ཞི་ཅི་རྫོང་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:22ལ་འགྲུབ།

ཞི་ཅི་རྫོང་ཁྲིམས་འཛིན་ཅུའུ།

ཞི་ཅི་རྫོང་ཁྲིམས་འཛིན་ཅུའུ།
ཞི་ཅི་རྫོང་ཁྲིམས་འཛིན་ཅུའུ་ནི་རང་སྐྱོང་ཆུས་ཏང་ཨུ་དོན་གཅོད་ཐིང་དང་མི་དམངས་སྲིད་གཞུང་དོན་གཅོད་ཐིང་གིས《〈ཉིང་ཞ་ཧུའེ་རིགས་རང་སྐྱོང་ཆུས་ཀྱི་གྲོང་ཁྱེར་དང་རྫོང་གི་སྒྲིག་གཞི་བསྒྱུར་བཅོས་བྱེད་རྒྱུའི་སྤྱིའི་བསམ་འཆར〉པར་འགྲེམས་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》(ཉིང་ཏང་གི་དོན་གཅོད་ཁང(2018)ཨང101པ)དང་། རང་སྐྱོང་ཆུས་ཏང་ཨུ་དོན་གཅོད་ཐིང་དང་མི་དམངས་སྲིད་གཞུང་དོན་གཅོད་ཐིང་གིས《〈ཞི་ཅི་རྫོང་གི་སྒྲིག་གཞི་བསྒྱུར་བཅོས་བྱེད་རྒྱུའི་ཇུས་གཞི〉པར་འགྲེམས་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》(ཉིང་ཏང་གི་དོན་གཅོད་ཁང(2019)ཨང29པ)གཞིར་བཟུང་། ཞི་ཅི་རྫོང་ཁྲིམས་འཛིན་ཅུའུ་ནི་རྫོང་མི་དམངས་སྲིད་གཞུང་ལས་གྲུབ་པའི་སྡེ་ཁག་ཅིག་ཡིན། ཞི་ཅི་རྫོང་ཁྲིམས་འཛིན་ཅུའུ་ཡིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་དང་། ཐབས་ཇུས་བཀོད་སྒྲིག ཆུས་དང་གྲོང་ཁྱེར། རྫོང་བཅས་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་འགན་འཁུར་ནས་འགན་འཁྲི་སྒྲུབ་པའི་རིང་ཏང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྫོང་སྐྱོང་བའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་སྒོས་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དང་ཤུགས་སྣོན་རྒྱག་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西吉县司法局
ཕྱི་ཡིག་གི་མིང་།
Xiji County Judicial Bureau
རྒྱབ་ཁབ།
ཀྲུང་གོ
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
1 ལས་འགན་གཙོ་བོ།

གཅིག འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལག་བསྟར་མཐར་ཕྱིན་དང་འབྲེལ་ཡོད་ཕྱོགས་ཀྱིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྫོང་སྐྱོང་བའི་དུས་ཡུན་རིང་བོ་དང་འབྲིང་གི་འཆར་འགོད་གྲོས་འགོ་འདོན་པར་མཐུན་སྦྱོར་བྱས་ཏེ། འབྲེལ་ཡོད་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལ་ལྟ་ཞིབ་བྱེད་པའི་འགན་འཁུར་དགོས།

གཉིས། རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་། ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་དུས་ཡུན་རིང་བོ་དང་འབྲིང་གི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོ་འགོད་དང་ལག་བསྟར་སྒྲིག་འཛུགས་བྱེད་དགོས།

གསུམ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་ལས་དོན་སྒྲུབ་པའི་འགན་འཁུར་དགོས།

བཞི། ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་དང་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ་སྤེལ་བའི་འཆར་འགོད་གཏན་འབེབས་དང་ལག་བསྟར་སྒྲིག་འཛུགས་བྱས་ཏེ། སྡེ་ཁག་སོ་སོ་དང་ཞང་དང་གྲོང་རྡལ་ཁག་གིས་ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་ཧུར་ཐག་གིས་སྤེལ་བར་མཛུབ་སྟོན་བྱེད་དགོས།

ལྔ། མི་དམངས་འདུམ་འགྲིག་དང་གཞི་རིམ་ཁྲིམས་འཛིན་སུའོ་ཡི་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱས་ནས་མི་དམངས་འདུམ་འགྲིག་དང་ཁྲིམས་འཛིན་སུའོ་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་དགོས།

དྲུག འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་མི་དམངས་འདྲི་གཅོད་ལས་རོགས་པ་དང་མི་དམངས་ལྟ་སྐུལ་པའི་འདེམས་བསྐོའི་དོ་དམ་ལས་ཀར་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས།

བདུན། སྡེ་ཁུལ་གྱི་ཡོ་བསྲང་ལས་ཀ་དང་ཁྲིམས་ཆད་འཁུར་ཡུན་ལོངས་ནས་གློད་འགྲོལ་བྱུང་བའི་སྐྱེ་བོར་རོགས་རམ་དང་བཀོད་སྒྲིག་བྱ་རྒྱུའི་ལས་ཀར་ཁྲིད་སྟོན་བྱེད་དགོས།

བརྒྱད། ཁྲིམས་འཛིན་སྲིད་འཛིན་མ་ལག་གི་སྒྲིག་ཆས་དང་ཉེན་རྟོག་པའི་རླངས་འཁོར་ལ་དོ་དམ་བྱེད་པའི་འགན་འཁུར་དགོས།

དགུ། ཁྲིམས་འཛིན་སྲིད་འཛིན་མ་ལག་གི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀར་ཁྲིད་སྟོན་བྱ་རྒྱུ་དང་། ཁྲིམས་འཛིན་སྲིད་འཛིན་ལས་བྱེད་མི་སྣར་གསོ་སྦྱོང་བྱེད་པའི་འགན་འཁུར་དགོས།

བཅུ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་ནང་ཞུགས་དགོས།

བཅུ་གཅིག རྫོང་ཨུ་དང་སྲིད་གཞུང་གིས་སྤྲད་པའི་ལས་འགན་གཞན་དག་བསྒྲུབ་དགོས། 

2 ནང་བཙུགས་ལས་ཁུངས།

གཅིག གཞུང་ལས་ཁང་།

གཉིས། ཁྲིམས་ལུགས་ལས་སྒྲུབ་ཁང་།

གསུམ། མི་དམངས་ནང་ཞུགས་དང་སྐུལ་འདེད་ཁྲིམས་སྐྱོང་ཁང་།

བཞི། ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཁང་།

ལྔ། སྡེ་ཁུལ་ཡོ་བསྲང་དོ་དམ་དང་རོགས་རམ་སློབ་གསོ་བཀོད་སྒྲིག་ཁང་།

དྲུག སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་དམ་ཁང་།

3 མངག་གཏོང་ལས་ཁུངས།

ས་ཁོངས་དོ་དམ་དང་ཁྲིམས་འཛིན་སྲིད་འཛིན་ལས་སྒོའི་ཁྱད་ཆོས་ལ་གཞིགས་ནས། མངགས་གཏོང་ཁྲིམས་འཛིན་སུའོ19བཙུགས་པ་སྟེ།  ཅི་ཆང་ཁྲིམས་འཛིན་ཁང་། ཞིན་ཞིང་ཁྲིམས་འཛིན་ཁང་། ཕིན་ཞིན་ཁྲིམས་འཛིན་ཁང་། ཕིན་ཞིན་ཧྥེང་ཁྲིམས་འཛིན་ཁང་། ཅང་ཐའེ་པའོ་ཁྲིམས་འཛིན་ཁང་། ཞིན་ཡིང་ཁྲིམས་འཛིན་ཁང་། ཞའོ་ཧྲེ་ཧོ་ཁྲིམས་འཛིན་ཁང་། མ་ལན་ཁྲིམས་འཛིན་ཁང་། ཝང་མིན་ཁྲིམས་འཛིན་ཁང་། ཧྲ་ཀོའུ་ཁྲིམས་འཛིན་ཁང་སོགས་ཡོད།

ཁྲིམས་འཛིན་སུའོ་ཡིས་རྫོང་ཁྲིམས་འཛིན་ཅུའུ་དང་ཞང་གྲོང་གི་འགོ་ཁྲིད་ཉིས་བརྩེགས་ལག་ཏུ་བསྟར་ནས་ཁྲིམས་འཛིན་ཅུའུ་ཡིས་དོ་དམ་བྱ་རྒྱུ་གཙོ་བོར་བྱེད་པའི་དོ་དམ་སྒྲིག་སྲོལ་ལག་ཏུ་བསྟར་གྱིན་ཡོད། ཁྲིམས་འཛིན་སུའོ་ཡི་འགན་འཁྲི་གཙོ་བོ་ནི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་སྒྲིག་འཛུགས་བྱ་རྒྱུ་དེ་ཡིན་ལ། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་ཀར་ཁྲིད་སྟོན་དང་དོ་དམ་བྱེད་དགོས་ཤིང་། ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་དམངས་ཁྲོད་ཀྱི་རྩོད་གཞི་ཐག་གཅོད་དང་། སྡེ་ཁུལ་ཡོ་བསྲང་དང་ཁྲིམས་ཆད་འཁུར་ཡུན་ལོངས་ནས་གློད་འགྲོལ་བྱུང་བའི་མི་སྣ་ལ་རོགས་རམ་སློབ་གསོ་དང་བཀོད་སྒྲིག་བྱེད་པའི་ལས་ཀ་སྒྲིག་འཛུགས་བྱ་རྒྱུ། སྤྱི་ཚོགས་ཀྱི་བདེ་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་ཀར་ཞུགས་དགོས་པ་དང་། གོང་རིམ་གྱིས་བསྒྲུབ་རྒྱུར་སྤྲད་པའི་ལས་ཀ་གཞན་དག་བསྒྲུབ་རྒྱུ་བཅས་ལ་འགན་འཁུར་དགོས།


དཔྱད་གཞིའི་ཡིག་ཆ།