ལྕེ་ནད་རྣམ་པ་གསུམ།སྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2021-03-01 10:48ལ་འགྲུབ།

ལྕེ་ནད་རྣམ་པ་གསུམ།

སྨན་དཔྱད་ཅེས་པ་གྲུབ་པ་ཞེས་བྱ་བ་ལས་བྱུང་བ་ལེའུ་སོ་གཅིག་པ་ལས་བྱུང་བའི་ལྕེ་ནད་རྣམ་པ་གསུམ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སྣ་ཚོགས་ནོ་པ》ཤ267བ3ལས་བཏུས།
རིགས་དབྱེ།
གསོ་བ་རིག་པ།
1 ​རྣམ་གྲངས་འདྲེན་པ།

སྨན་དཔྱད་ཅེས་པ་གྲུབ་པ་ཞེས་བྱ་བ་ལས་བྱུང་བ་ལེའུ་སོ་གཅིག་པ་ལས་བྱུང་བ་སྟེ།

1.རླུང་ལས་གྱུར་པའི་ལྕེ་ནད་ནི། ཁ་ཟས་ཀྱི་རོ་མི་ཚོར་ཞིང་སློ་སློ་པོར་གྱུར་པ་དང་། འགགས་པ་དང་། ཤིང་ཨ་ཤ་ཀའི་ལོ་མ་བཞིན་དུ་དམར་བ་རྣམས་ཡིན་ནོ༎

2.མཁྲིས་པ་ལས་གྱུར་པའི་ལྕེ་ནད་ནི། ལྕེ་རྩུབ་ཅིང་ཚ་བ་འུར་འུར་པོར་འདུག་ཅིང་ཙག་ཙག་ཚ་བ་ཡིན་ནོ༎ 

3.བད་ཀན་ལས་གྱུར་པའི་ལྕེ་ནད་ནི། ལྕེ་རིལ་གྱིས་སྟུག་པོ་བེམ་བེམ་པོར་འདུག་པ་ཡིན་ནོ༎