བཅས་པ་གསུམ།སྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2021-03-01 10:48ལ་འགྲུབ།

བཅས་པ་གསུམ།

འདུལ་བ་གཞུང་དམ་པ་དང་ཀློང་ཁམས་འབུམ་ལས་བྱུང་བའི་བཅས་པ་གསུམ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ505.17《འདུལ་བ་པ་པ》ཤ41བ3 ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འདི་ལ་ཁག་གསུམ་ཡོད་པ་སྟེ།

འདུལ་བ་གཞུང་དམ་པ་ལས་བྱུང་བ་ཁག་གཉིས་ཡོད་པ་སྟེ།

1_1 ཁག་དང་པོ།

1.བྱུང་བ་ལས་བཅས་པ།

2.ཉེས་པ་ལས་བཅས་པ།

3.རྣམ་པར་དབྱེ་བར་བཅས་པའོ༎

1_2 ཁག་གཉིས་པ།

1.རྗེས་སུ་སྲུང་བར་བཅས་པ།

2.རྗེས་སུ་བསྟན་པར་བཅས་པ།

3.རྗེས་སུ་ཕན་པར་བཅས་པའོ༎

1_3 ཁག་གསུམ་པ།

ཀློང་ཁམས་འབུམ་ལས་བྱུང་བ་ཁག་གཅིག་སྟེ།

1.དགག་པའི་བཅས་པ།

2.སྒྲུབ་པའི་བཅས་པ།

3.གནང་བའི་བཅས་པའོ༎