གཅིག ཁྱོན་ཡོངས་ནས་ཁྲིམས་ལྟར་རྫོང་སྐྱོང་བའི་གནད་དོན་གལ་ཆེན་གྱི་སྲིད་ཇུས་ཞིབ་འཇུག་བྱེད་པའི་འགན་འཁུར་བ་དང་། འབྲེལ་ཡོད་མཐུན་སྦྱོར་བྱས་ཏེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྫོང་སྐྱོང་བའི་དུས་ཡུན་རིང་བོ་དང་འབྲིང་གི་འཆར་འགོད་གྲོས་འགོ་འདོན་དགོས། སྒྲིག་སྲོལ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ལག་ཏུ་བསྟར་བ། ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་དུས་ཡུན་རིང་བོ་དང་འབྲིང་གི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོ་འགོད་དང་ལག་བསྟར་སྒྲིག་འཛུགས་བཅས་བྱེད་དགོས།
གཉིས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བའི་འགན་འཁུར་དགོས་ཤིང་། སྲིད་གཞུང་གི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་། ཐབས་ཇུས་གལ་ཆེན། སྲིད་འཛིན་བྱ་ཐབས་གལ་ཆེན་བཅས་ཁྱབ་བསྒྲགས་མ་བྱས་གོང་གི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལས་དོན་ལ་འགན་འཁུར་དགོས། སྲིད་གཞུང་གི་སྡེ་ཁག་དང་ཞང་དང་གྲོང་རྡལ་ཁག་གི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་བྱེད་པར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ། རྫོང་ཡོངས་ཀྱི་སྲིད་འཛིན་ཁྲིམས་བསྟར་མི་སྣའི་ཐོབ་ཐང་ངོས་འཛིན་དང་སྦྱོང་བརྡར། དཔྱད་ཞིབ། ལྟ་སྐུལ་དོ་དམ་བཅས་ཀྱི་ལས་ཀ་བྱེད་པའི་འགན་འཁུར་དགོས། རྫོང་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་དང་། སྲིད་འཛིན་ཞུ་ལན་འདེབས་པ། སྲིད་འཛིན་སྐྱིན་ཚབ་འཇལ་སྤྲོད་བཅས་ཀྱི་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ། མཐུན་སྦྱོར་བཅས་བྱ་རྒྱུ། སྲིད་འཛིན་གྱི་བསྐྱར་གྲོས་དང་སྲིད་འཛིན་གྱི་ཞུ་ལན་འདེབས་པ། སྲིད་འཛིན་གྱི་སྐྱིན་ཚབ་འཇལ་རྒྱུ་བཅས་ཀྱི་གྱོད་དོན་ལ་འགན་འཁུར་དགོས།
གསུམ། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་འགན་འཁྲི་འཁུར་དགོས། ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་སློབ་གསོའི་འཆར་འགོད་བཟོ་འགོད་བྱེད་འགན་འཁུར་བ་དང་། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་པ། ཕྱི་ཕྱོགས་ལ་ཁྲིམས་སྐྱོང་ཁྲིད་སྟོན་དང་མི་དམངས་ཀྱི་འདྲི་གཅོད་ལས་རོགས་པ་དང་མི་དམངས་ཀྱི་ལྟ་སྐུལ་པའི་འདེམས་བསྐོའི་དོ་དམ་ལས་དོན་སྒྲིག་འཛུགས་བྱས་ཏེ་ཁྲིམས་འཛིན་ཁང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།
བཞི། སྡེ་ཁུལ་གྱི་ཡོ་བསྲང་ལས་ཀར་མཛུབ་ཁྲིད་དང་དོ་དམ་བྱེད་དགོས། ཁྲིམས་ཆད་འཁུར་ཡུན་ལོངས་ནས་གློད་འགྲོལ་བྱུང་བའི་སྐྱེ་བོར་རོགས་རམ་སློབ་གསོ་དང་བཀོད་སྒྲིག་བྱེད་པའི་ལས་ཀར་ཁྲིད་སྟོན་བྱེད་དགོས།
ལྔ། རྫོང་ཡོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་རྒྱུའི་འཆར་འགོད་བཟོ་བ་དང་འབྲེལ་ལག་བསྟར་བྱེད་རྒྱུར་མཛུབ་ཁྲིད་དང་བཅའ་ཁྲིམས་ཞབས་ཞུའི་ལས་དོན་སྤེལ་དགོས། ཁྲིམས་རོགས་པ་དང་ཁྲིམས་འཛིན་གསལ་འབྱེད། གཞུང་དཔང་། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་དོ་དམ་བཅས་ཀྱི་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་དགོས།
དྲུག ཁྲིམས་འཛིན་སྲིད་འཛིན་མ་ལག་གི་སྒྲིག་ཆས་དང་ཉེན་རྟོག་པའི་རླངས་འཁོར་ལ་དོ་དམ་བྱེད་པའི་འགན་འཁུར་བ།
བདུན། རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཁྲིམས་སྐྱོང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ཀྱི་འབྲེལ་ཡོད་ལས་དོན་ལ་མཛུབ་ཁྲིད་བྱས་ནས་ཁྲིམས་འཛིན་སྲིད་འཛིན་ལས་དོན་མི་སྣའི་གསོ་སྦྱོང་ལས་དོན་གྱི་འགན་འཁུར་དགོས།
གཅིག ཕྱོགས་བསྡུས་ཁང་གི་མངའ་འོག་ཏུ་ཏང་དོན་གཞུང་ལས་ཁང་དང་སྲིད་འཛིན་གཞུང་ལས་ཁང་། ནོར་དོན་ཁང་བཅས་བཙུགས་ཡོད།
གཉིས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྫོང་སྐྱོང་བའི་ལས་སྒྲུབ་ཁང་།
གསུམ། ཁྲིམས་ལུགས་ལས་སྒྲུབ་ཁང་།
བཞི། བཅའ་ཁྲིམས་ཁྱབ་གདལ་ལས་དོན་ཁང་།
ལྔ། མི་དམངས་ནང་ཞུགས་དང་སྐུལ་འདེད་ཁྲིམས་སྐྱོང་ཁང་།
དྲུག སྡེ་ཁུལ་ཡོ་བསྲང་ལས་སྒྲུབ་ཁང་།
བདུན། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་དམ་ཁང་གི་མངའ་འོག་ཏུ་ཁྲིམས་དོན་རོགས་སྐྱོར་ལྟེ་གནས་དང་གཞུང་དཔང་ཁང་བཙུགས་ཡོད།