ཡན་ཧྲི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-03-03 17:04ལ་འགྲུབ།

ཡན་ཧྲི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།

ཡན་ཧྲི་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་སྲིད་ཇུས་དང་ཐབས་ཇུས་ཞིབ་འཇུག་དང་འཆར་འགོད་གཏན་འཁེལ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་དུས་ཡུན་རིང་བའི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོ་བ་དང་འབྲེལ་ལག་ལེན་བསྟར་རྒྱུ་སྒྲིག་འཛུགས་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鲁山县民族宗教事务局
གནས་ཡུལ།
ལུའུ་ཧྲན་རྫོང་།
རིགས་དབྱེ།
སྲིད་གཞུང་སྡེ་ཁག
ནང་ཁུལ་སྒྲིག་གཞི།
གཞུང་ལས་ཁང་སོགས།
1 ​འགན་ནུས་ངོ་སྤྲོད།

(གཉིས)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་འཆར་འགོད་དང་ཁྲིམས་བཞིན་བཅོས་སྐྱོང་བྱེད་རྒྱུའི་ལས་ཀའི་འཆར་འགོད་བཟོ་རྒྱུ་དང་འབྲེལ་སྒྲིག་འཛུགས་དང་ལག་བསྟར་བྱེད་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀར་ཁྲིད་སྟོན་བྱ་དགོས། 

(གསུམ)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་གཉེར་ཚན་པ་དང་བཅའ་ཁྲིམས་ཀྱི་རོགས་སྐྱོར། གཞུང་དཔང་ལས་ཁུངས། གཞུང་དཔང་བའི་ལས་སྒོ་བཅས་ལ་མཛུབ་ཁྲིད་དང་ལྟ་སྐུལ། དོ་དམ་བཅས་བྱེད་དགོས།

(བཞི)གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་དང་མི་དམངས་འདུམ་འགྲིག སྡེ་ཁུལ་ཡོ་བསྲང་ཁྲིམས་ཆད་འཁུར་ཡུན་ཐིམ་ནས་གློད་འགྲོལ་བྱུང་བའི་སྐྱེ་བོ་དང་དེ་བཞིན་ངལ་རྩོལ་བྱེད་ཁོངས་ནས་གློད་པའི་མི་སྣ་བཀོད་སྒྲིག་དང་རོགས་རམ་སློབ་གསོ་གཏོང་བའི་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ། དོ་དམ་བཅས་བྱ་རྒྱུ། 

(ལྔ)གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལ་ཕྱོགས་པའི་ཞབས་ཞུའི་ཁྲིམས་འཛིན་གསལ་འབྱེད་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ། དོ་དམ་བཅས་བྱེད་དགོས། 

(དྲུག)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ལས་དོན་ལ་མཛུབ་ཁྲིད་དང་། དོ་དམ་ལས་ཁུངས་དང་ཐད་གཏོགས་ཚན་པའི་ལས་བྱེད་པའི་མི་དོན་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། 

(བདུན)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཉེན་དོན་དོ་དམ་ལས་དོན་གྱི་འགན་འཁུར་དགོས། 

(བརྒྱད)གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་ཡིག་སྐུར་ངོ་གཏུག་བརྟན་འཇགས་ཀྱི་བྱ་བའི་འགན་འཁུར་དགོས། 

(དགུ)སྡེ་ཁག་དེ་ག་དང་ཁོངས་གཏོགས་དེ་གའི་གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་ལ་བབ་བསྟུན་དོ་དམ་བྱེད་པར་འགན་འཁུར་བ་དང་། གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་གྱི་བབ་བསྟུན་སྔོན་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་སྡེ་ཁག་དེ་ག་དང་ཁོངས་གཏོགས་དེ་གའི་གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་སྔོན་འགོག་དང་ཐག་གཅོད་བྱ་རྒྱུ། 

(བཅུ)གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྲད་པའི་དོན་དག་གཞན་དག་འགན་བསྒྲུབ་བྱ་རྒྱུ།

2 ལས་ཁུངས་སྒྲིག་བཀོད། 
2_1 གཞུང་དོན་ཁང་།

ཆབ་སྲིད་ལས་དོན་ཁོའོ་ཡིས་གཞོགས་འདེགས་བྱེད་པའི་ཅུའུ་ལས་ཁུངས་ཀྱི་རྒྱུན་ལྡན་ལས་དོན་ལ་འགོ་ཁྲིད་དང་མཐུན་སྦྱོར་བྱ་རྒྱུ་དང་། ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོ་བ། སྲིད་དོན་ཆ་འཕྲིན་དང་གསར་འགྱུར་ཁྱབ་བསྒྲགས། དྲུང་ཡིག་དང་སྐུལ་ཁྲིད། བསྡོམས་རྩིས། ཡིག་སྐུར་ངོ་གཏུག གསང་བ། ཡིག་ཚགས། ཕྱི་དོན།སྣེ་ལེན་སོགས་ཀྱི་ལས་ཀ་བྱེད་པར་འགན་འཁུར་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་མཛུབ་ཁྲིད་དང་ཏང་ཙུའུ་ཡི་རྒྱུན་གཏན་ལས་དོན་སྒྲུབ་པར་འགན་འཁུར་བ། ཅུའུ་དང་ཅུའུ་ཁོངས་གཏོགས་ཚན་པ་ཁག་གི་ཏང་ཐོན་རྩ་འཛུགས་འཛུགས་སྐྱོང་ལ་འགན་འཁུར་བ་བཅས་བྱེད་དགོས་ལ། དོ་དམ་ཅུའུ་དང་ཅུའུ་སོ་སོའི་ལས་ཁུངས་ཀྱི་སྒྲིག་གཞི་དང་ལས་བྱེད་པའི་བྱ་བ། མི་དོན་བསྡོམས་རྩིས་ལས་དོན། ལས་ཁུངས་ཀྱི་བུད་མེད་དང་འཆར་ལྡན་བུ་བཙའི་ལས་དོན། མི་དོན་ཡིག་ཚགས་དོ་དམ་བྱེད་པར་འགན་འཁུར་རྒྱུ་དང་། རང་ཁོངས་ཀྱི་མི་དོན་བསྡོམས་རྩིས་དང་གཟེངས་བསྟོད་བྱ་དགའ། ཉེན་དོན་དོ་དམ་བཅས་ཀྱི་ལས་དོན་སྒྲུབ་རྒྱུ། 

2_2 དྲིལ་བསྒྲགས་སློབ་གསོ་ཁོའོ།

ཁྲིམས་འཛིན་སྲིད་འཛིན་མ་ལག་གི་ལས་བྱེད་མི་སྣ་དང་ཁྲིམས་རོགས་པ། གཞུང་དཔང་བ། མི་དམངས་འདུམ་འགྲིག་པ་བཅས་གསོ་སྦྱོང་བྱེད་པར་འགན་འཁུར་རྒྱུ་དང་། མ་ལག་ཡོངས་ཀྱི་དྲིལ་བསྒྲགས་སྙན་ཞུའི་ལས་ཀའི་འགན་འཁུར་དགོས་ལ། བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་སྤེལ་གཏོང་བའི་སློབ་གསོའི་ལས་དོན་འཆར་འགོད་དང་ལག་བསྟར་སྒྲིག་འཛུགས་བྱ་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀར་ཁྲིད་སྟོན་དང་ཞིབ་བཤེར་བྱ་དགོས་ཞ། བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྤྱི་དམངས་ཁྲོད་དུ་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་བའི་སློབ་གསོའི་ལས་དོན་ལ་འཆར་འགོད་དང་སྒྲིག་འཛུགས་བྱ་རྒྱུའི་འགན་འཁུར་རྒྱུ། ཁྲིམས་བསྟར་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ལས་རིགས་ཁག་གིས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀར་ཁྲིད་སྟོན་བྱ་དགོས་ལ། གྲོང་ཁྱེར་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་ལས་སྡེ་ཚན། དེ་བཞིན་ཁེར་གཉེར་ཁེ་ལས་བཅས་ཀྱིས་ཁྲིམས་ལྟར་སྲིད་འཛིན་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་ཚུལ་ལ་ལྟ་སྐུལ་དང་ཞིབ་དཔྱད་ཀྱི་འགན་འཁུར་རྒྱུ། 

2_3 གཞི་རིམ་ལས་སྒྲུབ་ཁོའོ།

གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སུའོ་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ། མི་དམངས་འདུམ་འགྲིག་ལས་དོན། སྡེ་ཁུལ་ཡོ་བསྲང་བཅས་ལ་ལྟ་སྐུལ་དང་ཁྲིད་སྟོན། དོ་དམ་བཅས་བྱེད་ཅིང་། སྤྱི་ཚོགས་ཀྱི་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུའི་སྒྲིག་གཞིར་ཞིབ་བཤེར་དང་དོ་དམ་བྱ་རྒྱུ། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ཁྲོམ་རའི་དོ་དམ་དང་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པའི་ལས་གཉེར་ལག་ཁྱེར་ཐོ་འགོད་དང་ལོ་འཁོར་ཞིབ་བཤེར་ཐོ་འགོད་བྱེད་པར་འགན་འཁུར་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཆད་འཁུར་ཡུན་ཐིམ་ནས་གློད་འགྲོལ་བྱུང་བའི་མི་སྣ་དང་ངལ་རྩོལ་ལས་གྲོལ་བའི་མི་སྣ་བཀོད་སྒྲིག་དང་རོགས་རམ་སློབ་གསོ་གཏོང་བའི་ལས་ཀར་ཁྲིད་སྟོན་བྱ་རྒྱུ། ཁྲིམས་འཛིན་སྲིད་དོན་ལས་ཁུངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཀ་བྱེད་པར་འགན་འཁུར་དགོས། 

2_4 ཡན་ཧྲི་གྲོང་ཁྱེར་གཞུང་དཔང་ཁང་། 

རྒྱལ་ཁབ་ཀྱི་ར་སྤྲོད་འགན་ནུས་ལག་བསྟར་བྱས་ནས་ཁྲིམས་ལྟར་རྒྱལ་ནང་གི་དཔལ་འབྱོར་དང་དམངས་དོན་གཞུང་དཔང་གི་བྱེད་སྒོ་རང་ཚུགས་སུ་གཉེར་དགོས་ལ། སྤྱི་དམངས་དང་ཁྲིམས་མི་ཕྱི་རྒྱལ་དུ་སློབ་སྦྱོང་དང་འཁོར་ཞག་ལ་འགྲོ་བ། ཡུལ་མི་གནས་སྤོ། ཕྱི་ཕྱོགས་དང་དཔལ་འབྱོར་སྤེལ་རེས་བྱེད་པ་སོགས་ཕྱི་ཕྱོགས་དང་འབྲེལ་ཡོད་ཀྱི་གཞུང་དཔང་བྱ་བ་ཁྲིམས་ལྟར་བསྒྲུབ་དགོས་ལ།  གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ལ་ཁྲིམས་ལྟར་ས་གནས་སུ་ལྟ་སྐུལ་གཞུང་དཔང་བྱེད་དགོས་ཤིང་། ཆ་རྐྱེན་དང་མཐུན་པའི་བུན་དབང་ཡིག་རིགས་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་དུ་འཇུག་པའི་ནུས་པ་ཡོད་ལ། དཔང་རྟགས་ཉམས་མེད་ཉར་སྲུང་བྱེད་ཅིང་འབྲེལ་ཡོད་གཏན་འབེབས་ལྟར་གཞུང་དཔང་གི་ཡིག་ཚགས་དོ་དམ་ལེགས་པར་བྱ་དགོས། 

2_5 ཁྲིམས་རོགས་པའི་དོ་དམ་དང་བཅའ་ཁྲིམས་རོགས་སྐྱོར་ཁོའོ། 

གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་དོན་དང་བཅའ་ཁྲིམས་བློ་འདྲིའི་ལས་དོན་ལ་དོ་དམ་དང་མཛུབ་ཁྲིད་བྱ་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པས་ཁྲིམས་ལྟར་ལས་འགན་སྒྲུབ་པར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ། ཁྲིམས་རོགས་པའི་ལས་གཉེར་ལག་ཁྱེར་ལ་ཞིབ་བཤེར་གཏན་འབེབས་བྱེད་པར་འགན་འཁུར་རྒྱུ། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་རོགས་སྐྱོར་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་བྱེད་པར་འགན་འཁུར་བ། གྲོང་ཁྱེར་དེ་གའི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་གྱི་དུས་ཡུན་རིང་བའི་འཕེལ་རྒྱས་འཆར་འགོད་དང་ལོ་འཁོར་འཆར་གཞི་བཟོ་བ། ཁྲིམས་རོགས་པ་དམིགས་འཛུགས་བྱས་ཏེ་བཅའ་ཁྲིམས་རོགས་སྐྱོར་གྱི་ལས་འགན་འཁུར་དུ་འཇུག་པ།  བཅའ་ཁྲིམས་རོགས་སྐྱོར་གྱི་ཁྲིམས་རོགས་པའི་ལས་སྒོའི་གསོ་སྦྱོང་དང་ལས་སྒོའི་ཁྲིད་སྟོན་བྱེད་པར་འགན་འཁུར་རྒྱུ། གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་དང་བཅའ་ཁྲིམས་རོགས་སྐྱོར་གྱི་ལས་སྒྲུབ་མི་སྣའི་ལག་ཁྱེར་དང་ལོ་བཤེར་དང་ཐོ་འགོད་ཞིབ་བཤེར་གྱི་ལས་ཀ་བྱེད་པར་འགན་འཁུར་དགོས། 

དཔྱད་གཞིའི་ཡིག་ཆ།