ཀྲུང་ཉིང་རྫོང་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:27ལ་འགྲུབ།

ཀྲུང་ཉིང་རྫོང་ཁྲིམས་འཛིན་ཅུའུ།

ཀྲུང་ཉིང་རྫོང་ཁྲིམས་འཛིན་ཅུའུ།
ཀྲུང་ཉིང་རྫོང་ཁྲིམས་འཛིན་ཅུའུ་ནི་ཀྲུང་ཉིང་རྫོང་མི་དམངས་སྲིད་གཞུང་གི་ལས་དོན་ཚན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中宁县司法局
ཁོངས་གཏོགས་ས་ཁུལ།
ཉིང་ཞ་ཧུརང་སྐྱོང་ཁུལ་ཀྲུང་ཝེ་གྲོང་ཁྱེར་ཀྲུང་ཉིང་རྫོང་།
རྒྱབ་ཁབ།
ཀྲུང་གོ
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
1 ནང་བཙུགས་ལས་ཁུངས།

གཞུང་ལས་ཁང་།

གཞི་རིམ་ལས་དོན་མཛུབ་སྟོན་ཀུའུ།

གཞུང་དཔང་ལས་ཀའི་མཛུབ་སྟོན་ཀུའུ།

བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས།

སྡེ་ཁུལ་ཡོ་བསྲང་ཀུའུ།

2 སྡེ་ཁག་གི་འགན་ནུས།

གཅིག ཁྱོན་ཡོངས་ནས་ཁྲིམས་ལྟར་རྫོང་སྐྱོང་བའི་གནད་དོན་གལ་ཆེན་གྱི་སྲིད་ཇུས་ཞིབ་འཇུག་བྱེད་འགན་འཁུར་བ་དང་།འབྲེལ་ཡོད་ཕྱོགས་ཀྱིས་ཁྲིམས་ལྟར་རྫོང་སྐྱོང་བའི་དུས་ཡུན་འབྲིང་གི་འཆར་འགོད་ཀྱི་གྲོས་འགོ་འདོན་པར་མཐུན་སྦྱོར་བྱས་ཏེ། འབྲེལ་ཡོད་ཀྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས།

གཉིས། རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་ཐད་ཀྱི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལག་ལེན་མཐར་ཕྱིན་བྱས་ནས་རྫོང་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་དུས་ཡུན་རིང་བོའི་འཆར་འགོད་དང་། ལོ་འཁོར་ལས་དོན་གྱི་འཆར་གཞི་བཟོ་རྒྱུ་མ་ཟད་ལག་ཏུ་བསྟར་རྒྱུའི་སྒྲིག་འཛུགས་ཀྱང་བྱེད་དགོས།

གསུམ། རྫོང་སྲིད་གཞུང་གི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་། གལ་ཆེའི་ཐབས་ཇུས་དང་གལ་ཆེའི་སྲིད་འཛིན་བྱ་ཐབས་ཁྱབ་བསྒྲགས་མ་བྱས་གོང་གི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་བྱེད་རྒྱུའི་འགན་འཁུར་དགོས་པ་དང་། རྫོང་སྲིད་གཞུང་གི་ཕྱི་ཕྱོགས་གན་རྒྱ་དང་སྒྲོམ་གཞིའི་གྲོས་མཐུན་ལ་ཞིབ་བཤེར་བྱེད་པ་སོགས་ཀྱི་བཅའ་ཁྲིམས་ལས་དོན་གྱི་འགན་འཁུར་དགོས། སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཙང་བཤེར་བྱེད་པའི་ལས་དོན་སྒྲིག་འཛུགས་བྱེད་དགོས།

བཞི། རྫོང་སྲིད་གཞུང་སྡེ་ཚན་གྱིས་ཁྲིམས་བཞིན་སྲིད་འཛིན་བྱེད་རྒྱུའི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ནས། སྲིད་འཛིན་ཁྲིམས་བསྟར་ཕྱོགས་བསྡུས་མཐུན་སྦྱོར་བྱེད་པའི་འགན་འཁུར་བ་དང་། སྲིད་འཛིན་ཞུ་ལན་སློག་པ་དང་སྲིད་འཛིན་སྐྱིན་ཚབ་འཇལ་བའི་ལས་ཀ་སྒྲུབ་པའི་འགན་འཁུར་དགོས།

ལྔ། ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་དང་སློབ་གསོའི་འཆར་འགོད་བཟོ་བ་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལས་ཀ་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ་ཞང་དང་གྲོང་རྡལ་ཁག་དང་། ལས་རིགས་ཁག གཞི་རིམ་ཁག་བཅས་ཀྱི་བཅའ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀར་ཁྲིད་སྟོན་བྱེད་པའི་འགན་འཁུར་དགོས།

དྲུག མི་དམངས་འདུམ་འགྲིག་ལས་དོན་དང་ཁྲིམས་འཛིན་ལས་རོགས་པ། གཞི་རིམ་ཁྲིམས་འཛིན་ཁང་། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་བཅས་ལ་མཛུབ་ཁྲིད་དང་དོ་དམ་བྱས་ནས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་དོ་དམ་ལས་དོན་ནང་ཞུགས་ཏེ་ཁྲིམས་འཛིན་སུའོ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

བདུན། སྡེ་ཁུལ་གྱི་ཡོ་བསྲང་ལས་ཀར་མཛུབ་ཁྲིད་དང་དོ་དམ་བྱེས་ནས། ཁྲིམས་ཆད་འཁུར་ཡུན་ལོངས་ནས་གློད་འགྲོལ་བྱུང་བའི་སྐྱེ་བོར་རོགས་རམ་དང་བཀོད་སྒྲིག་བྱ་རྒྱུའི་ལས་ཀར་ཁྲིད་སྟོན་བྱེད་དགོས།

བརྒྱད། རྫོང་ཡོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་འཆར་འགོད་བཟོ་རྒྱུ་མ་ཟད། ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་བྱེད་པའི་འགན་འཁུར་དགོས། བཅའ་ཁྲིམས་རོགས་སྐྱོར་གྱི་ལས་དོན་སྒྲིག་འཛུགས་བྱས་ནས་ཁྲིམས་རོགས་པ་དང་གཞུང་དཔང་གི་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་དགོས།

དགུ། ཁྲིམས་འཛིན་སྲིད་འཛིན་མ་ལག་གི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློའི་ཆབ་སྲིད་ལས་དོན་གྱི་འགན་འཁུར་རྒྱུ་དང་། ཁྲིམས་འཛིན་སྲིད་འཛིན་མ་ལག་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་དོན་ལ་དོ་དམ་བྱེད་དགོས།

བཅུ། རྫོང་ཨུ་དང་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་ལས་འགན་གཞན་དག་བསྒྲུབ་དགོས་པ་བཅས་སོ།།


དཔྱད་གཞིའི་ཡིག་ཆ།