོམ་པ་སྒྲུབས༎ ཞེས་སོ༎