ཕེང་དབྱང་རྫོང་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:27ལ་འགྲུབ།

ཕེང་དབྱང་རྫོང་ཁྲིམས་འཛིན་ཅུའུ།

ཕེང་དབྱང་རྫོང་ཁྲིམས་འཛིན་ཅུའུ།
《རང་སྐྱོང་ལྗོངས་ཏང་ཨུའི་གཞུང་ལས་ཐིང་དང་མི་དམངས་སྲིད་འཛིན་གཞུང་ལས་ཐིང་གིས〈ཕེང་དབྱང་རྫོང་མི་དམངས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་སྒྲིག་གཞི་བསྒྱུར་བཅོས་ཀྱི་ཇུས་གཞི〉དཔར་འགྲེམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(ཉིན་ཏང་གིས་འགྲེམས་སྤེལ་བྱས་པའི[2014]ཡིག་ཨང58པ)ལྟར་ཕེང་དབྱང་རྫོང་ཁྲིམས་འཛིན་ཅུའུ་བཙུགས་ནས་ཕེང་དབྱང་རྫོང་མི་དམངས་སྲིད་གཞུང་གི་ལས་སྒྲུབ་སྡེ་ཁག་ཏུ་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
彭阳县司法局
རྒྱབ་ཁབ།
ཀྲུང་གོ
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
1 ལས་འགན་ལེགས་སྒྲིག

གཅིག ཕེང་དབྱང་རྫོང་མི་དམངས་སྲིད་གཞུང་གིས་མེད་པར་བཟོས་པའི་སྲིད་འཛིན་ཞིབ་མཆན་དོན་ཚན་ཁྱབ་བསྒྲགས་བྱས་པའི་རིགས་མེད་པར་བཟོ་དགོས།

གཉིས། རྫོང་གི་ཁྲིམས་འཛིན་གསལ་འབྱེད་ལས་ཀར་མཛུབ་སྟོན་དང་དོ་དམ་བྱེད་པའི་འགན་འཁྲི་ཇེ་མང་དུ་གཏོང་དགོས།

གསུམ། བཅའ་ཁྲིམས་རོགས་སྐྱོར་བྱ་བར་མཛུབ་སྟོན་དང་ལྟ་སྐུལ། དོ་དམ་བཅས་བྱེད་པའི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས།

བཞི། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལས་ཀར་ཤུགས་སྣོན་རྒྱག་དགོས། 

2 ལས་འགན་གཙོ་བོ།

གཅིག ཏང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཇུས་གཞི་ཆེན་མོ་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་། ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་དུས་ཡུན་རིང་བོ་དང་འབྲིང་གི་འཆར་འགོད་གཏན་འབེབས་བྱ་དགོས་ཤིང་། ལོ་འཁོར་ལས་དོན་གྱི་འཆར་གཞི་ལག་བསྟར་སྒྲིག་འཛུགས་ཀྱང་བྱེད་དགོས།

གཉིས། ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་དང་། བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་གདལ། ཁྲིམས་ལྟར་བཅོས་སྐྱོང་གི་འཆར་འགོད་བཟོ་བ་དང་འབྲེལ་སྡེ་ཁག་ཁག་དང་ལས་རིགས་ཁག་གི་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས།

གསུམ། ཁྲིད་སྟོན་དང་ལྟ་སྐུལ། བཅའ་ཁྲིམས་རོགས་སྐྱོར་བཅས་ཀྱི་ལས་ཀ་དང་གཞུང་དཔང་ལས་ཁུངས་དང་གཞུང་དཔང་གི་བྱེད་སྒོ་སྤེལ་འགན་འཁུར་རྒྱུ་བཅས་ཡིན།

བཞི། རྫོང་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་དང་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར། སྒྲིག་འཛུགས་བཅས་བྱེད་རྒྱུའི་འགན་འཁུར་དགོས།

ལྔ། རྫོང་ཡོངས་ཀྱི་ཁྲིམས་འཛིན་སུའོ་འཛུགས་སྐྱོང་བྱེད་རྒྱུའི་ལས་དོན་ལ་དོ་དམ་དང་མཛུབ་ཁྲིད་བྱེད་རྒྱུའི་འགན་འཁུར་དགོས།

དྲུག རྫོང་ཡོངས་ཀྱི་མི་དམངས་འདུམ་འགྲིག་ལས་ཀར་དོ་དམ་དང་མཛུབ་ཁྲིད་བྱེད་པའི་འགན་འཁུར་བ།

བདུན། རྫོང་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་ཀར་དོ་དམ་དང་མཛུབ་ཁྲིད་བྱེད་རྒྱུའི་འགན་འཁུར་དགོས།

བརྒྱད། ཁྲིམས་ཆད་འཁུར་ཡུན་ལོངས་ནས་གློད་འགྲོལ་བྱུང་བའི་རྫོང་ཡོངས་ཀྱི་སྐྱེ་བོ་དང་ཡོ་བསྲང་ཕྱིར་འཐེན་བྱེད་མཁན་བཀོད་སྒྲིག་དང་རོགས་རམ་སློབ་གསོ་གཏོང་བའི་ལས་ཀར་དོ་དམ་དང་ཁྲིད་སྟོན་བྱེད་འགན་འཁུར་བ།

དགུ། རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་འབྲེལ་ཡོད་སྲིད་འཛིན་བཀའ་འཁྲོལ་དོན་ཚན་བདག་སྤྲོད་དང་། ཅུའུ་འདིའི་སྲིད་འཛིན་བསྐྱར་གྲོས་དང་ཞུ་ལན་འདེབས་རྒྱུའི་འགན་འཁུར་བ།

བཅུ། རྫོང་ཡོངས་ཀྱི་སྤྱི་ཚོགས་ལ་ཁ་ཕྱོགས་པའི་ཁྲིམས་འཛིན་གསལ་འབྱེད་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་བྱེད་དགོས།

བཅུ་གཅིག རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ དཔུང་ཁག་འཛུགས་སྐྱོང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བཅས་ཀྱི་ལས་ཀ་བྱེད་པའི་འགན་འཁུར་དགོས། རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་འཆར་གཞིའི་ནོར་དོན་དང་སྒྲིག་ཆས་སོགས་ཀྱི་ལས་ཀའི་འགན་འཁུར།

བཅུ་གཉིས། རྫོང་ཨུ་དང་སྲིད་གཞུང་། གོང་རིམ་ཁྲིམས་འཛིན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་བཅས་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་དོན་དག་གཞན་དག་སྒྲུབ་པའི་འགན་འཁུར་བ།

3 ལས་གནས་བཀོད་སྒྲིག

གོང་གསལ་གྱི་ལས་འགན་གཞིར་བཟུང་ཕེང་དབྱང་རྫོང་ཁྲིམས་འཛིན་ཅུའུ་ཡིས་ཕྱོགས་བསྡུས་ཐོག་ལས་གནས5བཀོད་སྒྲིག་བྱས།

གཅིག དྲུང་ཡིག་ཕྱོགས་བསྡུས་ལས་གནས།

གཉིས། གཞི་རིམ་གྱི་ལས་ཀར་ཁྲིད་སྟོན་བྱེད་པའི་ལས་གནས།

གསུམ། ཁྲིམས་སྐྱོང་དྲིལ་བསྒྲགས་ལས་གནས།

བཞི། ཁྲིམས་ཀྱིས་ལས་གནས་ལ་ཁྲིད་སྟོན་བྱེད་པ།

ལྔ། བཅའ་ཁྲིམས་ཀྱིས་ལས་གནས་ལ་རོགས་སྐྱོར་དང་ཁྲིད་སྟོན་བྱེད་པ།

4 མངག་གཏོང་ལས་ཁུངས།

གཞི་རིམ་ཁྲིམས་འཛིན་སུའོ12ནི་པའེ་དབྱང་ཁྲིམས་འཛིན་སུའོ་དང་གནའ་གྲོང་ཁྲིམས་འཛིན་སུའོ།  ཝང་བ་ཁྲིམས་འཛིན་སུའོ། ཧུང་ཧོ་ཁྲིམས་འཛིན་སུའོ། ཁྲེང་དབྱང་ཁྲིམས་འཛིན་སུའོ། མེང་ཡོན་ཁྲིམས་འཛིན་སུའོ། ཧྥེང་ཀྲོང་ཁྲིམས་འཛིན་སུའོ། ཅའོ་ཁྲ་ཁྲིམས་འཛིན་སུའོ། ལུའོ་བ་ཁྲིམས་འཛིན་ཁང་། ཞའོ་ཁྲ་ཁྲིམས་འཛིན་ཁང་བཅས་ཡིན་ཞིང་། འགན་འཁྲི་གཙོ་བོ་ནི། གཞི་རིམ་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་མངའ་ཁུལ་གྱི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་དང་ཁྲིམས་ལྟར་སྲིད་འཛིན་ཞིབ་བཤེར་དང་ལྟ་སྐུལ་ལས་དོན་སྤེལ་དགོས་པ་དང་། མི་དམངས་འདུམ་འགྲིག་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱས་ནས་དཀའ་གནད་ཆེ་བའི་དམངས་ཁྲོད་རྩོད་གཞི་འདུམ་འགྲིག་བྱེད་པའི་ནང་ཞུགས་པ། ཁྲིམས་ཆད་འཁུར་ཡུན་ལོངས་ནས་གློད་འགྲོལ་གཏོང་རྒྱུ་སྒྲིག་འཛུགས་བྱས་ནས་ངལ་རྩོལ་སློབ་གཅུན་དུ་ཚུད་མཁན་ལ་བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་དང་རོགས་རམ་སློབ་གསོ་ཕྱིར་འཐེན་བྱེད་དགོས། སྤྱི་ཚོགས་ཀྱི་བདེ་དོན་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་ལས་ཀའི་ནང་ཞུགས་པ། གོང་རིམ་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་འབྲེལ་ཡོད་ལས་ཀ་གཞན་དག་ལེགས་འགྲུབ་བྱེད་དགོས།


དཔྱད་གཞིའི་ཡིག་ཆ།