ཡན་ཧྲི་གྲོང་ཁྱེར་སྤྱི་བདེ་ཅུའུ།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2021-03-03 17:04ལ་འགྲུབ།

ཡན་ཧྲི་གྲོང་ཁྱེར་སྤྱི་བདེ་ཅུའུ།

ཡན་ཧྲི་གྲོང་ཁྱེར་སྤྱི་བདེ་ཅུའུ།
ཡན་ཧྲི་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་ཡན་ཧྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འོག་ཏུ་བཙུགས་པའི་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་ལ་དོ་དམ་བྱེད་པའི་ལས་ཁུངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
偃师市公安局
གཙོ་གཉེར་སྡེ་ཁག
ཡན་ཧྲི་གྲོང་ཁྱེར་སྲིད་གཞུང་དང་ལུའོ་དབྱང་གྲོང་ཁྱེར་སྤྱི་བདེ་ཅུའུ།
གནས་ཡུལ།
ལུའོ་དབྱང་ཡན་ཧྲི་ཅན་རྨིན་སྲང་ལམ་དང་ཧྲང་ཏུའུ་ལམ་གྱི་སྣོལ་མཚམས་སུ་ཡོད།
ལས་ཐོག་ཅུའུ་ཀྲང་།
ཡུས་ཧུང་ཀྲོའུ།
དཀར་ཆག
1   ​འགན་ནུས་ངོ་སྤྲོད།
2   ནང་ཁུལ་སྒྲིག་གཞི།
2.1 ཉེན་རྟོག་བཀའ་རྒྱ་པུའུ། 
2.2 ཆབ་སྲིད་ཁྲུའུ།
2.3 རྒྱབ་ཕྱོགས་ཁོའོ། 
2.4 ཉེན་རྟོག་ལས་དོན་ལྟ་ཞིབ་རུ་ཆེན། 
2.5 ཁྲིམས་ལུགས་ཁང། 
2.6 ཁྲིམས་སྦྱོར་རྒྱུ་མཚན་ཞུ་འབུལ་ཁོའོ།
2.7 རྒྱལ་མཚམས་འགྲོ་འོང་དོ་དམ་ཁོའོ།
3   ཐད་གཏོགས་ལས་ཁུངས།
3.1 འགྲིམ་འགྲུལ་ཉེན་རྟོག་རུ་ཆེན།
3.2 ཉེས་དོན་ཉེན་རྟོག་རུ་ཆེན། 
3.3 དམིགས་བསལ་སྐོར་གཡེང་ཉེན་རྟོག་རུ་ཆེན། 
3.4 དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་རུ་ཆེན། 
3.5 བདེ་སྲུང་ཉེན་རྟོག་རུ་ཆེན། 
3.6 རྒྱལ་ནང་བདེ་སྲུང་རུ་ཆེན། 
3.7 སྤྱི་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་རུ་ཆེན། 
3.8 ལྟ་སྲུང་ཁང་། 
3.9 བཀག་སྐྱིལ་ཁང་། 
3.10 མེ་གསོད་རུ་ཆེན།
1 ​འགན་ནུས་ངོ་སྤྲོད།

(གཉིས)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་མི་དམངས་ཉེན་རྟོག་པའི་དཔུང་ཁག་དོ་དམ་དང་སློབ་གསོ་སྦྱོང་བརྡར་གྱི་ལས་ཀའི་འགན་འཁུར་དགོས། 

(གསུམ)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་བཀོད་སྒྲིག་དང་མཛུབ་ཁྲིད་བྱས་ནས་ཁོངས་གཏོགས་ཚན་པ་ཁག་གི་ཁྲིམས་སྒྱུར་བྱེད་སྒོར་ཞིབ་བཤེར་དང་ལྟ་སྐུལ་བྱེད་དགོས། 

(བཞི)གོང་རིམ་གྱི་བླང་བྱ་དོན་འཁྱོལ་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་དང་ཐེམ་ཐོ། ཡུལ་མིའི་ཐོབ་ཐང་ལག་ཁྱེར། མེ་མདའ་དང་རྫས་མདེལ། ཉེན་ཆེའི་དངོས་རྫས། དམིགས་བསལ་ལས་རིགས། རྒྱལ་མཚམས་ནས་འགྲོ་འོང་བཅས་ཀྱི་ལས་ཀ་བཅའ་ཁྲིམས་ལྟར་དོ་དམ་དང་། གྲོང་ཁྱེར་ཡོངས་ཀྱི་རླངས་འཁོར་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དོ་དམ་བྱ་རྒྱུ། མེ་གསོད་མེ་འགོག་ལ་ལྟ་སྐུལ་དང་བདེ་སྲུང་ལ་དོགས་ཟོན་གྱི་ལས་ཀ་བྱེད་པར་འགན་འཁུར་དགོས། 

(ལྔ)སྤྱི་ཚོགས་ཀྱི་ཆབ་སྲིད་བརྟན་པོ་ཡོང་བར་གནོད་པའི་གྱོད་དོན་མྱུལ་ཞིབ་དང་ཉེས་དོན་གྱི་གྱོད་གཞི་མྱུལ་ཞིབ་བྱེད་པའི་ལས་ཀ་སྒྲིག་འཛུགས་བྱ་རྒྱུ་བཅས་ཡིན། 

(དྲུག)གྱོད་དོན་རིགས་ཁག་ལ་གྲ་སྒྲིག་འདྲི་ཞིབ་དང་བཙོན་འཇུག་བྱེད་ས་དོ་དམ་བྱེད་པར་འགན་འཁུར་རྒྱུ། 

(བདུན)གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་དང་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱི་བདེ་འཇགས་སྲུང་སྐྱོང་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ། ཡན་ཧྲི་ཡི་གལ་ཆེའི་མི་སྣའི་བདེ་འཇགས་ཉེན་སྲུང་གི་འགན་ཁུར་དགོས། 

(བརྒྱད)གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་ཆ་འཕྲིན་དང་ལག་རྩལ། རྒྱབ་ཕྱོགས་མཁོ་སྒྲུབ་སྒྲིག་ཆས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་རྩིས་འཁོར་གྱི་ཆ་འཕྲིན་མ་ལག་གི་བདེ་འཇགས་སྲུང་སྐྱོང་ལས་ཀ་གཙོ་སྐྱོང་བྱ་དགོས། 

(དགུ)སྡེ་ཁག་དེ་ག་དང་ཁོངས་གཏོགས་དེ་གའི་གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་ལ་བབ་བསྟུན་དོ་དམ་བྱེད་པར་འགན་འཁུར་བ་དང་། གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་གྱི་བབ་བསྟུན་སྔོན་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་སྡེ་ཁག་དེ་ག་དང་ཁོངས་གཏོགས་དེ་གའི་གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་སྔོན་འགོག་དང་ཐག་གཅོད་བྱ་རྒྱུ། 

(བཅུ)གོང་རིམ་སྤྱི་བདེ་ལས་ཁུངས་དང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་དོན་དག་གཞན་དག་བསྒྲུབ་རྒྱུ་བཅས་ཡིན། 

(བཅུ་གཅིག)བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་ལ་འགན་འཁུར་རྒྱུ་བཅས་ཡིན། 

2 ནང་ཁུལ་སྒྲིག་གཞི།
2_1 ཉེན་རྟོག་བཀའ་རྒྱ་པུའུ། 

110ཡི་ཉེན་བརྡའི་ཞབས་ཞུ་བདག་སྤྲོད་བྱས་པ་མ་ཟད། དུས་འགོའི་ཐག་གཅོད་ཀྱང་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་བཀོད་འདོམས་གཅིག་གྱུར་དང་མཐུན་སྦྱོར་བྱས་ནས་མགྱོགས་མྱུར་ངང་གཞོགས་འདེགས་ངང་དམག་འཐབ་བྱེད་དགོས་ལ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་ཀའི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ནས་དགྲ་བོའི་གནས་ཚུལ་དང་། སྤྱི་ཚོགས་ཀྱི་གནས་ཚུལ། སྤྱི་ཚོགས་བདེ་འཇགས་ཀྱི་གནས་ཚུལ་བཅས་ལ་ཕྱོགས་བསྡུས་དབྱེ་ཞིབ་དང་། རིགས་ཁག་གི་སྤྱི་བདེའི་ཆ་འཕྲིན་བསྡུ་རུབ་དབྱེ་ཞིབ་དང་ལྡོག་འདྲེན་བྱ་རྒྱུའི་འགན་འཁུར་དགོས། གལ་ཆེའི་ཡིག་ཆ་དང་ཚོགས་འདུའི་སྙན་ཞུ་འཆར་ཟིན་ཞིབ་བཤེར་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུ་སྒྲིག་འཛུགས་བྱེད་པ། ཛ་དྲག་ཆེ་བའི་ལས་དོན་མཐུན་སྦྱོར་དང་ཐག་གཅོད་བྱ་དགོས་ལ། ཡིག་དཔར་དང་གསང་གནད། ལོ་རྒྱུས་དེབ་ཐེར་རྩོམ་སྒྲིག ཡིག་ཚགས་དོ་དམ། ལས་ཁུངས་ཀྱི་སྤྱི་ཁྱབ་ལས་རེས་ལས་ཀ་དང་དེ་བཞིན་ཅུའུ་ཀྲང་གི་གཞུང་ལས་ཚོགས་འདུའི་གྲོས་ཆོད་ཁག་དོན་འཁྱོལ་ལ་སྐུལ་འདེད་དང་སྣེ་ལེན་གྱི་ལས་དོན་བཅས་ཀྱི་འགན་འཁུར་དགོས་ལ།  ཁྱོན་ཡོངས་ཀྱི་འབྲེལ་གཏུག་དྲ་བ་འཛུགས་རྒྱུའི་འཆར་འགོད་བཟོ་བ་དང་འབྲེལ་སྒྲིག་འཛུགས་ཀྱང་བྱས་ནས་སྤྱི་བདེའི་འཕྲིན་གཏོང་ཤར་བགྲོད་ཐུབ་པའི་འགན་ལེན་བྱ་རྒྱུ་དང་། སྤྱི་བདེའི་སྐུད་ཡོད་དང་སྐུད་མེད་འཕྲིན་གཏོང་གི་ལས་འགན་སྒྲུབ་པའི་སྒྲིག་ཆས་ལ་དོ་དམ་དང་སྲུང་སྐྱོང་བྱེད་པར་འགན་འཁུར་དགོས། 

2_2 ཆབ་སྲིད་ཁྲུའུ།

ཆབ་སྲིད་ཁྲུའུ་ནི་གྲོང་ཁྱེར་སྤྱི་བདེ་ཅུའུ་ཏང་ཨུ་དང་སྲིད་འཛིན་འགོ་ཁྲིད་ཀྱིས་ཁྱོན་ཡོངས་ཀྱི་ཆབ་སྲིད་ལས་དོན་དང་སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ལས་ཁུངས་ཤིག་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དཔུང་ཁག་དྲིལ་བསྒྲགས་དང་དཔུང་ཁག་གི་བསམ་བློ། རྩ་འཛུགས།རིག་གནས། སྒྲིག་ཁྲིམས་བཅས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་པར་འགན་འཁུར་བ་དང་། གྲོང་ཁྱེར་རྩ་འཛུགས་དང་མི་དོན་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་སྤྱི་བདེ་པུའུ་འགོ་ཁྲིད་ལས་བྱེད་པ་དོ་དམ་དང་དཔྱད་ཞིབ། བཀོད་སྒྲིག་བཅས་བྱེད་ཅིང་། ལས་ཁུངས་དང་ཁོངས་གཏོགས་ལས་ཁུངས་ཀྱི་ཆབ་སྲིད་བསམ་བློའི་སློབ་གསོ་དང་དྲིལ་བསྒྲགས། མི་དམངས་ཉེན་རྟོག་པ་གསོ་སྦྱོང་།གཟེངས་བསྟོད། ཏང་གི་ལས་དོན། མི་དོན། ཉེན་རྟོག་པའི་གོ་རིམ། ངལ་རྩོལ་པ་དང་མ་རྩ་ཅན་གྱི་གོ་དོན། ཕན་བདེའི་ལས་དོན་བཅས་ཀྱི་འགན་འཁུར་རྒྱུ་དང་། ཁྱོན་ཡོངས་ཀྱི་མང་ཚོགས་ཚོགས་པ་དང་འཆར་ལྡན་བུ་བཙའི་ལས་དོན་གྱི་འགན་འཁུར་རྒྱུ། ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པར་ཞབས་ཞུ་དང་དོ་དམ་སོགས་པའི་ལས་ཀའི་འགན་འཁུར་དགོས།

2_3 རྒྱབ་ཕྱོགས་ཁོའོ། 

གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཕུགས་ཀྱི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོ་རྒྱུའི་འགན་འཁུར་རྒྱུ་དང་། སྒྲིག་ཆས་དང་དངོས་ཟོག་བགོ་འགྲེམས་བྱ་རྒྱུའི་སྒྲིག་འཛུགས་བྱ་རྒྱུ། ཁྱོན་ཡོངས་ཀྱི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་དང་སྒྲིག་ཆས་འགན་སྲུང་ལས་ཀ་ལེགས་པར་བསྒྲུབ་དགོས་ལ། སྤྱི་བདེའི་ལས་སྒོའི་གྲོན་དངུལ་དང་ཆེད་དམིགས་གྲོན་དངུལ་གཞན་དག་སྙན་འབུལ་དང་བགོ་བཤའ། དོ་དམ་བཅས་བྱེད་པར་འགན་འཁུར་རྒྱུ། 

2_4 ཉེན་རྟོག་ལས་དོན་ལྟ་ཞིབ་རུ་ཆེན། 

《སྤྱི་བདེ་ལས་ཁུངས་ཀྱི་ལྟ་ཞིབ་སྲོལ་ཡིག》གཞིར་བཟུང་སྟེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་བྱེད་སྒོ་དང་མི་དམངས་ཉེན་རྟོག་པའི་ཉེན་རྟོག་པའི་ཉམས་འགྱུར་དང་སྤྱོད་ཚུལ་སོགས་ལ་ལྟ་སྐུལ་ལྟ་ཞིབ་བྱ་རྒྱུའི་འགན་འཁུར་དགོས། 

2_5 ཁྲིམས་ལུགས་ཁང། 

གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ཁྲིམས་ལུགས་འཛུགས་སྐྱོང་འཆར་འགོད་ལས་དོན་ལ་མཛུབ་ཁྲིད་བྱེད་པར་འགན་འཁུར་བ་དང་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ། གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་བཅའ་ཁྲིམས་ཀྱི་གནད་འགག་དམ་འཛིན་བྱེད་དགོས་པའི་གྱོད་གཞི་དང་ཞུ་ལན་འདེབས་དགོས་པའི་གྱོད་གཞི་ཐད་ཀར་སྒྲུབ་པ། གྲོང་ཁྱེར་ཡོངས་ཀྱི་ངལ་རྩོལ་སློབ་སྐྱོང་གི་གྱོད་དོན་ལ་ཞིབ་བཤེར་གཏན་འབེབས་བྱེད་པའི་བྱ་བའི་འགན་འཁུར་དགོས། 

2_6 ཁྲིམས་སྦྱོར་རྒྱུ་མཚན་ཞུ་འབུལ་ཁོའོ།

ཁྱོན་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་པར་འགན་འཁུར་བ་དང་། ཡིག་བསྐུར་ངོ་བཅར་དང་དེ་བཞིན་གོང་རིམ་གྱིས་བསྒྲུབ་རྒྱུར་སྤྲད་པའི་གྱོད་གཞི་ཐག་གཅོད་བྱ་རྒྱུའི་འགན་འཁུར་བ། དུས་བཀག་ལྟར་ཕྱོགས་བསྡུས་དབྱེ་ཞིབ་དང་ལས་སྒྲུབ་སྐུལ་འདེད། གཞོགས་འདེགས་བཅས་བྱེད་པའི་ཡིག་བསྐུར་ངོ་བཅར་གྱི་འགན་འཁྲིའི་གྱོད་གཞི་ཐག་གཅོད་བྱ་དགོས་ལ། ངོ་བཅར་དང་བློ་འདྲི། འདྲི་རྩད་བཅས་བྱེད་པའམ་ཡང་ན་ལས་སྒོ་སྒྲུབ་མཁན་སྡེ་ཚན་དང་མི་སྣར་ཐོག་མའི་འདྲི་རྩད་བྱེད་འགན་འཁུར་བ་དང་། ལས་རིམ་ཧྲིལ་པོར་མཐུན་སྦྱོར་དང་ཞབས་འདེགས་ཞུ་དགོས་ལ། ལས་དོན་མི་སྣར་ངོ་སྤྲོད་གསལ་པོ་དང་དོགས་གཞིར་ལན་འདེབས་པའམ་ཡང་ན་མཛུབ་ཁྲིད་སོགས་ཀྱི་ཞབས་ཞུ་བྱས་ནས་འབྲེལ་ཡོད་ལས་སྒྲུབ་གོ་རིམ་ཐེངས་གཅིག་ལ་ཤེས་སུ་འཇུག་པ། འབྲེལ་ཡོད་ཚན་ཁག་དང་མཐུན་སྦྱོར་གྱིས་འབྲེལ་ཡོད་གོ་རིམ་དང་བསྒྲུབ་རྒྱུ་ཁས་ལེན་བྱས་པའི་དུས་ཚོད་གཞིར་བཟུང་སྟེ་སྒྲུབ་གཉེར་བྱེད་པ་དང་འབྲེལ་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། དོ་བདག་གིས་བཏོན་པའི་གནད་དོན་དང་སྒྲུབ་དགོས་པའི་དོན་དག་ཐག་གཅོད་བྱས་འབྲས་སམ་ཡང་ན་བསམ་འཆར་དག་ཡིག་ཚགས་ཀྱི་ཁོངས་སུ་བཅུག་ནས་ཉར་ཚགས་བྱ་དགོས། 

2_7 རྒྱལ་མཚམས་འགྲོ་འོང་དོ་དམ་ཁོའོ།

ཀྲུང་གོའི་སྤྱི་དམངས་གཞུང་དོན(སྒེར)རྒྱལ་མཚམས་ནས་འགྲོ་འོང་བྱེད་པ་དང་ཕྱི་རྒྱལ་བ་དང་འབྲེལ་བ་ཡོད་པའི་ལས་དོན་ལ་དོ་དམ་བྱེད་པར་ཡོང་བ་དང་དེ་བཞིན་རྒྱལ་མཚམས་ནས་འགྲོ་འོང་བྱེད་པར་དོ་དམ་བྱེད་པའི་བཅའ་ཁྲིམས་དང་འགལ་བའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་ལས་ཀའི་འགན་འཁུར་དགོས། 

3 ཐད་གཏོགས་ལས་ཁུངས།
3_1 འགྲིམ་འགྲུལ་ཉེན་རྟོག་རུ་ཆེན།

གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་དང་བདེ་འཇགས་དྲིལ་བསྒྲགས་སློབ་གསོ་སྒྲིག་འཛུགས་ལག་བསྟར་བྱ་རྒྱུ་དང་། འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་སྐྱོང་དང་འགྲིམ་འགྲུལ་གྱི་དོན་རྐྱེན་ཐག་གཅོད་བྱ་རྒྱུ། ཁ་ལོ་བ་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་ལས་སྒོའི་དོ་དམ་ལས་ཀ་བྱེད་པར་འགན་འཁུར་རྒྱུ། གཞུང་ལམ་འཛུགས་སྐྲུན་དང་འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད་ཀྱི་འཆར་འགོད་ལས་ཀར་ཞུགས་རྒྱུ། རྐང་འཁོར་གྱི་རིགས་དང་འགྲིམ་འགྲུལ་གྱི་སྒྲིག་བཀོད་ལ་དོ་དམ་བྱ་རྒྱུ། རླངས་འཁོར་ཇག་པ་སོགས་ལ་རྡུང་རྡེག་གཏོང་དགོས་ལ། འགྲིམ་འགྲུལ་ཁྲིམས་སྲོལ་དྲིལ་བསྒྲགས་དང་གཞུང་ལམ་འགྲིམ་འགྲུལ་དོ་དམ་གྱི་ཁྲིམས་ལུགས་ལས་དོན་གྱི་འགན་འཁུར་བ་དང་། འགྲིམ་འགྲུལ་ཉེན་རྟོག་པའི་དཔུང་སྡེའི་དོ་དམ་དང་སློབ་གསོ་སྦྱོང་བརྡར་གྱི་ལས་ཀའི་འགན་འཁུར་རྒྱུ། ཁྲིམས་ལྟར་རླངས་འཁོར་འཇོག་ས་འཆར་འགོད་དང་ཇུས་འགོད་ཇུས་གཞི་བཟོ་བར་ཞུགས་ཏེ། སྤྱི་པའི་རླངས་འཁོར་འཇོག་ས་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་བསྒྲུབ་དགོས་ལ། སྤྱི་པའི་རླངས་འཁོར་འཇོག་ས་དང་དེ་བཞིན་གྲོང་ཁྱེར་གྱི་གཞུང་ལམ་ཁྱབ་ཁོངས་ནང་གི་རླངས་འཁོར་འཇོག་སའི་འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད་ཀྱི་གནས་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ། དོ་དམ་བཅས་བྱེད་པར་འགན་འཁུར་རྒྱུ་དང་། སྤྱི་པའི་རླངས་འཁོར་འཇོག་ས་ནས་ལག་ཁྱེར་སྤྲོད་པ། འཛིན་ཤོག གྲོན་དངུལ་བསྡུ་ལེན་བཅས་བྱེད་པར་ལྟ་སྐུལ་བྱ་དགོས།

3_2 ཉེས་དོན་ཉེན་རྟོག་རུ་ཆེན། 

གྲོང་ཁྱེར་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཉེས་དོན་གྱོད་གཞི་ཚབས་ཆེན་རྩད་ཞིབ་བྱ་རྒྱུའི་འགན་འཁུར་དགོས་ལ། ཞིང་ཆེན་གཞན་དང་གྲོང་ཁྱེར། རྫོང་བཅས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་གཞི་ཞིབ་བཤེར་དང་མྱུལ་ཞིབ་ལས་དོན་ལ་གཞོགས་འདེགས་བྱེད་པར་འགན་འཁུར་རྒྱུ་དང་། ས་ཁོངས་ལས་བརྒལ་བའི་གྱོད་གཞི་དང་མུ་འབྲེལ་གྱོད་གཞི་མྱུལ་ཞིབ་དང་མཐུན་སྦྱོར་བྱེད་པར་སྒྲིག་འཛུགས་བྱས་ཏེ། ཉེས་དོན་ཉེས་གསོག་གི་གསང་འཕྲིན་དང་ཆ་འཕྲིན། ལག་རྩལ། ལས་སྒོའི་གསོ་སྦྱོང་བཅས་བྱེད་ཅིང་། ཉེས་བསགས་དཔང་རྟགས་ལེན་པ་དང་འཚོལ་བསྡུ། བརྟག་བཤེར། བསྐྱར་ཞིབ་བཅས་བྱེད་པ། ཉེས་དོན་མྱུལ་ཞིབ་ཐད་བརྟག་དཔྱད་ཞིབ་འཇུག་བྱས་ནས་དུས་ཐོག་ཏུ་ཉེས་གསོག་གི་གནས་ཚུལ་ཁོང་དུ་ཆུད་པ། གྲོང་ཁྱེར་ཡོངས་ཀྱི་ལག་རྩལ་མྱུལ་ཞིབ་བྱ་བར་མཐུན་སྦྱོར་བྱེད་པའི་འགན་ཁུར་དགོས་ལ། དུག་རྫས་གཏན་འགོག་གི་ལས་ཀའི་འགན་འཁུར་ནས་དུག་རྫས་བཟོ་བ་དང་དུག་རྫས་འཚོང་བ་སོགས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་དགོས།

3_3 དམིགས་བསལ་སྐོར་གཡེང་ཉེན་རྟོག་རུ་ཆེན། 

ཉེན་རྟོག་པའི་ལས་འགན་འཁུར་རྒྱུ་དང་གྲོང་ཁྱེར་གྱི་སྤྱི་ཚོགས་བདེ་སྐྱོང་གི་སྒྲིག་ལམ་སྲུང་སྐྱོང་བྱེད་པར་འགན་འཁུར་དགོས་ལ། སྤྱི་དམངས་ཀྱི་ལུས་ཁམས་ཁེ་དབང་དང་གཞུང་སྒེར་གྱི་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་སྲུང་བྱ་རྒྱུ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྔོན་འགོག་དང་བཀག་འགོག་བྱ་རྒྱུ། ཁྲིམས་འགལ་གྱི་འདུ་ཚོགས་དང་ཁྲོམ་སྐོར་བཅས་ཀྱི་བྱེད་སྒོ་ཐག་གཅོད་བྱེད་པར་ཞུགས་པ། སྤྱི་དམངས་ཀྱིས་ཉེན་བརྡ་སྐྱེལ་རིགས་བདག་སྤྲོད་དང་ཐག་གཅོད་བྱ་རྒྱུ། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ཁྲིམས་ལྟར་ལས་འགན་སྒྲུབ་པར་འགོག་རྐྱེན་བཟོ་རིགས་བཀག་འགོག་བྱ་རྒྱུ།

3_4 དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་རུ་ཆེན། 

གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ཉེས་གསོག་གི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ནས་དཔལ་འབྱོར་ཉེས་གསོག་གི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ་སྔོན་འགོག་དང་རྡུང་རྡེག་གཏོང་བའི་ཐབས་ཇུས་བཟོ་བ། དཔལ་འབྱོར་ཐད་ཀྱི་ཉེས་གསོག་གྱོད་དོན་ལ་མྱུལ་ཞིབ་བྱེད་པའི་ལས་ཀ་སྒྲིག་འཛུགས་བྱས་ནས་བསྒྲུབ་དགོས། 

3_5 བདེ་སྲུང་ཉེན་རྟོག་རུ་ཆེན། 

གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཀྱི་གནས་ཚུལ་སྟངས་འཛིན་དང་ཞིབ་འཇུག་དང་སྤྱི་ཚོགས་བདེ་འཇགས་དོ་དམ་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུའི་འགན་འཁུར་བ། བདེ་འཇགས་ཀྱི་དོན་རྐྱེན་གལ་ཆེན་དང་ལས་འཛོལ་ཚབས་ཆེན་མཐུན་སྦྱོར་དང་ཐག་གཅོད་བྱེད་པར་ཐད་ཀར་ཞུགས་པ། བདེ་འཇགས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་དང་ཉེས་དོན་གྱོད་གཞི་རྩད་གཅོད་བྱ་རྒྱུར་མཛུབ་ཁྲིད་བྱེད་དགོས་ལ། རྔམ་སྟོན་ཁྲོམ་སྐོར་དང་མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་སྤེལ་བར་ཞིབ་མཆན་འགོད་པ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ལས་དོན་སྒྲུབ་པར་འགན་འཁུར་རྒྱུ། སྤྱི་པའི་འདུ་གནས་དང་དམིགས་བསལ་ལས་རིགས། ཉེན་ཆེའི་དངོས་ཟོག གཞི་རིམ་གྱི་བཅོས་སྐྱོང་རྩ་འཛུགས་བཅས་འཛུགས་སྐྲུན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཐེམ་ཐོ་དང་ཐོབ་ཐང་ལག་ཁྱེར་གྱི་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱ་རྒྱུ། ལས་ཁུངས་དང་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱི་ནང་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་ལས་ཀ་དང་ཉེན་སྲུང་ལས་ཀ་སྒྲིག་འཛུགས་དང་མཐུན་སྦྱོར་བྱ་དགོས། 

3_6 རྒྱལ་ནང་བདེ་སྲུང་རུ་ཆེན། 

གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ནས་ཐབས་ཇུས་ཞིབ་འཇུག་དང་འཆར་འགོད་བཟོ་བ། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་གཏོང་བའི་གྱོད་གཞི་དང་དོན་རྐྱེན་སྣ་ཚོགས་ལ་མྱུལ་ཞིབ་དང་། ཚོད་འཛིན། སྔོན་འགོག ཐག་གཅོད་བཅས་ཀྱི་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར། ཁྲིམས་འགལ་གྱི་རྩ་འཛུགས་དང་དུས་དེབ། ལོག་ཆོས་རྩ་འཛུགས། ལོག་སྤྱོད་རྨོངས་དད་ཚོགས་པ་བཅས་མི་རིགས་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མངའ་ཁོངས་ཕྱི་རོལ་དུ་སིམ་འཛུལ་བྱེད་པར་བཀག་འགོག་དང་མི་མངོན་པའི་འཐབ་རྩོད་སྤེལ་དགོས། 

3_7 སྤྱི་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་རུ་ཆེན། 

རྩིས་འཁོར་གྱི་ཆ་འཕྲིན་མ་ལག་གི་བདེ་འཇགས་སྲུང་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་དེ་བཞིན་རྩིས་འཁོར་གྱི་ཆ་འཕྲིན་མ་ལག་གི་བདེ་འཇགས་སྲུང་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། བེད་སྤྱོད་བྱེད་མཁན་སྡེ་ཚན་གྱི་རྩིས་འཁོར་གྱི་ཆ་འཕྲིན་མ་ལག་གི་བདེ་འཇགས་སྲུང་སྐྱོང་ལས་ཀར་ལྟ་སྐུལ་དང་ཞིབ་བཤེར། ཁྲིད་སྟོན་བཅས་བྱ་རྒྱུ་དང་། རྩིས་འཁོར་གྱི་ཆ་འཕྲིན་མ་ལག་གི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་ཞིབ་རྩད་ཐག་གཅོད་བྱ་དགོས། 

3_8 ལྟ་སྲུང་ཁང་། 

བཙོན་བཅུག་བྱས་པའི་ཉེས་དོན་གྱི་ཉེས་བསགས་དོགས་གནད་ཆེ་བའི་སྐྱེ་བོ་དང་ཉེས་འགན་འཁུར་ཡུན་ཚད་ཐུང་ངུའི་ནང་ཉེས་ཅན་ལ་བཙོན་སྲུང་དང་བསྒྱུར་བཀོད་བྱེད་པར་འགན་འཁུར་དགོས། 

3_9 བཀག་སྐྱིལ་ཁང་། 

ཁྲུན་ཐག་བཅད་པའི་བདེ་སྐྱོང་བཀག་སྐྱིལ་དང་ཁྲིམས་འཛིན་བཀག་སྐྱིལ་བྱེད་མཁན་ལ་དོ་དམ་བྱེད་པར་འགན་འཁུར་དགོས། 

3_10 མེ་གསོད་རུ་ཆེན།

གྲོང་ཁྱེར་ཡོངས་ཀྱི་མེ་གསོད་མེ་འགོག་ལ་ལྟ་སྐུལ་དང་མེ་སྐྱོན་སྔོན་འགོག མེ་གསོད་རོགས་སྐྱོབ་བཅས་ཀྱི་ལས་ཀར་ཁྲིད་སྟོན་བྱ་རྒྱུ་དང་། མེ་གསོད་མེ་འགོག་གི་ལག་རྩལ་གྱི་ཚད་གཞི་དང་ཚད་གཞི་གཏན་འབེབས་བྱ་རྒྱུ་སྒྲིག་འཛུགས་བྱ་རྒྱུ་མ་ཟད། ལག་ལེན་བསྟར་བར་ལྟ་སྐུལ། གྲོང་ཁྱེར་ཡོངས་ཀྱི་མེ་གསོད་མེ་འགོག་གི་བདེ་སྲུང་དྲིལ་བསྒྲགས་དང་སྤྱི་ཚོགས་ཀྱི་མེ་གསོད་མེ་འགོག་གི་སྟོབས་ཤུགས་སྐུལ་སློང་དང་གསོ་སྦྱོང་བྱེད་པའི་ལས་ཀ་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་དགོས། 

དཔྱད་གཞིའི་ཡིག་ཆ།