ཅིན་ཡོན་རྫོང་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:23ལ་འགྲུབ།

ཅིན་ཡོན་རྫོང་ཁྲིམས་འཛིན་ཅུའུ།

ཅིན་ཡོན་རྫོང་ཁྲིམས་འཛིན་ཅུའུ།
ཅིན་ཡོན་རྫོང་ཁྲིམས་འཛིན་ཅུའུ་ནི་ཅིན་ཡོན་རྫོང་མི་དམངས་སྲིད་གཞུང་གི་ལས་སྒྲུབ་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
泾源县司法局
རྒྱབ་ཁབ།
ཀྲུང་གོ
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
1 ལས་འགན་ལེགས་སྒྲིག

གཅིག རྫོང་མི་དམངས་སྲིད་གཞུང་དང་གོང་རིམ་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་ནས་རྩིས་མེད་དུ་བཏང་བའི་སྲིད་འཛིན་གྱི་ཞིབ་བཤེར་ཆོག་མཆན་འགོད་པའི་དོན་དག་མེད་པར་བཟོ་བ།

གཉིས། རྫོང་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་ཀར་མཛུབ་ཁྲིད་དང་དོ་དམ་བྱེད་དགོས།

གསུམ། བཅའ་ཁྲིམས་རོགས་སྐྱོར་བྱ་བར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། 

2 ལས་འགན་གཙོ་བོ།

གཅིག རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལག་བསྟར་བྱས་ནས་རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་། འཕེལ་རྒྱས་འཆར་གཞི། ལོ་འཁོར་གྱི་འཆར་གཞི་བཅས་བཟོ་རྒྱུ་མ་ཟད་ལག་ཏུ་བསྟར་རྒྱུར་ལྟ་སྐུལ་བྱེད་དགོས།

གཉིས། རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་ཏང་འཛུགས་སྐྱོང་། བསམ་བློ་ཆབ་སྲིད་བཅས་ཀྱི་ལས་ཀའི་འགན་འཁུར་དགོས།

གསུམ། རྫོང་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་དང་བཀོད་སྒྲིག་ལ་མཛུབ་ཁྲིད་དང་དོ་དམ་བྱེད་དགོས།

བཞི། རྫོང་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་དང་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ་སྤེལ་རྒྱུའི་འཆར་འགོད་བཟོ་བ་དང་འབྲེལ་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱ་རྒྱུ་དང་། ཞང་དང་གྲོང་བརྡལ། སྡེ་ཁག ལས་རིགས་ཁག་བཅས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀར་མཛུབ་སྟོན་བྱེད་དགོས།

ལྔ། རྫོང་ཡོངས་ཀྱི་གཞི་རིམ་ཁྲིམས་འཛིན་སུའོ་དང་མི་དམངས་འདུམ་འགྲིག་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་བདེ་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་ཀར་ཞུགས་དགོས།

དྲུག རྫོང་ཡོངས་ཀྱི་ཁྲིམས་རྩོད་པ་དང་གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ། གཞུང་དཔང་བཅས་ཀྱི་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་བཅའ་ཁྲིམས་ཞབས་ཞུའི་སྒྲིག་གཞིར་ཕྱོགས་བསྡུས་དོ་དམ་བྱེད་དགོས།

བདུན། རྫོང་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་ཀར་ལྟ་སྐུལ་དོ་དམ་བྱེད་དགོས།

བརྒྱད། ཁྲིམས་བཀོད་གོ་རིམ་ལྟར་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་དང་། བཅའ་ཁྲིམས་ཀྱི་དོན་སྙིང་ལྡན་པའི་དོན་དངོས་དང་ཡིག་ཆ་བདེན་པ་ཡིན་མིན་དང་ཁྲིམས་དང་མཐུན་མིན་ར་སྤྲོད་བྱེད་འགན་འཁུར་རྒྱུ་བཅས་ཡིན།

དགུ། རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཁྲིམས་བཞིན་སྲིད་འཛིན་བྱེད་རྒྱུའི་ལས་ཀའི་འགན་འཁུར་དགོས།

བཅུ། རྫོང་ཨུ་དང་སྲིད་གཞུང་། གོང་རིམ་གྱི་ལས་སྒོ་བཅས་ཀྱི་སྡེ་ཁག་གིས་བསྒྲུབ་རྒྱུར་སྤྲད་པའི་དོན་དག་གཞན་དག་ལ་འགན་འཁུར་བ་བཅས་སོ།།


དཔྱད་གཞིའི་ཡིག་ཆ།