ཧེ་ཧོ་གྲོང་ཁྱེར་ཨའེ་ཧུའེ་ལོ་རྒྱུས་བཤམས་སྟོན་ཁང་ནི་ཆིང་རྒྱལ་རབས་ཀྱི་ཧེ་ལུང་ཅང་དམག་དཔོན་ཡ་མོན་གྱི་སྡོད་གནས་དང་པོ་རུ་གནས་ཤིང་། སྤྱི་ལོ1858ལོའི《ཀྲུང་ཨུའི་ཧུའེ་ཆིངས་ཡིག》གི་མིང་རྟགས་འགོད་ཡུལ་ཏེ་ཨའེ་ཧུའེ་གྲོང་གསར་གྱི་རྗེས་ཤུལ་དུ་གནས་པ་དང་། གནའ་ཤུལ་ནི་ད་ལྟ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཞིག་ཡིན།
ཨའེ་ཧུའེ་ལོ་རྒྱུས་བཤམས་སྟོན་ཁང་ནི་རྒྱལ་ཡོངས་ཀྱི་ཀྲུང་ཨུའི་རྒྱང་ཤར་འབྲེལ་བའི་ལོ་རྒྱུས་གཞི་རྩའི་འགྲེམས་སྟོན་ནང་དོན་དུ་བྱས་པའི་ཆེད་དོན་རང་བཞིན་གྱི་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་གཅིག་པུ་དེ་ཡིན་པ་དང་། རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་ཁག་དང་པོའི་གྲས་ཤིག རྒྱལ་ཡོངས་ཀྱི་སྤུས་ལེགས་དངོས་རྫས་ཁང་ཆེ་གྲས་བཅུ། རྒྱལ་ཡོངས་ཀྱི་གཙོ་གནད་དངོས་མང་བཤམས་སྟོན་ཁང་བཅས་ཡིན།
སྤྱི་ལོ2017ལོའི་ཟླ1པོར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ནོར་སྲིད་པུའུ། རྒྱལ་ཁབ་ཡུལ་སྐོར་ཅུའུ། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་སོགས་ཚན་ཀྱིས《རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་རྩེར་སོན་མཛེས་ལྗོངས་ཁུལ་གྱི་མིང་གཞུང》ཁྱབ་བསྒྲགས་བྱས་པ་དང་ཨའེ་ཧུའེ་ལོ་རྒྱུས་བཤམས་སྟོན་ཁང་དེའི་ནང་ཚུད་ཡོད།
ཨའེ་ཧུའེ《ཨའེ་ཧུའེ་ཆིངས་ཡིག》གི་རྐྱེན་གྱིས་འཛམ་གླིང་དུ་སྐད་གྲགས་ཆོད་པ་དང་། ཨའེ་ཧུའེ་ལོ་རྒྱུས་བཤམས་སྟོན་ཁང་ཡང《ཨའེ་ཧུའེ་ཆིངས་ཡིག》གི་རྐྱེན་གྱིས་འཛམ་གླིང་དུ་སྐྱེ་བོ་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ཨའེ་ཧུའེ་ལོ་རྒྱུས་བཤམས་སྟོན་ཁང་དུ་ཀྲུང་ཨུའི་འབྲེལ་བའི་འགྱུར་ལྡོག་ལོ་རྒྱུས་བཀོད་ཡོད།
ཨའེ་ཧུའེ་ལོ་རྒྱུས་བཤམས་སྟོན་ཁང་ནི་སྤྱི་ལོ1975ལོའི་ཟླ6པར་བསྐྲུན་པ་དང་། ལོ་དེའི་ཟླ9བར་ལས་མཇུག་འགྲིལ་བ་དང་འབྲེལ་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱས་པ་རེད། འགྲེམས་ཁང་ཐོག་མར་སྐྲུན་སྐབས“ཨའེ་ཧུའེ་བསྐྱར་གསོ་འགྲེམས་སྟོན་ཁང”ཞེས་མིང་བཏགས་ཡོད།
སྤྱི་1979ལོའི་ཟླ7པར་འགྲེམས་སྟོན་ཁང་གིས་འགྲེམས་སྟོན་བྱས་པའི་ནང་དོན་ལེགས་སྒྲིག་བྱས་པ་མ་ཟད། “ཨའེ་ཧུའེ་ལོ་རྒྱུས་བཤམས་སྟོན་ཁང”ཞེས་མིང་བཏགས།
སྤྱི་ལོ1994ལོར་ཨའེ་ཧུའེ་ལོ་རྒྱུས་བཤམས་སྟོན་ཁང་ལ་ཞིང་ཆེན་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞེས་མིང་བཏགས།
སྤྱི་ལོ1997ལོར་ཞིང་ཆེན་རིམ་པའི་རྒྱལ་སྲུང་སློབ་གསོའི་རྟེན་གཞི་དང་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་སྟོན་སློབ་གསོའི་རྟེན་གཞི་ཁག་དང་པོ་བརྒྱ་ལ་མིང་བཏགས།
སྤྱི་ལོ1992ལོར་ཧེ་ཧོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐའ་མཚམས་སྒོ་འབྱེད་གྲོང་ཁྱེར་དུ་ཆོག་མཆན་བཀོད་རྗེས། ཨའེ་ཧུའེ་ལོ་རྒྱུས་བཤམས་སྟོན་ཁང་དེ་ཧེ་ཧོ་གྲོང་ཁྱེར་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར།