གཟུགས་ཀྱི་ཕུང་པོའི་མཚན་ཉིད་རྣམ་པ་དྲུགསྔ་མའི་པར་གཞི་དེ སེམས་ཀྱི་ལོ་མ།  ནས 2021-03-01 09:19ལ་འགྲུབ།

གཟུགས་ཀྱི་ཕུང་པོའི་མཚན་ཉིད་རྣམ་པ་དྲུག

རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བའི་གཟུགས་ཀྱི་ཕུང་པོའི་མཚན་ཉིད་རྣམ་པ་དྲུག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སེམས་ཙམ་ཞི་པ》ཤ49ན4ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ། 

རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།

1.རང་གི་མཚན་ཉིད་ནི། ས་ལ་སོགས་པའི་སྲ་བ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དང་། མིག་ལ་སོགས་པའི་སོ་སོའི་དབང་བའི་མཚན་ཉིད་གང་ཡིན་པའོ༎

2. སྤྱིའི་མཚན་ཉིད་ནི། གཟུགས་ཐམས་ཅད་ནི་གཟུགས་སུ་རུང་བའི་མཚན་ཉིད་གང་ཡིན་པའོ༎

3.གནས་དང་གནས་པར་འབྲེལ་བའི་མཚན་ཉིད་ནི། འབྱུང་བ་ཆེན་པོ་རྣམས་ནི་གནས་ཡིན་ལ། རྒྱུར་བྱས་པའི་གཟུགས་རྣམས་ནི་གནས་པའོ༎

4.ཉེ་བར་སྤྱོད་པའི་མཚན་ཉིད་ནི། ནང་གི་སྐྱེ་མཆེད་གཟུགས་ཅན་རྣམས་ཀྱི་ཉེ་བར་སྤྱོད་པའི་དབང་གིས་ཕྱི་རོལ་གྱི་གཟུགས་ཅན་རྣམས་སོ་སོར་འབྱུང་བ་སྟེ། ནང་གི་སྐྱེ་མཆེད་ཀྱི་ཉེ་བར་སྤྱོད་པ་དང་མཐུན་པ་ཉིད་དུ་གཟུགས་འདུས་པ་ལ་ལ་ནི་སྲ་བ་ཁོ་ནར་འབྱུང་ལ། ལ་ལ་ནི་གཤེར་བ་ཁོ་ནར་འབྱུང་ལ། ལ་ལ་ནི་དྲོ་བ་ཁོ་ནར་འབྱུང་ལ། ལ་ལ་ནི་གཡོ་བ་ཁོ་ནར་འབྱུང་ལ། ལ་ལ་ནི་འདྲེས་པ་ཁོ་ནར་འབྱུང་བའོ༎

5.ལས་ཀྱི་མཚན་ཉིད་ནི། ས་ལ་སོགས་པ་འབྱུང་བ་ཆེན་པོ་རྣམས་ཀྱི་བརྟེན་པ་དང་། སྡུད་པ་དང་། སྨིན་པར་བྱེད་པ་དང་། བསྐྱོད་པའི་མཚན་ཉིད་དོ༎

6.ཆ་ཕྲ་བའི་མཚན་ཉིད་ནི། རྡུལ་ཕྲ་རབ་ཀྱི་མཚན་ཉིད་གང་ཡིན་པའོ༎ ཡང་ཆ་ཕྲ་བ་ཉིད་ནི་རྣམ་པ་གསུམ་སྟེ། འབྲི་བ་ཆ་ཕྲ་བ་ཉིད། རང་བཞིན་ཆ་ཕྲ་བ་ཉིད། མས་ཀྱི་དབང་བསྒྱུར་ཆ་ཕྲ་བ་ཉིད་དོ༎

(1)འབྲི་ཆ་ཕྲ་བ་ཉིད་ནི། དེ་འབྲི་བ་ཆ་ཕྲ་བ་ཉིད་ཀྱིས་ནི་རྡུལ་ཕྲ་རབ་ཆ་ཕྲ་བ་བསྟན་ཏོ༎

(2)རང་བཞིན་ཆ་ཕྲ་བ་ཉིད་ནི། རང་བཞིན་ཆ་ཕྲ་བ་ཉིད་ཀྱིས་ནི་རླུང་ལ་སོགས་པ་དང་། བར་མ་དོའི་སྲིད་པའི་གཟུགས་ཆ་ཕྲ་བ་བསྟན་ཏོ༎

(3)སེམས་ཀྱི་དབང་བསྒྱུར་ཆ་ཕྲ་བ་ཉིད་ནི། དེ་ལ་སེམས་ཀྱི་དབང་བསྒྱུར་བ་ཆ་ཕྲ་བ་ཉིད་ཀྱིས་ནི་གཟུགས་ན་སྤྱོད་པའི་གཟུགས་ཆ་ཕྲ་བ་བསྟན་ཏེ། ཇི་སྐད་དུ་ལྷ་སེམས་མཉམ་པ་མི་འགྱུར་བ་དེ་དག་གིས་ནི་ཇི་ལྟར་དེ་དག་སྨྱུང་བུའི་རྩེ་མོས་ཕུག་པའི་ཁྱོན་ཙམ་གྱིས་ཕྱོགས་གཅིག་ཏུ་འཁོད་ཀྱང་གཅིག་ལ་གཅིག་ཐོགས་པ་མེད་ལ། གཅིག་ལ་གཅིག་གནོད་པ་ཡང་མེད་པ་དང་། དེ་ལྟ་དེ་ལྟར་སེམས་དེ་དག་ཡོངས་སུ་སྦྱང་བར་བྱས་ཤིང་ཡོངས་སུ་བྱི་དོར་བྱས་སོ་ཞེས་གསུངས་པ་ལྟ་བུའོ༎