བཟང་པོར་བསྒྲུབ་པའི་དམ་ཆོས་རྣམ་དྲུགསྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2021-03-01 10:51ལ་འགྲུབ།

བཟང་པོར་བསྒྲུབ་པའི་དམ་ཆོས་རྣམ་དྲུག

《ཀློང་ཆེན་མཛོད་བདུན་མན་ངག་མཛོད》ལས་བྱུང་བའི་བཟང་པོར་བསྒྲུབ་པའི་དམ་ཆོས་རྣམ་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ཀློང་ཆེན་མཛོད་བདུན་མན་ངག་མཛོད》ཤ87ན1ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ། 

1.རྗེ་དཔོན་རྒྱལ་པོར་འདོད་ན་རང་ཉིད་ཆོས་ལ་བསྐུལ༎

2.དཔའ་བོའི་རྒྱལ་པོར་འདོད་ན་ཉོན་མོངས་དགྲ་དཔུང་ཆོམས༎

3.གཙོ་བོའི་རྒྱལ་པོར་འདོད་ན་བཀའ་ལུང་འདུན་གྲོས་ཆོས༎

4.མཐུ་སྟོབས་རྒྱལ་པོར་འདོད་ན་བདག་ལྟའི་འགོང་པོ་ཐུལ༎

5.ཕྱུག་པོའི་རྒྱལ་པོར་འདོད་ན་ཚོགས་གཉིས་ལོངས་སྤྱོད་སྒྲུབས༎

6.སྨན་པའི་རྒྱལ་པོར་འདོད་ན་རང་སྐྱོན་གཅོང་ནད་ཐོན༎ དེ་ལྟར་ཤེས་ན་ལྷ་མིའི་གཙོ་བོར་འགྱུར༎ ཞེས་སོ༎