འོར་ནད་ཀྱི་དབྱེ་བ་དྲུགསྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ། ནས 2021-03-01 10:47ལ་འགྲུབ།
1.རླུང་ལས་བྱུང་བའི་འོར་ནད།
2.མཁྲིས་པ་ལས་བྱུང་བའི་འོར་ནད།
3.ཁྲག་ལས་བྱུང་བའི་འོར་ནད།
4.བད་ཀན་ལས་བྱུང་བའི་འོར་ནད།
5.བསྣད་པ་ལས་བྱུང་བའི་འོར་ནད།
6.དུག་ལས་བྱུང་བའི་འོར་ནད་དོ༎
འོད་ནད་ཀྱི་རྒྱུ་རྐྱེན་ནི་ཟས་དང་། དུས་དང་། རྐྱེན་གྱིས་བསྐྱེད་པ་བཅས་གསུམ་ཡོད་པ་ལས་དང་པོ་ཁ་ཟས་ཀྱིས་བསྐྱེད་པ་ནི་ཁ་ཟས་མ་ཞུ་བར་དྭངས་སྙིགས་འདྲེས་པ་མཆིན་པ་ནས་ཟུངས་སུ་མ་གྱུར་པས་ན་ཤ་ཁྲག་མང་དུ་འཕེལ་ཞིང་རྒྱས་པར་གྱུར་པ་དེ་ཉིད་ཤ་ལྤགས་ལ་བྱེར་བས་ཆུ་སེར་བསྐྱེད་ཅིང་ཆུ་སེར་དེ་འོར་དུ་ལྷུང་སྟེ་གཡོ་བར་འགྱུར་བ་ཡིན་ནོ༎ དུས་ཀྱིས་བསྐྱེད་པ་ནི་གོང་གི་སྐྱ་རྦབ་རྙིང་ལས་བྱུང་བ་ཡིན་ཏེ། འོར་གྱི་ངོ་བོ་ནི་སྐྱ་རྦབ་སྟོབས་ཆེར་ཕྱི་རུ་སྨིན་པ་ཡིན། སྐྱེན་གྱིས་བསྐྱེད་པ་ནི། ནད་ཀུན་བཅོས་ཉེས་ཏེ། འཁྲུགས་པ་ལས་འབྱུང་བ་ཡིན་ནོ༎