ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:28ལ་འགྲུབ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ནི་སྤྱི་ལོ1953ལོར་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཙུགས་པ་དང་བསྟུན་ནས་བཙུགས། ཁུལ་སྤྱི་བདེ་འཕྲུལ་ཆས་ཅུའུ་ཡིས་སྤྱི་ཚོགས་ཀྱི་ཆབ་སྲིད་བརྟན་ལྷིང་དང་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེ་བདེ་བླག་ཡོང་རྒྱུ་འགན་ལེན་བྱ་རྒྱུ་ལྟེ་བར་བྱས་ཏེ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་དགྲ་བོར་འཐབ་རྩོད་བྱེད་པ་དང་། ཉེས་དོན་ཉེས་གསོག་སྔོན་འགོག་དང་རྡུང་རྡེག་བཏང་ནས་བདེ་འཇགས་དོ་དམ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甘南藏族自治州公安局
སྦྲག་སྲིད་ཨང་རྟགས།
747000
བཙུགས་ལོ།
སྤྱི་ལོ1953ལོ།
གནས་ཡུལ།
ཀན་ལྷོ་ཁུལ་གཅོས་གྲོང་ཁྱེར་ཏང་ཀྲོའུ་ལམ་གྱི་ཨང75བ།
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1952ལོའི་ཟླ7པར། ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོའི་བོད་རིགས་ས་ཁུལ་གྱི་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་པ་དང་།གསང་འཕྲིན་དང་སྲུང་སྐྱོབ་བྱ་བའི་ལས་འགན་བསྒྲུབས།

སྤྱི་ལོ1953ལོའི་ཟླ10བའི་ཚེས1ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཙུགས་པ་དང་དེའི་མངའ་འོག་ཏུ་སྤྱི་བདེ་ཁྲུའུ་བཙུགས་ཡོད།

སྤྱི་ལོ1955ལོའི་ཟླ7པའི་ཚེས1ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞེས་པར་བསྒྱུར་ཞིང་། ཆུས་སྤྱི་བདེ་ཁྲུའུ་ཡི་མིང་ནི་ཁུལ་སྤྱི་བདེ་ཁྲུའུ་ཞེས་པར་བསྒྱུར།

སྤྱི་ལོ1968ལོའི་ཟླ1པོའི་ཚེས18ཉིན་ས་གནས་དེ་གར་བཅའ་སྡོད་དམག་དཔུང་དང་ཀན་ལྷོའི་ཡན་ལག་དམག་ཁུལ་ཁང་གིས་ཐུན་མོང་ཐོག་ཀན་ལྷོའི་བོད་རིགས་རང་སྐྱོང་ཁུལ་གྱི་གཞུང་དོན་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི་ལས་ཁུངས་ལ་དམག་དོན་དོ་དམ་བྱས།

སྤྱི་ལོ1973ལོའི་ཟླ10བའི་ཚེས25ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་སྲུང་སྐྱོབ་པུའུ་མེད་པར་བཟོས་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་སླར་གསོ་བྱས།

སྤྱི་ལོ1980ལོའི་ཟླ6པའི་ཚེས6ཉིན། ཁུལ་སྲིད་གཞུང་གིས་ཁུལ་སྤྱི་བདེ་ཅུའུ་ནི་སྤྱི་བདེ་ཁྲུའུ་ལ་བསྒྱུར་རྒྱུའི་ཐག་བཅད།

སྤྱི་ལོ1988ལོའི་ཟླ8པར་ཁུལ་སྤྱི་བདེ་ཁྲུའུ་ཡིས་ཁུལ་སྤྱི་བདེ་ཅུའུ་ཞེས་པར་བསྒྱུར་ནས་ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་བརྒྱད་ཀྱི་སྤྱི་བདེ་ཅུའུ་ཡི་འགོ་ཁྲིད་དང་། ཁྲིད་སྟོན། མཐུན་སྦྱོར་བཅས་ཀྱི་འགན་ནུས་སྒྲུབ་ཀྱིན་ཡོད།

2 ལས་འགན་གཙོ་བོ།

གཅིག བརྟན་ལྷིང་ལ་གནོད་པ་དང་། རྒྱལ་ནང་གི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བདེ་དོན་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས་གནས་བབ་ལ་དབྱེ་ཞིབ་དང་།ཐབས་ཇུས་གཏན་འབེབས་བཅས་བྱེད་དགོས།

གཉིས། སྒྲིག་འཛུགས་དང་ལག་བསྟར་བྱེད་རྒྱུ་མ་ཟད། ཁུལ་ཡོངས་ཀྱི་མྱུལ་ཞིབ་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་འཇིགས་སྐུལ་དོན་རྐྱེན་དང་དེ་བཞིན་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་སྣ་ཚོགས་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་པ།

གསུམ། ཁུལ་ཡོངས་ཀྱི་དཔལ་འབྱོར་ཉེས་གསོག་གྱོད་གཞི་ཐག་གཅོད་བྱེད་པ།

བཞི། རྒྱལ་མཚམས་ནས་འགྲོ་འོང་དང་ཕྱི་རྒྱལ་བ་རང་རེའི་ཁུལ་གྱི་ས་ཁོངས་སུ་གནས་སྡོད་དང་ཡུལ་སྐོར་གྱི་འབྲེལ་ཡོད་དོ་དམ་ལས་དོན་ལ་འགན་འཁུར་རྒྱུ་དང་། ཁུལ་ཡོངས་ཀྱི་སྤྱི་བདེའི་ཕྱི་དོན་ལས་དོན་ལ་འགན་འཁུར་བ།

ལྔ། ཁུལ་ཡོངས་ཀྱི་མེ་གསོད་དང་ཉེན་སྲུང་གི་ལས་ཀར་འགན་འཁུར་བ།

དྲུག ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་། འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་། དེ་བཞིན་རླངས་འཁོར་དང་ཁ་ལོ་བར་དོ་དམ་བྱེད་པའི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ་མ་ཟད་མཛུབ་ཁྲིད་ཀྱང་བྱེད་དགོས།

དྲུག ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པར་འགན་འཁུར་བ།

བདུན། ཁུལ་ཡོངས་ཀྱི་སྤྱི་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་ལས་དོན་ལ་འགན་འཁུར་དགོས།

བརྒྱད། ཁུལ་ཡོངས་ཀྱི་སྤྱི་བདེ་ཁྲིམས་ལུགས་འཛུགས་སྐྱོང་བྱེད་པའི་འགན་འཁུར་རྒྱུ་དང་། སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་བསྟར་བྱེད་སྒོར་ཁྲིད་སྟོན་དང་། ཞིབ་བཤེར། ལྟ་སྐུལ་བཅས་བྱེད་དགོས།

དགུ། བསྡུ་ཉར་སློབ་སྐྱོང་ཞིབ་མཆན་འགོད་པའི་བྱ་བ་དང་དེ་བཞིན་སྒྲུབ་འགན་འཁུར་བའི་ངལ་རྩོལ་སློབ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཞིབ་མཆན་གཞུང་ལས་ཁང་གི་རྒྱུན་ལྡན་བྱ་བར་འགན་འཁུར་དགོས།

བཅུ།  དུག་འགོག་དང་དུག་འགོག་གི་ལས་ཀ་བྱེད་པར་འགན་འཁུར་བ།

བཅུ་གཅིག ཁུལ་ཡོངས་ཀྱི་སྤྱི་བདེའི་ཚན་རིག་ལག་རྩལ་གྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤྱི་བདེའི་ཆ་འཕྲིན་ལག་རྩལ་དང་ཉེས་དོན་ལག་རྩལ། བྱ་སྤྱོད་ལག་རྩལ་བཅས་ལ་འཛུགས་སྐྲུན་འཆར་འགོད་བྱེད་དགོས།

བཅུ་གཉིས། ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྒྲིག་ཆས་དང་། སྒྲིག་སྦྱོར་བྱས་པའི་སྒྲིག་ཆས། འགྲོ་གྲོན་སོགས་ཉེན་རྟོག་ལས་དོན་འགན་སྲུང་བྱེད་རྒྱུའི་འགན་འཁུར་དགོས།

བཅུ་གསུམ། ཁུལ་ཡོངས་ཀྱི་སྤྱི་བདེའི་ཆབ་སྲིད་ལས་ཀ་དང་དཔུང་ཁག་འཛུགས་སྐྱོང་བྱེད་པར་འགོ་ཁྲིད་བྱེད་དགོས།

བཅུ་བཞི། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཞིང་ཆེན་སྤྱི་བདེ་ཐིང་བཅས་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་ལས་ཀ་གཞན་དག་སྒྲུབ་པའི་འགན་འཁུར་དགོས།

3 ནང་བཙུགས་ལས་ཁུངས།

སྒྲིག་ཨུ་དང་ཆབ་སྲིད་པུའུ། གཞུང་དོན་ཁང་། བཀོད་འདོམས་ལྟེ་གནས། གསང་འཕྲིན་ལྟེ་གནས། ཉེན་རྟོག་ལས་དོན་ལྟ་ཞིབ་ཉིང་ལག་རུ་ཁག རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཉིང་ལག་རུ་ཁག དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག བདེ་འཇགས་མྱུལ་ཞིབ་ཉིང་ལག་རུ་ཁག ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག མེ་ཟོན་ཉིང་ལག་རུ་ཁག ཉེན་སྲུང་ཁྲུའུ། ཉེན་རྟོག་ལས་དོན་འགན་སྲུང་ཁའོ་དང་རྩིས་བཤེར་ཁའོ་སོགས་ཉིང་ལག་རུ་ཁག24བཅས་བཙུགས་ཡོད།

4 གཟི་བརྗིད་མཚན་སྙན།

ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་ཇག་པ་བཅོམ་པ་དང་། གསར་བརྗེའི་ངོ་རྒོལ་པར་དྲག་གནོན། ངོ་ལོག་ཟིང་འཁྲུག་ཞི་འཇགས་གཏོང་བ། བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ། ལོག་སྤྱོད་རྨོངས་དད་ཚོགས་པ་མེད་པར་བཟོ་བ། གསར་བཙུགས་མི་དམངས་སྲིད་དབང་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ལ་སྲུང་སྐྱོབ་བཅས་བྱས།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་ཆབ་སྲིད་བརྟན་ལྷིང་དང་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་བླང་ཡོད།

5 འགོ་ཁྲིད།

ཁུལ་དཔོན་གཞོན་པ་དང་ཅུའུ་ཀྲང་། ཡུས་ཅང་།


དཔྱད་གཞིའི་ཡིག་ཆ།