ལིང་ཝུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2021-02-25 16:06ལ་འགྲུབ།

ལིང་ཝུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།

ལིང་ཝུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།
ལིང་ཝུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1950ལོར་བཙུགས་པ་དང་། ད་ལྟ་ཁྲིམས་ཁང་ལ་ལས་མི128ཡོད་པའི་ནང་འདྲི་གཅོད་ལག་བསྟར་བྱ་ཡུལ་གྱི་ཁྲིམས་དཔོན37ཡོད་པ་དེས་ལས་མི་ཡོངས་ཀྱི41.1%བཟུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
灵武市人民法院
འབྲེལ་གཏུགས་ཁ་པར།
0951-4513559
བཙུགས་ལོ།
སྤྱི་ལོ1950ལོར་བཙུགས།
ལས་མི།
128ཡོད།
ཡོན་ཀྲང་།
ཝེ་ཁའེ་ཅུན།
སྦྲག་སྲིད་ཨང་རྟགས།
750400
1 ​ངོ་སྤྲོད་མདོར་བསྡུས།

ལིང་ཝུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1950ལོར་བཙུགས་པ་དང་། ད་ལྟ་ཁྲིམས་ཁང་ལ་ལས་མི128ཡོད་པའི་ནང་འདྲི་གཅོད་ལག་བསྟར་བྱ་ཡུལ་གྱི་ཁྲིམས་དཔོན37ཡོད་པ་དེས་ལས་མི་ཡོངས་ཀྱི41.1%བཟུང་ཡོད།

2 ལས་ཁུངས་ཀྱི་སྒྲིག་གཞི།

ལིང་ཝུའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དུ་གཞུང་ལས་ཁང་དང་། ཆབ་སྲིད་ལས་དོན་ཁག སྒྲིག་བཤེར་ལྟ་ཞིབ་ཁང་། ཉེས་དོན་ཁང་། དམངས་དོན་ཁྲིམས་ར་དང་པོ། དམངས་དོན་ཁྲིམས་ར་གཉིས་པ། མྱུར་གཅོད་ཁང་། འདྲི་གཅོད་ལྟ་སྐུལ་ཁང་། སྲིད་འཛིན་ཁང་། གྱོད་དོན་ཐོ་འགོད་ཁང་། ལག་བསྟར་ཁང་། ཁྲིམས་ལུགས་ཉེན་རྟོག་རུ་ཁག་སོགས་སྒྲིག་གཞི12དང་། ཉིང་ཏུང་ཁྲིམས་ཁང་། ཁྲུང་ཞིན་ཁྲིམས་ར། ནུབ་འདབས་ཁྲིམས་ར་བཅས་མངག་གཏོང་ཁྲིམས་ར3ཡོད།

3 འགན་འཁྲི་གཙོ་བོ།

གཅིག བཅའ་ཁྲིམས་ལྟར་འདྲི་གཅོད་དང་པོ་དང་། ཉེས་དོན་འདྲི་གཅོད་གཉིས་པ། དམངས་དོན་ཚོང་དོན། སྲིད་འཛིན་གྱོད་དོན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྤྲད་པའི་འདྲི་གཅོད་བྱ་བའི་གྱོད་དོན་ལ་འདྲི་གཅོད་བྱེད་པ།

གཉིས། བཅའ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་སྐྱིན་ཚབ་སྤྲོད་པའི་ལས་དོན་ཐག་གཅོད།

གསུམ། བཅའ་ཁྲིམས་ལྟར་འདྲི་གཅོད་ལྟ་སྐུལ་གྱི་གོ་རིམ་གཞིར་བཟུང་ནས་དོ་བདག་གིས་བཏོན་པའི་གནས་ལུགས་ཞུ་འབུལ་དང་། དམངས་དོན་ཚོང་དོན། སྲིད་འཛིན་གྱོད་དོན་བཅས་ཞིབ་གཅོད་བྱེད་པ།

བཞི། བཅའ་ཁྲིམས་ལྟར་འོག་རིམ་མི་དམངས་ཁྲིམས་ཁང་གི་བདག་སྤྲོད་མི་གསལ་བའི་གྱོད་དོན་གྱི་བདག་སྤྲོད་བྱེད་ཁོངས་དམིགས་འཛུགས་དང་བདག་སྐྱོང་རྩོད་གླེང་ཞིབ་གཅོད་བྱེད་པའི་གྱོད་དོན་བཅས།

ལྔ། འོག་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལས་ཀར་ལྟ་སྐུལ་དང་མཛུབ་ཁྲིད་བྱེད་པ།

དྲུག འདྲི་གཅོད་ལས་དོན་ཁྲོད་ཁྲིམས་ལུགས་དང་། སྲིད་ཇུས་ལག་བསྟར་བྱ་བའི་དཀའ་གནད་བེད་སྤྱོད་པའི་དོགས་གནད་ཡོད་རིགས། གནད་དོན་ཐག་གཅོད་བྱ་བའི་བྱེད་ཐབས་དང་བསམ་འཆར། ཁྲིམས་འཛིན་གྱི་གྲོས་གཞི་འདོན་རྒྱུ། ཁྲིམས་འཛིན་གྱི་བསྡོམས་རྩིས་བྱ་བ་སྤེལ་ནས་ས་གནས་ཀྱི་ཁྲིམས་འཛུགས་དང་ཕྱོགས་བསྡུས་ཀྱི་བཅོས་སྐྱོང་བྱ་བར་ཞུགས་རྒྱུ།

བདུན། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་ནོར་དོན་དང་ །སྒྲིག་ཆས། ལག་རྩལ། གསལ་འབྱེད་སོགས་ཀྱི་ལས་ཀར་ཁྲིད་སྟོན་བྱེད་པ་མ་ཟད། འབྲེལ་ཡོད་གྲོན་དངུལ་དང་དངོས་པོའི་སྒྲིག་ཆས་དོ་དམ་བྱེད་འགན་འཁུར་ཡོད།

བརྒྱད། གྲོང་ཁྱེར་གྱི་ཁྲིམས་ཁང་གི་ལྟ་ཞིབ་ལས་ཀར་འགོ་ཁྲིད་བྱེད་པ།

4 གཟི་བརྗིད་མཚན་སྙན།

ལིང་ཝུའུ་གྲོང་ཁྱེར་གྱི་མི་དམངས་ཁྲིམས་ཁང་ལ་སྔ་རྗེས་སུ་ལྗོངས་ཡོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་ཁྲིམས་ཁང”དང་། “ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་མི་དམངས་འདུམ་འགྲིག་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”དང་།“ལྗོངས་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་གནས་ཚུལ་སྤེལ་བའི་སྔོན་ཐོན་ཚན་པ”ཡིང་ཁྲོན་གྲོང་ཁྱེར་གྱི“ཤེས་དཔལ་ཚན་པ”དབྱིན་ཁྲོན་གྲོང་ཁྱེར་གྱི “གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་སྲིད་གཙང་རིག་གནས་འཛུགས་སྐྱོང་གི་སྔོན་ཐོན་མཉམ་སྡེབ”བཅས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།

དཔྱད་གཞིའི་ཡིག་ཆ།