ཆིང་ཐུང་ཞ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:18ལ་འགྲུབ།

ཆིང་ཐུང་ཞ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།

ཆིང་ཐུང་ཞ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
《རང་སྐྱོང་ལྗོངས་ཏང་ཨུ་གཞུང་ལས་ཐིང་དང་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས〈ཆིང་ཐུང་ཞ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་སྒྲིག་གཞི་བསྒྱུར་བཅོས་ཀྱི་ཇུས་གཞི〉དཔར་འགྲེམ་བྱེད་པའི་སྐོར་གྱི་བརྡ་ཐོ》(ཉིན་ཏང་གི་གཞུང་ལས་ཁང(2014)ཨང58པ)ལྟར་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་སྒྲུབ་སྡེ་ཁག་གི་ཆེད་དུ་ཆིང་ཐུང་ཞ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青铜峡市司法局
རྒྱབ་ཁབ།
ཀྲུང་གོ
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
1 ལས་འགན་གཙོ་བོ།

གཅིག འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་བྱ་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་ལས་ཀའི་འཆར་གཞི་འགོད་རྒྱུ་དང་འབྲེལ་ལག་ཏུ་བསྟར་རྒྱུའི་སྒྲིག་འཛུགས་བྱེད་དགོས།

གཉིས། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་འཆར་འགོད་བཟོ་རྒྱུ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱེད་དགོས་ཤིང་། ཚན་པ་ཁག་དང་ལས་རིགས་ཁག་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།

གསུམ། མི་དམངས་འདུམ་འགྲིག་དང་བཀོད་སྒྲིག་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ནས་རོགས་རམ་སློབ་གསོ་གཏོང་དགོས།

བཞི། ཁྲིམས་རོགས་པ་དང་གཞུང་དཔང་ལས་ཁུངས། བྱེད་སྒོ་བཅས་ལ་ལྟ་སྐུལ་དང་དོ་དམ་བྱེད་དགོས།

ལྔ། བཅའ་ཁྲིམས་རོགས་སྐྱོར་དང་སྡེ་ཁུལ་ཡོ་བསྲང་། ཁྲིམས་འཛིན་ཁང་འཛུགས་སྐྲུན། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་ཀ་བཅས་ཀྱི་འགན་འཁུར་དགོས།

དྲུག ཁྲིམས་འཛིན་སྲིད་འཛིན་མ་ལག་གི་དཔུང་སྡེ་འཛུགས་སྐྱོང་བྱེད་པའི་འགན་འཁུར་རྒྱུ་དང་། སྤྱི་ཚོགས་དོ་དམ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཀར་ཞུགས་དགོས།

བདུན། གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་བྱ་བ་གཞན་དག་བསྒྲུབ་དགོས་པ་བཅས་སོ།།

2 ལས་གནས་བཀོད་སྒྲིག

གོང་གསལ་གྱི་འགན་འཁྲི་གཞིར་བཟུང་ཆིང་ཐུང་ཞ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡིས་ལས་གནས6བཀོད་སྒྲིག་བྱས་པ་སྟེ།

གཅིག ལས་ཁུངས་ཀྱི་སྲིད་འཛིན་ལས་དོན་དོ་དམ།

ལས་གནས་འདིས་མཐུན་སྦྱོར་དང་སྐུལ་སྒྲུབ་ལས་ཁུངས་ཀྱི་རྒྱུན་ལྡན་ལས་ཀའི་འགན་འཁུར་བ་དང་། ལས་ཁུངས་ཀྱི་གློག་འཕྲིན་དང་ཚོགས་དོན། ཡིག་ཚགས། མི་དོན། བསྡོམས་རྩིས། སྣེ་ལེན། ནོར་དོན་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་བ། ཕྱོགས་བསྡུས་བཅོས་སྐྱོང་དང་རྒྱབ་ཕྱོགས་ཞབས་ཞུ་སོགས་ཀྱི་ལས་ཀའི་འགན་འཁུར་དགོས།

གཉིས། ཆབ་སྲིད་ལས་དོན།

ལས་གནས་འདིས་ལས་ཁུངས་ཀྱི་ཆ་འཕྲིན་དང་ཡིག་སྐུར་ངོ་གཏུག སྲིད་དོན་ཡོངས་བསྒྲགས་སོགས་ཀྱི་ལས་ཀ་བྱེད་འགན་འཁུར་རྒྱུ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། བསམ་པའི་དཔལ་ཡོན་འཛུགས་སྤེལ་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་བ། ཁྲིམས་འཛིན་སྲིད་འཛིན་མ་ལག་གི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དང་དཔུང་ཁག་འཛུགས་སྐྱོང་གི་ལས་ཀའི་འགན་འཁུར་དགོས།

གསུམ། ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་སློབ་གསོ།

ལས་གནས་འདིས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་འཆར་འགོད་བཟོ་བ་དང་འབྲེལ་ལག་ཏུ་བསྟར་རྒྱུའི་སྒྲིག་འཛུགས་ཀྱང་བྱེད་དགོས་ཤིང་། ཁྲིམས་འཛིན་སྲིད་འཛིན་མ་ལག་དྲིལ་བསྒྲགས་བྱེད་པའི་འགན་འཁུར་རྒྱུ་དང་། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་ལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་རྒྱུ། གྲོང་ཁྱེར་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གི་རྒྱུན་ལྡན་ལས་ཀ་སྒྲུབ་པའི་འགན་འཁུར་དགོས།

བཞི། གཞི་རིམ་གྱི་ལས་ཀར་མཛུབ་སྟོན།

ལས་གནས་འདིས་གཞི་རིམ་ཁྲིམས་འཛིན་སུའོ་དང་ཁྲིམས་འཛིན་ལས་རོགས་པའི་ལས་ཀའི་འགན་འཁུར་རྒྱུ་དང་། མི་དམངས་འདུམ་འགྲིག་ལས་ཀར་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས།

ལྔ། བཅའ་ཁྲིམས་ཞབས་ཞུའི་ལས་དོན་མཛུབ་སྟོན།

ལས་གནས་འདིས་ཁྲིམས་རོགས་པ་དང་གཞུང་དཔང་། བཅའ་ཁྲིམས་ཀྱི་ཞབས་ཞུ། ཁྲིམས་འཛིན་གསལ་འབྱེད་ལས་ཁུངས། བཅའ་ཁྲིམས་ཀྱི་ཞབས་ཞུའི་ལས་སྒོ་བཅས་ལ་ལྟ་སྐུལ་དང་དོ་དམ་བྱེད་དགོས།

3 དོན་ཚན་གཞན་དག

གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡིས་གྲོང་རྡལ་དུ་ཁྲིམས་འཛིན་སུའོ་བཙུགས།

འགན་འཁྲི་གཙོ་བོ་ནི། ཁོངས་གཏོགས་ཆུས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དང་། བཅའ་ཁྲིམས་ཀྱི་རོགས་སྐྱོར། བཅའ་ཁྲིམས་ཀྱི་ཞབས་ཞུ། སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་བཅས་ཀྱི་འགན་འཁུར་རྒྱུ་དང་། ཁོངས་གཏོགས་ས་ཁུལ་གྱི་མི་དམངས་འདུམ་འགྲིག་དང་བཀོད་སྒྲིག རོགས་རམ་སློབ་གསོ་གཏོང་བའི་ལས་ཀར་མཛུབ་སྟོན་བྱེད་དགོས་ལ། དཀའ་གནད་ཤིན་ཏུ་ཆེ་བའི་དམངས་ཁྲོད་རྩོད་གཞི་འདུམ་འགྲིག་བྱེད་པར་ཞུགས་པ་དང་། སྤྱི་ཚོགས་དོ་དམ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་ནང་ཞུགས་པ། གོང་རིམ་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་དོན་དག་གཞན་དག་ལེགས་པོར་སྒྲུབ་པའི་འགན་འཁུར་དགོས།


དཔྱད་གཞིའི་ཡིག་ཆ།