སྔགས་སྡོམ་གྱི་བརྗོད་བྱ་དོན་གྱི་རྒྱུད་ཀྱི་སྒོ་ནས་དབྱེ་བ་གསུམ།སྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2021-03-01 10:49ལ་འགྲུབ།

སྔགས་སྡོམ་གྱི་བརྗོད་བྱ་དོན་གྱི་རྒྱུད་ཀྱི་སྒོ་ནས་དབྱེ་བ་གསུམ།

《ཤེས་བྱ་ཀུན་ཁྱབ》ལས་བྱུང་བའི་སྔགས་སྡོམ་གྱི་བརྗོད་བྱ་དོན་གྱི་རྒྱུད་ཀྱི་སྒོ་ནས་དབྱེ་བ་གསུམ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ཤེས་བྱ་ཀུན་ཁྱབ》དེབ་བར་ཆ་ཤ136.14ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

1.རྒྱུ་རྒྱུད་ནི། སྣང་གྲགས་ཀྱི་ཆོས་ཀུན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངང་དུ་སྡོམ་པ།

2.ཐབས་རྒྱུད་ནི། གཉིས་སྣང་གི་མཚན་རྟོག་ཕྲ་རགས་ཐམས་ཅད་བསྐྱེད་དང་རྫོགས་པའི་རྣལ་འབྱོར་དུ་སྡོམ་པ།

3.འབྲས་རྒྱུད་ནི། རང་སྣང་དུ་ཤར་བའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་གཉིས་ཀྱི་ངོ་བོར་སྡོམ་པའོ༎ དེ་ཡང་སྔ་མ་ནི་སྔགས་སྡོམ་བཏགས་པ་བ་དང་ཕྱི་མ་གཉིས་ནི་མཚན་ཉིད་པའོ༎