དབྱིན་ཁྲོན་གྲོང་ཁྱེར་གྱི་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2021-03-01 08:37ལ་འགྲུབ།

དབྱིན་ཁྲོན་གྲོང་ཁྱེར་གྱི་ཁྲིམས་འཛིན་ཅུའུ།

དབྱིན་ཁྲོན་གྲོང་ཁྱེར་གྱི་ཁྲིམས་འཛིན་ཅུའུ།
《〈དབྱིན་ཁྲོན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞི〉དཔར་འགྲེམ་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུའི་གཞུང་ལས་ཐིང་གི་བརྡ་ཐོ》(ཉིན་ཏང་གི་གཞུང་ལས་ཐིན(2009)ཨང67པ)ལ་གཞིགས་ནས་དབྱིན་ཁྲོན་གྲོང་ཁྱེར་གྱི་ཁྲིམས་འཛིན་ཅུའུ་བཙུགས་ཏེ་དབྱིན་ཁྲོན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་སྒྲུབ་སྡེ་ཁག་ཏུ་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
银川市司法局
ཁོངས་གཏོགས།
དབྱིན་ཁྲོན་གྲོང་ཁྱེར་མི་དམངས་སྲིད་གཞུང་།
རིགས་དབྱེ།
སྲིད་གཞུང་གི་སྡེ་ཁག
གནས་ཡུལ།
དབྱིན་ཁྲོན་གྲོང་ཁྱེར།
1 ​འགན་ནུས་གཙོ་བོ།

གཅིག ཀྲུང་དབྱང་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་བྱེད་ཕྱོགས་དང་། སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཏན་འབེབས་བྱེད་པ། ལོ་རེའི་འཆར་གཞི་ཞིབ་འཇུག་དང་བཟོ་འགོད་བྱེད་པ།

གཉིས། ཆུས་ཡོངས་ཀྱི་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་དང་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་སྤྱིའི་འཆར་འགོད་ཞིབ་འཇུག་བཟོ་འགོད་བྱ་རྒྱུ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱས་ཏེ་ཆུས་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་ལ་མཛུབ་ཁྲིད་དང་། མཐུན་སྦྱོར། སྐུལ་འདེད་བཅས་གཏོང་རྒྱུ།

གསུམ། ཆུས་ཡོངས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ལས་ཀར་མཛུབ་ཁྲིད་དང་། དོ་དམ། ལྟ་སྐུལ་དང་། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ་ཁང་། སྤྱི་ཚོགས་ཀྱི་བཅའ་ཁྲིམས་འདྲི་རྩད་ལས་ཁུངས། ཁེ་ལས་ཀྱི་བཅའ་ཁྲིམས་བློ་འདྲིའི་ལས་དོན་སྒྲུབ་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པ།

བཞི། ཆུས་ཡོངས་ཀྱི་མི་དམངས་འདུམ་འགྲིག་ལས་དོན་དོ་དམ་དང་མཛུབ་ཁྲིད་གནང་བ་དང་། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཀ་སྒྲུབ་པ་དང་། གཞི་རིམ་ཁྲིམས་འཛིན་ཁང་ལ་དོ་དམ་དང་མཛུབ་ཁྲིད་བྱེད་པ་བཅས་ཡིན།

ལྔ། ཆུས་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་དོ་དམ་དང་མཛུབ་ཁྲིད་བྱེད་པ།

དྲུག ཆུས་ཡོངས་ཀྱི་ཁྲིམས་ལུགས་རིག་པའི་སློབ་གསོའི་འཆར་གཞི་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ་ཁྲིམས་ལུགས་རིག་པའི་སློབ་གསོ་དང་ཁྲིམས་ལུགས་རིག་པའི་གཞུང་ལུགས་སྐོར་གྱི་ཞིབ་འཇུག་སྒྲིག་འཛུགས་དང་དེར་མཛུབ་ཁྲིད་བྱེད་པ།

བདུན། ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཁྲིམས་ལུགས་ལས་ཀ་དང་སྲིད་འཛིན་གྱི་བྱ་ཐབས་བཟོ་བཀོད་ཀྱི་ལས་འགན་འགན་འཁུར་བ།

བརྒྱད། ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་། བསམ་བློ་ཆབ་སྲིད་ལས་དོན། མི་སྣའི་ལས་སྒོའི་གསོ་སྦྱོང་བཅས་ཀྱི་འགན་འཁུར་བ་དང་། བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཆབ་སྲིད་བསམ་བློ་དང་ཆབ་སྲིད་ལས་དོན་ལ་ཞིབ་འཇུག་བྱེད་པ།

དགུ། གོང་རིམ་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་ཆུས་སྲིད་གཞུང་གིས་སྤྲད་པའི་དོན་ཚན་གཞན་དག་སྒྲུབ་འགན་འཁུར་བ།

2 ལས་ཁུངས་ཀྱི་སྒྲིག་གཞི།

གཅིག གཞུང་ལས་ཁང་།

གཉིས། ཁྲིམས་སྐྱོང་བརྟག་དཔྱད་ཞིབ་འཇུག་དང་ལྟ་ཞིབ་གཞུང་ལས་ཁང་།

གསུམ། ཁྲིམས་འཛུགས་ཐོ་འགོད་ཞིབ་བཤེར་ཁའོ།

བཞི། སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་ལྟ་སྐུལ་ཁའོ།

ལྔ། སྲིད་འཛིན་བསྐྱར་གྲོས་ཁའོ།

དྲུག སྡེ་ཁུལ་ཡོ་བསྲང་དོ་དམ་ཅུའུ།

བདུན། བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཁའོ།

བརྒྱད། མི་དམངས་ཀྱིས་ཁྲིམས་སྐྱོང་ཐེ་ཞུགས་དང་སྐུལ་འདེད་ཁའོ།

དགུ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་དམ་ཁའོ།

བཅུ། ཁྲིམས་རོགས་པའི་ལས་སྒྲུབ་ཁའོ།

བཅུ་གཅིག ཆབ་སྲིད་པུའུ།

3 ད་ལྟའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི་དང་ཅུའུ་ཀྲང་། ཐང་རུའེ།

ཏང་ཨུའི་ཨུ་ཡོན་དང་བརྟག་ཞིབ་པ། དབྱང་ཝུན།

ཏང་ཨུའི་ཨུ་ཡོན་དང་བརྟག་ཞིབ་པ། ཁུང་ཝེ།

ཏང་ཨུའི་ཨུ་ཡོན་དང་ཅུའུ་ཀྲང་གཞོན་པ། ལི་ཚུའེ།

ཏང་ཨུའི་ཨུ་ཡོན་དང་ཅུའུ་ཀྲང་གཞོན་པ། ཀྲང་གོ་ཆིང་།

དཔྱད་གཞིའི་ཡིག་ཆ།