ལྕགས་མི་ཝང་ཅིན་ཞིའི་དྲན་གསོ་ཁང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-01-22 15:47ལ་འགྲུབ།

ལྕགས་མི་ཝང་ཅིན་ཞིའི་དྲན་གསོ་ཁང་།

ལྕགས་མི་ཝང་ཅིན་ཞིའི་དྲན་གསོ་ཁང་།
ལྕགས་མི་ཝང་ཅིན་ཞིའི་དྲན་གསོ་ཁང་ནི་ཀྲུང་གོའི་བཟོ་བ་གྲལ་རིམ་གྱི་གདོང་ལེན་འཐབ་འཛིང་པ་ལྕགས་མི་ཝང་ཅིན་ཞི་ལ་དྲན་གསོ་ཞུ་ཆེད་སྤྱི་ལོ1971ལོར་བསྐྲུན་པ་ཞིག་ཡིན་ལ། ཧེ་ལུང་ཅང་ཞིང་ཆེན་ཏ་ཆིང་གྲོང་ཁྱེར་དུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
铁人王进喜纪念馆
གནས་ཡུལ།
ཧེ་ལུང་ཅང་ཞིང་ཆེན་ཏ་ཆིང་གྲོང་ཁྱེར།
སྒོ་འབྱེད་དུས་ཚོད།
སྔ་དྲོའི་ཆུ་ཚོད8:30ནས་ཕྱི་དྲོའི་ཆུ་ཚོད16:00བར་ཡིན།
ཡུལ་ལྗོངས་རིམ་པ།
རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་ལྗོངས་རྒྱུ།
པ་སེ་རིན་གོང་།
རིན་མེད།
ས་བཟུང་རྒྱ་ཁྱོན།
སྤྱི་ཆང11.6ཡོད།
བཙུགས་ལོ།
སྤྱི་ལོ1989ལོ།
སྒོ་འབྱེད་ལོ།
སྤྱི་ལོ2006ལོའི་ཟླ9བའི་ཚེས26ཉིན།
1 ངོ་སྤྲོད།

ལྕགས་མི་ཝང་ཅིན་ཞིའི་དྲན་གསོ་ཁང་ནི་ཀྲུང་གོའི་བཟོ་བ་གྲལ་རིམ་གྱི་གདོང་ལེན་འཐབ་འཛིང་པ་ལྕགས་མི་ཝང་ཅིན་ཞི་ལ་དྲན་གསོ་ཞུ་ཆེད་སྤྱི་ལོ1971ལོར་བསྐྲུན་པ་ཞིག་ཡིན་ལ། ལྕགས་མིའི་དྲན་གསོ་ཁང་གི་དེ་སྔའི་གནས་ཡུལ་ཧེ་ལུང་ཅང་ཞིང་ཆེན་ཏ་ཆིང་གྲོང་ཁྱེར་བཅིངས་འགྲོལ་ཁྲོམ་གཞུང་གཉིས་པའི་ཨང8པར་གནས་པ་དང་། དེ་ནི་སྤྱི་ལོ1989ལོར“བློ་མཐུན་ལྕགས་མི་ཝང་ཅིན་ཞིའི་དཔའ་བོའི་བྱས་རྗེས་བཤམས་སྟོན་ཁང”གི་གནས་རྙིང་སྟེང་དུ་གསར་བསྐྲུན་བྱས་པ་ཞིག་ཡིན། འགྲེམས་ཁང་ཡོངས་ཀྱི་ས་བཟུང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི5.4ཟིན་པའི་ནང་སྔོ་ལྗང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི3ཟིན་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1240ཟིན་ཡོད།  


སྤྱི་ལོ2017ལོའི་ཟླ1པོར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ནོར་སྲིད་པུའུ། རྒྱལ་ཁབ་ཡུལ་སྐོར་ཅུའུ། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་སོགས་ཚན་ཀྱིས《རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་རྩེར་སོན་མཛེས་ལྗོངས་ཁུལ་གྱི་མིང་གཞུང》ཁྱབ་བསྒྲགས་བྱས་པ་དང་། ལྕགས་མི་ཝང་ཅིན་ཞིའི་དྲན་གསོ་ཁང་དེའི་ནང་ཚུད་ཡོད།

2 དྲན་གསོ་ཁང་གི་ལོ་རྒྱུས།

ལྕགས་མི་ཝང་ཅིན་ཞིའི་དྲན་གསོ་ཁང་གི་དེ་སྔའི་གནས་ཡུལ་ནི་ཧེ་ལུང་ཅང་ཞིང་ཆེན་ཏ་ཆིང་གྲོང་ཁྱེར་བཅིངས་འགྲོལ་ཁྲོམ་གཞུང་གཉིས་པའི་ཨང8པར་གནས་པ་དང་། སྤྱི་ལོ1989ལོར“བློ་མཐུན་ལྕགས་མི་ཝང་ཅིན་ཞིའི་དཔའ་བོའི་བྱས་རྗེས་བཤམས་སྟོན་ཁང”གི་གནས་རྙིང་སྟེང་དུ་གསར་དུ་བསྐྲུན་པ་ཞིག་ཡིན་པ་དང་། འགྲེམས་ཁང་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི5.4ཟིན་ཡོད། སྤྱི་ལོ2003ལོའི་ཟླ2པར་ཏ་ཆིང་ས་ཁུལ་གྱི་རྡོ་སྣུམ་རྫས་འགྱུར་ཁེ་ལས་དང་། ཀྲུང་གུང་ཏ་ཆིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་མཉམ་དུ་གྲོས་མོལ་བྱས་པ་དང་། ཀྲུང་གུང་ཧེ་ལུང་ཅང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་པ། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སིའི་ཆོག་མཆན་ཐོབ་སྟེ་ལྕགས་བཟོ་བ་ཝང་ཅིན་ཞིའི་དྲན་གསོ་ཁང་ གནས་སྤོ་བྱ་རྒྱུའི་ཐག་བཅད།

3 འཛུགས་སྐྲུན་བཀོད་སྒྲིག


ལྕགས་མི་ཝང་ཅིན་ཞིའི་དྲན་གསོ་ཁང་དེ་རང་ཧུའུ་ལུའུ་ཆུས་ཀྱི་དུས་རབས་ལམ་ཆེན་དང་ལྕགས་མིའི་ལམ་ཆེན་གྱི་འབྲེལ་མཚམས་དང་། དོ་དམ་ཅུའུ་ཡི་གཞུང་ལས་ཐོག་ཁང་དང་ལྕགས་མིའི་ཐང་ཆེན་གྱི་ཁ་གཏད་དུ་གནས་ཡོད། འགྲེམས་ཁང་གི་ས་བཟུང་རྒྱ་ཁྱོན་ལ་སྤྱི་ཆིང11.6དང་། འཛུགས་སྐྲུན་གཙོ་བོའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2.15 འགྲེམས་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4790ཟིན་པ། འགྲེམས་ཁང་གི་སྤྱིའི་རིང་ཚད་སྨི917རིང་དུ་བཏང་ཡོད་པ་དང་། འགྲེམས་ཁང4ཡོད་པ་དེ་དག་ཐོག་སོ་གཅིག་དང་གཉིས་པར་ཁྱབ་ཡོད་པ་དང་། ཐོག་སོ་གསུམ་དང་བཞི་པ་ནི་ལས་དོན་མི་སྣའི་གཞུང་ལས་སྒྲུབ་ས་ཡིན།

4 གཟི་བརྗིད་མཚན་སྙན།

ལྕགས་མི་ཝང་ཅིན་ཞིའི་དྲན་གསོ་ཁང་ནི་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སིའི་ཁེ་ལས་ཀྱི་བསམ་པའི་སློབ་གསོའི་རྟེན་གཞི་དང་། རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི། རྒྱལ་ཡོངས་བཟོ་ལས་ཡུལ་སྐོར་དཔེ་སྟོན་ས་ཚིགས། ཧེ་ལུང་ཅང་ཞིང་ཆེན་དམག་ཁུལ་ཁང་གི“གསར་བརྗེའི་སྲོལ་རྒྱུན་སློབ་གསོའི་རྟེན་གཞི” རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་ཡིན། 


སྤྱི་ལོ2009ལོའི་ཟླ10བར་འཚོགས་པའི་སྐབས་བརྒྱད་པའི(སྤྱི་ལོ2007ལོ་ནས་སྤྱི་ལོ2008ལོའི་བར་གྱི་ལོ་འཁོར)“རྒྱལ་ཡོངས་དངོས་མང་བཤམས་སྟོན་ཁང་གི་བཤམས་སྟོན་སྤུས་དག་བྱ་དགའ་ཆེན་པོ་བཅུ”དཔྱད་འདེམས་བྱེད་རིང་ཏ་ཆིང་ལྕགས་མི་ཝང་ཅིན་ཞིའི་དྲན་གསོ་ཁང་གི《རྡོ་སྣུམ་གྱི་བླ་སྲོག་སྟེ། ལྕགས་མིའི་ཝང་ཅིན་ཞིའི་ཚེ་གང་གི་བྱས་རྗེས་བཤམས་སྟོན》ལ“སྤུས་ལེགས་བྱ་དགའ་ཆེན་པོ་བཅུ”ཐོབ།


དཔྱད་གཞིའི་ཡིག་ཆ།