ཉིང་ཏེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:28ལ་འགྲུབ།

ཉིང་ཏེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།

ཉིང་ཏེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།
ཉིང་ཏེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ད་ལྟ་འདྲི་གཅོད་ལས་སྒོའི་སྡེ་ཁག14བཙུགས་ཡོད་དེ། ཉེས་དོན་འདྲི་གཅོད་ཀྱི་ཁྲིམས་ར་དང་པོ་དང་ཉེས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། ཉེས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོ། དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པ། དམངས་དོན་འདྲི་གཅོད་ཁྲིམས་ར་བཞི་པ། དམངས་དོན་འདྲི་གཅོད་ཁྲིམས་ར་ལྔ་པ། དམངས་དོན་འདྲི་གཅོད་ཁྲིམས་ར་དྲུག་པ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁྲིམས་ར། གྱོད་དོན་ཐོ་འགོད་ཁང་། ལག་བསྟར་ཅུའུ། ཞིབ་འཇུག་ཁང་བཅས་དང་། ཕྱོགས་བསྡུས་སྡེ་ཚན5བཙུགས་ཡོད་ལ་དེ་དག་ནི་ཆབ་སྲིད་པུའུ་དང་སྒྲིག་བཤེར་ལྟ་ཞིབ་ཁང་། གཞུང་ལས་ཁང་། ཁྲིམས་འཛིན་སྲིད་འཛིན་ཁྲུའུ། ཁྲིམས་ལུགས་ཉེན་རྟོག་ཉིང་ལག་རུ་ཁག་བཅས་ཡིན། གཞན་ཡང་ལས་ཀའི་དགོས་མཁོར་གཞིགས་ནས་ལས་ཁུངས་ཀྱི་ཏང་ཨུ་དང་གསར་འགྱུར་ལྟེ་གནས། བཟོ་ཚོགས། ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་དོ་དམ་གཞུང་ལས་ཁང་། ཁྲིམས་དཔོན་ཞབས་ཞུའི་ལྟེ་གནས་བཅས་ཀྱི་སྒྲིག་གཞི་བཙུགས་ཡོད། ཉིང་ཏེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁོངས་སུ་གཏོགས་པའི་ཀུའུ་ཐེན་དང་ཧྥུའུ་ཨན། ཅའོ་ཁྲེང་། ཀྲོའུ་ཉིན། ཧྥུའུ་ཏིང། ཀྲེ་རུང་། ཧྲོའུ་ཉིང་། ཕིན་ནན་སོགས་རྫོང་དགུ་དང་མི་དམངས་ཁྲིམས་ཁང་གཅིག་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宁德市中级人民法院
ཕྱི་ཡིག་གི་མིང་།
Ningde Intermediate People's court
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
རྒྱལ་ཁབ།
ཀྲུང་གོ
1 ལས་འགན་གཙོ་བོ།

གཅིག བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བདག་སྤྲོད་བྱེད་ཁོངས་སུ་གཏོགས་པའི་ཉེས་དོན་དང་དམངས་དོན། སྲིད་འཛིན་བཅས་ཀྱི་འདྲི་གཅོད་དང་པོའི་གྱོད་དོན་དང་དེ་བཞིན་བཅའ་ཁྲིམས་ཀྱི་གཏན་འབེབས་སམ་ཡང་ན་གོང་རིམ་མི་དམངས་ཁྲིམས་ཁང་གིས་དམིགས་འཛུགས་བྱས་པའི་བདག་སྤྲོད་བྱེད་ཁོངས་སུ་གཏོགས་པའི་འདྲི་གཅོད་དང་པོའི་གྱོད་དོན་གཞན་དག་བཅས་ཡིན།

གཉིས། བཅའ་ཁྲིམས་སུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བདག་སྤྲོད་བྱེད་ཁོངས་སུ་གཏན་འབེབས་བྱས་པའི་ཉེས་དོན་དང་དམངས་དོན། སྲིད་འཛིན་སོགས་འདྲི་གཅོད་གཉིས་པ་བྱས་པའི་གྱོད་དོན་དང་མི་དམངས་ཞིབ་དཔྱོད་ཁང་གིས་གོ་རིམ་ལྟར་བསྐྱར་གཅོད་རེ་ཞུའི་གྱོད་དོན་བཅས་ཡིན།

གསུམ། ཁྲིམས་ཁང་འདིའམ་གཞི་རིམ་མི་དམངས་ཁྲིམས་ཁང་གི་དཔྱད་མཚམས་དང་བཀའ་བཅད་ལ་མོས་མཐུན་མེད་པའི་རིགས་སོ་སོའི་རྒྱུ་མཚན་ཞུ་འབུལ་དང་བསྐྱར་ཞིབ་ཀྱི་གྱོད་དོན་རིགས། དེའི་ཁྲོད་དངོས་གནས་ནོར་འཁྲུལ་ཡོད་ཅིང་ཁྲིམས་ལུགས་ཀྱི་ནུས་པ་ཐོན་ཟིན་པའི་དཔྱད་མཚམས་དང་བཀའ་བཅད་ལ་ཞིབ་གཅོད་དམ་ཡང་ན་གཞི་རིམ་མི་དམངས་ཁྲིམས་ཁང་ལ་བཀའ་བཏང་ནས་ཡང་བསྐྱར་ཞིབ་གཅོད་བྱེད་དགོས།

བཞི། འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ཐེངས་དང་པོ་བྱས་པ་དང་ནུས་པ་ཐོན་པའི་བཀའ་བཅད་དང་དཔྱད་མཚམས་བཏང་བའི་གྱོད་དོན་ལག་བསྟར་བྱེད་པའི་འགན་འཁུར་དགོས།

ལྔ། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་འདྲི་གཅོད་ལ་ལྟ་སྐུལ་བྱེད་པའི་གོ་རིམ་ལྟར་བསྐྱར་གཅོད་རེ་ཞུའི་གྱོད་དོན་ལ་ཁྲིམས་ལྟར་འདྲི་གཅོད་བྱེད་དགོས།

དྲུག གཞི་རིམ་མི་དམངས་ཁྲིམས་ཁང་ལ་ཁྲིམས་ལྟར་དམིགས་འཛུགས་ཀྱི་བདག་སྐྱོང་དབང་ཆ་སྤྱོད་དགོས།

བདུན། གཞི་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལས་ཀར་ལྟ་སྐུལ་དང་ཁྲིད་སྟོན་བྱེད་དགོས།

བརྒྱད། ཁྲིམས་འཛིན་གྱི་གྲོས་འགོ་འདོན་པ་དང་བཅའ་ཁྲིམས་སྤྱད་ནས་དགོངས་སྐོར་ཞུ་དགོས།

དགུ། ཁྲིམས་ལྟར་ཁྲིམས་འཛིན་ལག་བསྟར་བྱེད་དབང་དང་ཁྲིམས་འཛིན་ཐག་གཅོད་བྱེད་པའི་དབང་ཆ་སྤྱད་དེ་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི་ལག་བསྟར་ལས་དོན་ལ་གཅིག་གྱུར་གྱིས་དོ་དམ་བྱེད་དགོས།

བཅུ། ཁྲིམས་ལྟར་རྒྱལ་ཁབ་ཀྱིས་སྐྱིན་ཚབ་སྤྲོད་རྒྱུའི་ཐག་གཅོད་བྱེད་དགོས།

བཅུ་གཅིག ཁྲིམས་ཁང་འདིའི་ཁྲིམས་དཔོན་དང་ལས་བྱེད་མི་སྣ་གཞན་དག་ལ་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོ་གཏོང་བ་དང་། ཆེད་ལས་ཀྱི་སྦྱོང་བརྡར་སྒྲིག་འཛུགས་བྱ་རྒྱུ་དང་། གཞི་རིམ་མི་དམངས་ཁྲིམས་ཁང་གི་བསམ་བློ་དང་ཆབ་སྲིད། སློབ་གསོ་དང་གསོ་སྦྱོང་གི་ལས་ཀར་ཁྲིད་སྟོན་བྱ་རྒྱུ། དབང་ཚད་ལྟར་ཁྲིམས་དཔོན་དང་ལག་བསྟར་པ། དྲུང་ཡིག ཁྲིམས་འཛིན་ཉེན་རྟོག་པ་བཅས་དང་དེ་བཞིན་ཁྲིམས་འཛིན་སྲིད་འཛིན་མི་སྣར་དོ་དམ་བྱ་རྒྱུ། གཞི་རིམ་མི་དམངས་ཁྲིམས་ཁང་གི་སྒྲིག་གཞི་དང་སྒྲིག་བཟོའི་ལས་ཀར་ཁྲིད་སྟོན་བཅས་བྱེད་དགོས།

བཅུ་གཉིས། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཀར་འགོ་ཁྲིད་བྱེད་པའི་འགན་འཁུར་དགོས།

བཅུ་གསུམ། འདྲི་གཅོད་ལས་དོན་ནང་ཁྲིམས་ལུགས་དྲིལ་བསྒྲགས་དང་སྤྱི་དམངས་དང་མེས་རྒྱལ་ལ་བློ་དཀར་སེམས་དཀར་བྱེད་དགོས་པའི་སློབ་གསོ་བཏང་ནས་རང་རྟོགས་ངང་རྩ་ཁྲིམས་དང་བཅའ་ཁྲིམས། སྤྱི་ཚོགས་ཀྱི་ཀུན་སྤྱོད་བཅས་ལ་བརྩི་སྲུང་བྱེད་དགོས།

བཅུ་བཞི། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི“ཁྲིམས་ར་གཉིས”འཛུགས་སྐྲུན་དང་དངོས་པོའི་སྒྲིག་ཆས་འཛུགས་སྐྲུན་ལ་མཐུན་སྦྱོར་དང་འཆར་འགོད་བྱེད་དགོས།

2 སྡེ་ཁག་གི་འགན་འཁྲི།

ཉེས་དོན་འདྲི་གཅོད་ཁྲིམས་ར་དང་པོས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་དང་། སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ནག་ཉེས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ནག་ཉེས། མི་ལུས་ཀྱི་དབང་ཆ་དང་དམངས་གཙོའི་དབང་ཆར་གནོད་འཚེ་གཏོང་བའི་ནག་ཉེས། རྒྱུ་ནོར་ལ་གནོད་འཚེ་གཏོང་བའི་ནག་ཉེས། སྤྱི་ཚོགས་དོ་དམ་གྱི་སྒྲིག་ལམ་ལ་འགོག་རྐྱེན་བཟོ་བའི་ནག་ཉེས། རྒྱལ་སྲུང་གི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ནག་ཉེས་སོགས་འདྲི་གཅོད་དང་པོའི་གྱོད་གཞི་དང་། བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ཉེས་དོན་གྱི་གྱོད་གཞི་གཞན་དག་ཞིབ་གཅོད་བྱ་རྒྱུ་དང་། འབྲེལ་ཡོད་ཉེས་དོན་འདྲི་གཅོད་ཀྱི་ལས་ཀ་གཞན་དག་ལ་འགན་འཁུར་བ།

ཉེས་དོན་འདྲི་གཅོད་ཁྲིམས་ར་གཉིས་པས་གཞི་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོའི་དཔྱད་མཚམས་ལ་མོས་མཐུན་མ་བྱུང་བའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་དང་། སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བཤིག་བཏང་བའི་ནག་ཉེས། སྤྱི་དམངས་ཀྱི་མི་ལུས་དང་དམངས་གཙོའི་ཁེ་དབང་ལ་གནོད་འཚེ་བཏང་བའི་ནག་ཉེས། རྒྱུ་ནོར་ལ་གནོད་འཚེ་བཏང་བའི་ནག་ཉེས། སྤྱི་ཚོགས་དོ་དམ་གྱི་སྒྲིག་ལམ་ལ་གནོད་འཚེ་བཏང་བའི་ནག་ཉེས། རྒྱལ་སྲུང་ཁེ་ཕན་ལ་གནོད་འཚེ་བཏང་བའི་ནག་ཉེས་སོགས་འདྲི་གཅོད་གཉིས་པའི་གྱོད་གཞི་ཞིབ་གཅོད་བྱེད་པའི་འགན་འཁུར་རྒྱུ་དང་། ལྐོག་ཟ་ལྐོག་རྔན་སྤྲོད་ལེན་གྱི་བྱས་ཉེས་དང་། འགན་འཛོལ་གྱི་བྱས་ཉེས། གཞི་རིམ་མི་དམངས་ཁྲིམས་ཁང་གི་ཉེས་དོན་འདྲི་གཅོད་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་པ།

ཉེས་དོན་འདྲི་གཅོད་ཁྲིམས་ར་གསུམ་པས་དུག་རྫས་ལྐོག་འདྲེན་དང་། འཚོང་འགྲེམས། དབོར་འདྲེན། བཟོ་སྐྲུན་བཅས་ཀྱི་ཉེས་པ་བསགས་པའི་འདྲི་གཅོད་དང་པོའི་གྱོད་གཞིར་འདྲི་གཅོད་བྱེད་པའི་འགན་འཁུར་རྒྱུ་དང་། ལོ་ན་མ་སོན་པའི་སྐྱེ་བོས་བྱས་ཉེས་བསགས་པའི་གྱོད་དོན་རིམ་པ་དང་པོ་དང་གཉིས་པ་ཞིབ་གཅོད་བྱ་རྒྱུ། ལོ་ན་མ་སོན་པའི་སྐྱེ་བོས་བྱས་ཉེས་བསགས་པར་འདྲི་གཅོད་བྱེད་པའི་ལས་དོན་དངོས་ལ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ། གཞི་རིམ་ཁྲིམས་ཁང་གི་ལོ་ན་མ་སོན་པའི་སྐྱེ་བོས་བྱས་ཉེས་བསགས་པའི་གྱོད་དོན་འདྲི་གཅོད་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ། ཉེས་དོན་འདྲི་གཅོད་དང་འབྲེལ་བ་ཡོད་པའི་ལས་ཀ་གཞན་དག་སྒྲུབ་པའི་འགན་འཁུར་བ།

དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོས་བདག་སྤྲོད་བྱེད་པའི་ཁོངས་སུ་ཚུད་པའི་འདྲི་གཅོད་དང་པོའི་བདག་ཁོངས་ཐད་ཀྱི་རྩོད་གཞི་དང་། དབང་གནོད། རྩོད་གཞི། ཚུལ་མིན་ཁེ་ཐོབ་རྩོད་གཞི། རྒྱུ་མཚན་མེད་པའི་དོ་དམ་རྩོད་གཞི། གཉེན་སྒྲིག་ཁྱིམ་ཚང་རྩོད་གཞི། ཤུལ་འཛིན་རྩོད་གཞི། ཁང་ས་བདག་ཁོངས་གསར་འབྱེད་གཉེར་སྐྱོང་གན་རྒྱའི་རྩོད་གཞི། འཛུགས་སྐྲུན་ལས་གྲྭའི་གན་རྒྱའི་རྩོད་གཞི། འགན་ལེན་གན་རྒྱའི་རྩོད་གཞི། བོགས་མ་གཏོང་ལེན་གན་རྒྱའི་རྩོད་གཞི། དམིགས་བསལ་གོ་རིམ་བཀོལ་སྤྱོད་བྱ་བའི་ཞིབ་གཅོད་ཀྱི་གྱོད་གཞི། ཞིབ་གཅོད་ཐེངས་དང་པོའི་དམངས་དོན་རྩོད་གཞིའི་གྱོད་དོན་གཞན་དག་དང་། ཁྲིམས་འཛིན་སྐོར་གྱི་གྲོས་འགོ་འདོན་རྒྱུ་དང་། དམངས་དོན་འདྲི་གཅོད་སྐོར་གྱི་ལས་དོན་གཞན་དག་ལ་འགན་འཁུར་དུ་འཇུག་དགོས།

དམངས་དོན་འདྲི་གཅོད་ཁྲིམས་ར་གཉིས་པས་ཀྲོའུ་ཉིན་དང་ཧྥུའུ་ཏིང་། ཞ་ཧྥུའུ། རུང་ཧྥ་བཅས་ཀྱི་ཁྲིམས་ཁང་གི་འདྲི་གཅོད་དང་པོའི་དཔྱད་མཚམས་བློར་མ་བབས་པར་གོང་གཏུག་བྱས་པའི་གྱོད་དོན་ལ་ཞིབ་གཅོད་བྱ་རྒྱུའི་འགན་འཁུར་རྒྱུ་དང་། དེའི་ནང་བདག་དབང་ཐད་ཀྱི་རྩོད་གཞི་དང་། ཁེ་དབང་ལ་གནོད་འཚེ་བཏང་བའི་རྩོད་གཞི། ཚུལ་མིན་ཁེ་ཐོབ་ཐད་ཀྱི་རྩོད་གཞི། དོ་དམ་ཐད་ཀྱི་རྩོད་གཞི། གཉེན་སྒྲིག་དང་ཁྱིམ་ཚང་ཐད་ཀྱི་རྩོད་གཞི། འབྲེལ་ཡོད་ཁྲིམས་འཛིན་ཐད་ཀྱི་གྲོས་འགོ་བཅས་ཚུད་ཡོད།

དམངས་དོན་འདྲི་གཅོད་ཁྲིམས་ར་གསུམ་པས་ཀུའུ་ཐན་དང་ཧྥུའུ་ཨན། ཅའོ་ཁྲེང་བཅས་ཀྱི་ཁྲིམས་ཁང་གི་འདྲི་གཅོད་དང་པོའི་དཔྱད་མཚམས་ལ་མོས་མཐུན་མེད་པའི་གོང་གཏུག་གྱོད་དོན་ལ་ཞིབ་གཅོད་བྱ་རྒྱུའི་འགན་འཁུར་དགོས།

དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར་བཞི་པས་རང་རྒྱལ་གྱི་མངའ་ཁོངས་སུ《གན་རྒྱའི་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་གྱི་ཚོང་དོན་འདྲི་གཅོད་དང་པོའི་གྱོད་དོན་ལ་ཞིབ་གཅོད་བྱ་རྒྱུའི་འགན་འཁུར་དགོས།

དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར་ལྔ་པས་གཞི་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོའི་དཔྱད་མཚམས་བློར་མ་བབས་པར་གོང་གཏུག་བྱས་པའི་རིགས་རང་རྒྱལ་གྱི《དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར་ལྔ་པས་ཞིབ་གཅོད་བྱེད་འགན་འཁུར་རྒྱུ་དང་ གན་རྒྱའི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ཉོ་ཚོང་དང་། དངུལ་བུན་གཡར་བ། གཡར་སྤྱོད་བྱེད་པ། རྒྱུ་ནོར་བོགས་མར་གཏོང་བ། མ་དངུལ་འདུ་འཁོར་དང་བོགས་མ་གཏོང་ལེན། འགན་ལེན། སྐྱེལ་འདྲེན། ཉར་ཚགས། བཀར་འཇུག བར་ཚོང་། བར་འདུམ་སོགས་ཚོང་དོན་གན་རྒྱའི་རྩོད་གཞི་དང་། དེ་མིན་ཚོང་དོན་གན་རྒྱ། གཉེར་སྐྱོང་དབང་ཆ། དངུལ་འཛིན་དང་དེ་བཞིན་དངུལ་འཛིན་དབང་ཆ། མ་རྐང་འཇོག་མཁན་གྱི་དབང་ཆ། ཀུང་སིའི་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་རྩོད་གཞིའི་གྱོད་དོན། ཁྲིམས་འཛིན་སྐོར་གྱི་གྲོས་འགོ་བཏོན་པ། གཞི་རིམ་མི་དམངས་ཁྲིམས་ཁང་གི་ཚོང་དོན་འདྲི་གཅོད་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱ་རྒྱུ། འབྲེལ་ཡོད་ཚོང་དོན་འདྲི་གཅོད་ཀྱི་ལས་ཀ་གཞན་དག་ལ་འགན་འཁུར་དགོས།

དམངས་དོན་འདྲི་གཅོད་ཁྲིམས་ར་དྲུག་པས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ཁེ་བེད་བདག་ཐོབ་དང་། འདུས་གྲུབ་གློག་ལམ་གྱི་པར་རིས་ཇུས་འགོད། སྐྱེ་དངོས་ཀྱི་སྣ་རིགས་གསར་པ་བཅས་ཀྱི་དམངས་དོན་གྱོད་གཞི་ཞིབ་གཅོད་བྱེད་འགན་འཁུར་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ཕྱི་ཕྱོགས་དང་འབྲེལ་བ་དང་། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་དང་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ཤེས་བྱའི་བདག་དབང་གི་གྱོད་གཞི་ཡོད་ཚད། ཤེས་བྱའི་ཐོན་དངོས་བདག་དབང་འདྲི་གཅོད་ཀྱི་ལས་དོན་དངོས་ལ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ། ཤེས་བྱའི་ཐོན་དངོས་བདག་དབང་སྐོར་གྱི་འདྲི་གཅོད་ལས་ཀ་གཞན་དག་ལེགས་པར་བསྒྲུབ་དགོས།

སྲིད་འཛིན་འདྲི་གཅོད་ཁྲིམས་རས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་བདག་སྤྲོད་བྱེད་པའི་འདྲི་གཅོད་ཐེངས་དང་པོ་དང་། འདྲི་གཅོད་གཉིས་པའི་སྲིད་འཛིན་གྱོད་དོན། རྒྱལ་ཁབ་ཀྱི་སྐྱིན་ཚབ་འཇལ་བའི་གྱོད་དོན་བཅས་ཞིབ་གཅོད་བྱེད་པའི་འགན་འཁུར་རྒྱུ། གཞི་རིམ་མི་དམངས་ཁྲིམས་ཁང་གི་སྲིད་འཛིན་འདྲི་གཅོད་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ། སྲིད་འཛིན་ཐད་ཀྱི་འདྲི་གཅོད་ལས་ཀ་གཞན་དག་ལ་འགན་འཁུར་བ།

འདྲི་གཅོད་ལྟ་སྐུལ་ཁྲིམས་རས་ཁྲིམས་ཁང་གི་ནུས་ཐོན་ཁྲིམས་བཅད་ལ་མོས་མཐུན་མེད་པའི་འདྲི་གཅོད་བསྐྱར་མའི་གྱོད་དོན་ལ་འདྲི་གཅོད་བྱེད་པའི་འགན་འཁུར་བ།

གྱོད་ཐོ་འགོད་པའི་ཁྲིམས་རས་དོ་དམ་བྱེད་ཁོངས་ནང་གི་གྱོད་གཞི་སྣ་ཚོགས་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་བྱ་རྒྱུའི་འགན་འཁུར་དགོས་པ་དང་། ཞུ་གཏུག་མ་བྱས་གོང་གི་དཔང་རྟགས་འགན་སྲུང་བྱེད་དགོས། གཞི་རིམ་མི་དམངས་ཁྲིམས་ཁང་གིས་དང་ལེན་མ་བྱས་པ་དང་། བདག་ཁོངས་ལ་བསམ་འཆར་མི་མཐུན་པའི་གོང་གཏུག་གྱོད་དོན་ཞིབ་གཅོད་བྱ་རྒྱུའི་འགན་འཁུར་དགོས།

3 གཞི་རིམ་ཁྲིམས་ཁང་།
3_1 ཀུའུ་ཐན་ཁྲིམས་ཁང་།

ཀུའུ་ཐན་ཁྲིམས་ཁང་ལ་ད་ལྟ་ནང་ཁུལ་གྱི་སྒྲིག་གཞི12དང(དེའི་ནང་ཉེས་དོན་ཁྲིམས་ར་དང་། དམངས་དོན་ཁྲིམས་ར་དང་པོ། དམངས་དོན་ཁྲིམས་ར་དང་པོ། དམངས་དོན་ཁྲིམས་ར་དང་པོ། སྲིད་འཛིན་ཁྲིམས་ར། ནགས་ལས་ཁྲིམས་ཁང་། ལོ་ཆུང་ཁྲིམས་ཁང་། གྱོད་དོན་ཐོ་འགོད་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁྲིམས་ར) ལག་བསྟར་ཅུའུ། ཆབ་སྲིད་ཁྲུའུ། གཞུང་དོན་ཁང་། ཐད་གཏོགས་སྒྲིག་གཞི1 མངག་གཏོང་སྒྲིག་གཞི2དང་མངགས་གཏོང་སྒྲིག་གཞི1བཅས་ཚུད་ཡོད།

ཉེ་བའི་ལོ་ཤས་རིང་ཁྲིམས་ཁང་འདི་སྔ་རྗེས་སུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཤེས་དཔལ་ཚན་པར་བདམས་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཆ་འཕྲིན་ཅན་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བསམ་བློ་ཆབ་སྲིད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཡིག་ཚགས་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་སྔོན་ཐོན་མཉམ་སྡེབ་དང་གྲོང་ཁྱེར་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང་བཅས་སུ་བདམས།

3_2 ཧྥུའུ་ཨན་ཁྲིམས་ཁང་།

ཧྥུའུ་ཨན་ཁྲིམས་ཁང་ནི་ཧྥུའུ་ཅན་ཞིང་ཆེན་བྱང་ཤར་རྒྱུད་ཀྱི་ཧྥུའུ་ཨན་གྲོང་ཁྱེར་དུ་གནས་པ་དང་ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1880ཟིན་ཞིང་། དེའི་ཁོངས་གཏོགས་སུ་ཞིང་ཆེན་རིམ་པའི་ཧྲི་རིགས་ཀྱི་དཔལ་འབྱོར་གསར་སྤེལ་ཁུལ2དང་། ཞང་གྲོང18 ཁྲོམ་གཞུང3བཅས་ཡོད་པ་དང་སྤྱིའི་མི་འབོར་ཁྲི63ཟིན་པའི་ནང་ཧྲི་རིགས་ཀྱི་མི་འབོར་ཁྲི6ལྷག་ཙམ་ཡོད། ཁྲིམས་ཁང་གི་འོག་ཏུ་ཁོངས་གཏོགས་ལས་ཁུངས13དང་། ཐད་གཏོགས་ལས་ཁུངས1གཞི་རིམ་མི་དམངས་ཁྲིམས་ར1བཅས་ཡོད་ཅིང་། ཁྱོན་བསྡོམས་སྒྲིག་ཁོངས107དང་ལས་ཐོག་ལས་བྱེད་པ་དང་ཉེན་རྟོག་པ96བཅས་ཡོད།

3_3 ཅའོ་ཁྲེང་ཁྲིམས་ཁང་།

ཅའོ་ཁྲེང་ཁྲིམས་ཁང་ལ་ད་ལྟ་ལས་བྱེད་པ་དང་ཉེན་རྟོག་པ93ཡོད་པའི་ནང་ཁྲིམས་དཔོན་གྱི་གོ་མིང་ཡོད་མཁན66ཡོད་པ་དེས་ལས་བྱེད་པ་དང་ཉེན་རྟོག་པའི་བསྡོམས་འབོར་གྱི70.97%ཟིན། དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པའི་མི79ཡོད་པ་དེས་ལས་བྱེད་པ་དང་ཉེན་རྟོག་པའི་བསྡོམས་འབོར་གྱི84.95%བཟུང་ཡོད། ཁྲིམས་ཁང་འདིར་ད་ལྟ་ནང་བཙུགས་སྒྲིག་གཞི13ཡོད།

3_4 ཧྥུའུ་ཏིང་ཁྲིམས་ཁང་།

ཧྥུའུ་ཏིང་ཁྲིམས་ཁང་ལ་ད་ལྟ་ལས་བྱེད་པ་དང་ཉེན་རྟོག་པ90ཡོད་ཅིང་། དེའི་ནང་དུ་ཁྲིམས་དཔོན་གྱི་གོ་མིང་ཡོད་མཁན47ཡོད་པ་དེས་ལས་བྱེད་པ་དང་ཉེན་རྟོག་པའི་བསྡོམས་གྲངས་ཀྱི52.22%ཟིན་ཡོད། དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ཡོད་མཁན67ཡོད་པ་དེས་ལས་བྱེད་པ་དང་ཉེན་རྟོག་པའི་བསྡོམས་འབོར་གྱི74.44%བཟུང་ཡོད། ཁྲིམས་ཁང་འདིར་ད་ལྟ་ནང་བཙུགས་སྒྲིག་གཞི13ཡོད།

3_5 ཞ་ཕུའུ་ཁྲིམས་ཁང་།

ཞ་ཕུའུ་ཁྲིམས་ཁང་ལ་ད་ལྟ་ལས་བྱེད་པ་དང་ཉེན་རྟོག་པ86ཡོད་ཅིང་། དེའི་ནང་ཁྲིམས་དཔོན50ཡོད་པ་དེས་ལས་བྱེད་པ་དང་ཉེན་རྟོག་པའི་བསྡོམས་འབོར་གྱི58.14%ཟིན། དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པའི་མི57ཡོད་པ་དེས་ལས་བྱེད་པ་དང་ཉེན་རྟོག་པའི་བསྡོམས་འབོར་གྱི66.28%བཟུང་ཡོད། སློབ་གླིང་འདིར་ད་ལྟ་ཁོངས་གཏོགས13དང་ཐད་གཏོགས་ལས་ཁུངས1ཡོད།

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ5བའི་ཚེས28ཉིན་ཀྲུང་གུང་ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས“སྐབས་བཅུ་གསུམ་པའི་ཧྥུའུ་ཅན་ཞིང་ཆེན་གྱི་ཤེས་དཔལ་ཚན་པའི”མིང་ཐོའི་ནང་བཅུག་པ་དང་འབྲེལ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས་མང་ཚོགས་ཀྱིས་ལྟ་སྐུལ་དང་ལེན་བྱས།




དཔྱད་གཞིའི་ཡིག་ཆ།