སྲན་མོག་ཀུབ་ཁུ།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2021-02-23 14:43ལ་འགྲུབ།

སྲན་མོག་ཀུབ་ཁུ།

སྲན་མོག་ཀུབ་ཁུ།
སྲན་མོག་ཀུབ་ཁུ་ནི་སྲན་རིལ་དང་། མོག་རོ། ཀུབ་དཀར། སྲན་སེར། བཅའ་ལྒ་ལེབ་མ་བཅས་ཀྱིས་གཡོས་སྦྱོར་བྱས་པའི་བཟའ་བཅའི་རིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
豌豆木耳冬瓜汤
སྡེ།
བཟའ་བཅའ།
རིགས་དབྱེ།
དཀར་ཟས།
བྲོ་བ།
ལན་ཚ་བ།
1 ངོ་སྤྲོད་མདོར་བསྡུས། 

སྲན་མོག་ཀུབ་ཁུ་ནི་སྲན་རིལ་དང་། མོག་རོ། ཀུབ་དཀར། སྲན་སེར། བཅའ་ལྒ་ལེབ་མ་བཅས་ཀྱིས་གཡོས་སྦྱོར་བྱས་པའི་བཟའ་བཅའི་རིགས་ཤིག་ཡིན།

2 རྒྱུ་ཆ། 

སྲན་རིལ་ཁེ75 མོག་རོ་ཁེ50 ཀུབ་དཀར་ཁེ250 སྲན་སེར50 བཅའ་ལྒ་ལེབ་མ2 ཚྭ་ཚད་དང་རན་པ།

3 ལས་རིམ།

གཅིག མོག་རོ་ཁུ་བ་དྭངས་མོའི་ནང་ལ་སྤངས་ནས་སྙི་མོར་གྱུར་རྗེས་གཙང་མར་བཀྲུ། སྲན་རིལ་དང་སྲན་སེལ་གཉིས་གཙང་མར་བཀྲུ། ཀུབ་དཀར་གཙང་མར་བཀྲུས་ནས་མཐུག་པོར་གཏུབ།

གཉིས། ཆུ་ཚད་རན་དུ་ལུམས་གདུ་བྱས་ནས་ཁོལ་ཚེ་ནང་ལ་སྲན་རིལ་དང་སྲན་སེར། ཀུབ་དཀར། མོག་རོ། བཅའ་ལྒ་བཅས་འཕངས་ནས་གདུས་ཏེ་འཕྱུར་ཙམ་ན་མེ་ཤུགས་འཇམ་པོས་ཆུ་ཚོད་གཅིག་དང་ཕྱེད་ལ་ཡུན་དུ་ལུམས་གདུ་བྱེད། དེ་རྗེས་ཚྭ་བཏབ་ནས་བྲོ་བ་བསྡབ་པས་ཆོག

4 ཁྱད་ཆོས།

བྲོ་བ་བསིལ་ཞིང་མགྲེ་ལ་སྲན་མའི་དྲི་ངད་ལྡང་།

5 གནད་སྒོ། 

ཀུབ་དཀར་ཤུན་སྐོགས་དང་ནང་སྙིང་གཉིས་གཙང་ལེན་བྱས་རྗེས་གཏུབ།