ལུའོ་ཧོ་གྲོང་ཁྱེར་སྤྱི་བདེ་ཅུའུ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2021-02-25 15:28ལ་འགྲུབ།

ལུའོ་ཧོ་གྲོང་ཁྱེར་སྤྱི་བདེ་ཅུའུ།

ལུའོ་ཧོ་གྲོང་ཁྱེར་སྤྱི་བདེ་ཅུའུ།
ལུའོ་ཧོ་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་ལུའོ་ཧོ་གྲོང་ཁྱེར་ཧོང་ཧོ་ལམ་གྱི་ཨང999དུ་གནས་པ་དང་འགན་ནུས་ནི་སྤྱི་བདེའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྱི་འབྲེལ་ཡོད་གཏན་འབེབས་བཟོ་འགོད་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ། ཞིབ་བཤེར་བྱ་རྒྱུ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
漯河市公安局
རྒྱབ་ཁབ།
ཀྲུང་གོ
གནས་ཡུལ།
ལུའོ་ཧོ་གྲོང་ཁྱེར་ཧོང་ཧོ་ལམ་གྱི་ཨང999བ།
འགོ་ཁྲིད།
ལི་ཅུན་ཞིན།
རིགས་དབྱེ།
སྲིད་གཞུང་ལས་ཁུངས།
1 འགན་ནུས་ངོ་སྤྲོད།

གཅིག བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བ་དང་གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་སྟངས་འཛིན་བྱས་ནས་དུས་བབ་ལ་དབྱེ་ཞིབ་དང་ཐབས་ཇུས་བཟོ་དགོས།

གཉིས། མྱུལ་ཞིབ་ཀྱི་ལས་དོན་ལ་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་ནས་གྱོད་དོན་དང་། བདེ་དོན་སྐོར་གྱི་དོན་རྐྱེན། ཟིང་སློང་བཅས་གལ་ཆེན་རིགས་མཐུན་སྦྱོར་སྒོས་ཐག་གཅོད་བྱ་རྒྱུ། དཔལ་འབྱོར་ཐད་ཀྱི་ཉེས་གསོག་གྱོད་དོན་ལ་མྱུལ་ཞིབ་བྱེད་པའི་ལས་ཀ་སྒྲིག་འཛུགས་བྱ་རྒྱུ་བཅས་ཡིན།

གསུམ། མེ་གསོད་མེ་འགོག་གི་ལས་ཀར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ།

བཞི། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་ལས་དོན་སྒྲིག་འཛུགས་དང་ཁྲིད་སྟོན།ལྟ་སྐུལ་བཅས་བྱེད་དགོས།

ལྔ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ཁྲིམས་ལུགས་ལས་དོན་ལ་མཛུབ་ཁྲིད་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ངལ་རྩོལ་སློབ་གཅུན་ཨུ་ཡོན་ལྷན་ཁང་གི་རྒྱུན་གཏན་ལས་དོན་སྒྲུབ་འགན་འཁུར་དགོས།

དྲུག གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྒྲིག་ཆས་དང་། སྒྲིག་སྦྱོར་བྱས་པའི་སྒྲིག་ཆས། འགྲོ་གྲོན་སོགས་ཉེན་དོན་འགན་སྲུང་ཚད་གཞི་དང་ལམ་ལུགས་བཟོ་དགོས།

བདུན། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་མི་སྣ་གསོ་སྦྱོང་དང་སློབ་གསོའི་འཆར་འགོད་ཞིབ་འཇུག་བྱས་ནས་ལག་བསྟར་བྱ་རྒྱུ།

བརྒྱད། གྲོང་ཁྱེར་གྱི་ནགས་ཚལ་སྤྱི་བདེ་ཡན་ལག་ཅུའུ་ཡི་སྤྱི་བདེའི་བྱེད་སྒོའི་ལས་ཀར་སློབ་སྟོན་བྱ་རྒྱུ།

དགུ། གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་བསྒྲུབ་རྒྱུར་སྤྲད་པའི་དོན་དག་གཞན་དག་བསྒྲུབ་རྒྱུ་བཅས་ཡིན།

2 ནང་བཙུགས་ལས་ཁུངས།

ཁྲིམས་སྦྱོར་ཞུ་གཏུག་ཁའོ།

ཚན་རྩལ་འཕྲིན་སྐྱེལ་ཁའོ།

རྒྱབ་ཕྱོགས་མཁོ་སྒྲུབ་དམག་ཆས་ཁའོ།

ཉེན་རྟོག་བཀའ་རྒྱ་པུའུ།

དྲིལ་བསྒྲགས་ཁའོ།

སྐུ་སྲུང་ཁའོ།

ཉེན་དོན་ལྟ་ཞིབ་རུ་ཁག

ཆབ་སྲིད་པུའུ།

རྒྱལ་མཚམས་འགྲོ་འོང་དོ་དམ་ཁའོ།

ཁྲིམས་ལུགས་ཁང་།

3 ཁོངས་གཏོགས་སྒྲིག་གཞི།

འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག

བདེ་སྐྱོང་ཉེན་རྟོག་ཡན་ལག་རུ་ཁག

ལྟ་སྲུང་ཁང་།

བཙོན་ཁང་དོ་དམ་ཡན་ལག་རུ་ཁག

སྤྱི་བདེ་ལས་བྱེད་སློབ་གྲྭ།

དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་རུ་ཆེན།

མེ་གསོད་ཡན་ལག་རུ་ཁག

དྲ་རྒྱའི་ཉེན་རྟོག་ཡན་ལག་རུ་ཁག


དཔྱད་གཞིའི་ཡིག་ཆ།