ཡོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:27ལ་འགྲུབ།

ཡོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ།

ཡོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ།
《ཀུའུ་ཡོན་གྲོང་ཨུའི་གཞུང་ལས་ཁང་དང་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས〈ཡོན་ཀྲོའུ་ཆུས་མི་དམངས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་སྒྲིག་གཞི་བསྒྱུར་བཅོས་ཀྱི་ཇུས་གཞི〉སྐོར་གྱི་བརྡ་ཐོ》(ཀུའུ་ཏང་གཞུང་ལས་ཁང(2014)ཨང45པ)དང་ཡོན་ཀྲོའུ་ཆུས་ཏང་ཨུ་དང་ཆུས་མི་དམངས་སྲིད་གཞུང་གིས《〈ཡོན་ཀྲོའུ་ཆུས་མི་དམངས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་སྒྲིག་གཞི་བསྒྱུར་བཅོས་ཀྱི་ཇུས་གཞི〉སྐོར་གྱི་ལག་བསྟར་བསམ་འཆར》དག་གཞིར་བཟུང་ནས་ཡོན་ཀྲོའུ་ཆུས་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཚན་གྱི་ཆེད་དུ་ཡོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་བཙུགས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
原州区司法局
རྒྱབ་ཁབ།
ཀྲུང་གོ
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
1 ལས་འགན་ལེགས་སྒྲིག
1_1 གཅིག མེད་པར་བཟོས་པའི་ལས་འགན།

རྒྱལ་ཁབ་དང་རང་སྐྱོང་ལྗོངས། ཀུའུ་ཡོན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་ནས་མེད་པ་བཟོས་པའི་སྲིད་འཛིན་ཞིབ་མཆན་དོན་ཚན་མེད་པར་བཟོ་བ།

1_2 གཉིས། ཤུགས་སྣོན་རྒྱབ་པའི་ལས་འགན།

སྡེ་ཁུལ་ཡོ་བསྲང་བྱེད་མཁན་ལ་ལྟ་སྐུལ་དོ་དམ་དང་སློབ་གསོ་ཡོ་བསྲང་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱབ།

2 ལས་འགན་གཙོ་བོ།

གཅིག འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལག་ལེན་མཐར་ཕྱིན་བྱས་ནས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དང་། ཡོན་ཀྲོའུ་ཆུས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་འཆར་འགོད་བཟོ་བ་དང་འབྲེལ་ལག་ཏུ་བསྟར་རྒྱུའི་སྒྲིག་འཛུགས་ཀྱང་བྱེད་དགོས།

གཉིས། ཡོན་ཀྲོའུ་ཆུས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་འཆར་འགོད་བཟོ་རྒྱུ་མ་ཟད་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ་དང་། ཡོན་ཀྲོའུ་ཆུས་ཀྱི་ཞང་དང་གྲོང་རྡལ་ཁག ཁྲོམ་གཞུང་དོན་གཅོད་ཁང་། སྡེ་ཚན་ཁག་བཅས་དང་ལས་རིགས་ཁག་གི་ཁྲིམས་ལུགས་དྲིལ་བསྒྲགས་དང་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

གསུམ། ཡོན་ཀྲོའུ་ཆུས་ཀྱི་སྡེ་ཁུལ་ཡོ་བསྲང་དང“ཁྲིམས་ཆད་འཁུར་ཡུན་ལོངས་ནས་གློད་འགྲོལ་བཏང་བའི”མི་སྣ་བཀོད་སྒྲིག་དང་རོགས་རམ་བྱེད་རྒྱུའི་ལས་ཀ་སྒྲུབ་པའི་འགན་འཁུར་དགོས།

བཞི། ཆུས་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་གྱི་འགན་འཁུར་དགོས།

ལྔ། ཆུས་ཡོངས་ཀྱི་མི་དམངས་འདུམ་འགྲིག་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་སྣེ་ཁྲིད་དེ་ཆུས་ནང་ཁུལ་གྱི་དཀའ་གནད་ཆེ་བའི་རྩོད་རྙོག་འདུམ་འགྲིག་དང“ལེགས་སྒྲིག་གསུམ་མཉམ་འགུལ”གྱི་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་དགོས།

དྲུག ཡོན་ཀྲོའུ་ཆུས་ཀྱི་ཁྲིམས་རྩོད་པ་དང་གཞུང་དཔང་ལས་ཀར་ལྟ་སྐུལ་དང་དོ་དམ་བྱེད་དགོས།

བདུན། གཞི་རིམ་ཁྲིམས་འཛིན་སུའོ་དང་བཅའ་ཁྲིམས་ཞབས་ཞུ་སུའོ་ཡི་དོ་དམ་དང་ཁྲིམས་འཛིན་སྲིད་འཛིན་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུའི་འགན་འཁུར་ནས་ཆུས་ཡོངས་ཀྱི་སྤྱི་ཚོགས་དོ་དམ་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་ཁྲོད་ནང་ཞུགས་བྱེད་དགོས།

བརྒྱད། ཆུས་ཨུ་དང་སྲིད་གཞུང་གིས་སྤྲད་པའི་ལས་ཀ་གཞན་དག་བསྒྲུབ་དགོས།

3 ལས་གནས་བཀོད་སྒྲིག

གཅིག གཞུང་ལས་ཁང་གི་ལས་གནས།

གཉིས། ཁྲིམས་ལུགས་དྲིལ་བསྒྲགས་དང་སློབ་གསོའི་ལས་གནས་སྐོར།

གསུམ། གཞི་རིམ་གྱི་ལས་ཀའི་དོ་དམ་ལས་གནས།

བཞི། སྡེ་ཁུལ་ཡོ་བསྲང་བྱེད་པའི་ལས་གནས།

ལྔ། བཅའ་ཁྲིམས་རོགས་སྐྱོར་དོ་དམ་གྱི་ལས་གནས།

4 དོན་ཚན་གཞན་དག

ཞང་གྲོང་དང་ཁྲོམ་གཞུང་དོན་གཅོད་ཁང་ཁག་ཏུ་གཞི་རིམ་ཁྲིམས་འཛིན་སུའོ་བཙུགས་ནས་ཡོན་ཀྲོའུ་ཆུས་ཁྲིམས་འཛིན་ཅུའུ་ཡི་མངགས་གཏོང་སྒྲིག་གཞིས་ཆུས་ཡོངས་ཀྱི་ཞང་གྲོང་དང་ཁྲོམ་གཞུང་དོན་གཅོད་ཁང་ཁག་དང་། ཁྲིམས་ལུགས་དྲིལ་བསྒྲགས་དང་།ཁྲིམས་ལྟར་བཅོས་སྐྱོང་།མི་དམངས་འདུམ་སྒྲིག སྡེ་ཁུལ་ཡོ་བསྲང་།“ཁྲིམས་ཆད་འཁུར་ཡུན་གཙང་བཅད”ཀྱི་མི་སྣ་བཀོད་སྒྲིག་དང་རོགས་རམ་སློབ་གསོ། བཅའ་ཁྲིམས་རོགས་སྐྱོར་དང་དེ་བཞིན་བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་ལས་དོན་ལ་འགན་འཁུར་དགོས།


དཔྱད་གཞིའི་ཡིག་ཆ།