ཡོད་པ་བདུན།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-01-21 15:40ལ་འགྲུབ།

ཡོད་པ་བདུན།

ཡོད་པ་བདུན།
མི་སྐོར་ཞིག་གིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་སྣང་མེད་དུ་བཞག་སྟེ་རང་གི་ལམ་ཞེས་པའི་ཆེད་དང་། གཞན་ལ་རང་ཉིད་ཀྱི་ཤུགས་རྐྱེན་ཐེབས་ཆེད། རང་གི་ཤ་ཉེ་རིང་བསྐོ་བཞག་བྱས་ཏེ། གཞན་པ་སྣང་མེད་དུ་འཇོག་མཁན་ཡོད་པ། ཁྱི་སྤྱང་ངན་འབྲེལ་བྱེད་མཁན་ཡོད་པ། མིང་མི་འགོད་པར་བསྙོན་འཛུགས་པ་དང་དཀྲོག་གཏམ་བཟོ་མཁན་ཡོད་པ། མི་སེམས་བསླུས་ཏེ་འདེམས་ཤོག་འཕེན་དུ་འཇུག་མཁན་ཡོད་པ། དཔོན་གནས་འཁུར་བར་གསོལ་འདེབས་དང་། རང་གི་རོགས་པ་དཔོན་པོར་བསྐོས་ཏེ་ཕན་ཚུན་རྟེན་འབྲེལ་ཞུ་བ་ཡོད་པ། རང་སྣང་གང་ཤར་དང་། དཀར་ནག་གོ་ལྡོག་གིས་ལས་བྱེད་མཁན་ཡོད་པ། གོང་སྟོབས་འོག་ཞན་གྱིས་བསྐོ་སྤྱོད་བྱེད་མི་ཐུབ་པ་དང་། ཀྲུང་དབྱང་གི་བཀའ་དྲིན་བརྗེད་པ་ཡང་ཡོད་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་མིང་།
七个有之
བྱུང་ཁུངས།
《གསུང་བཤད་ཚན་བཤུས》
དཔེ་སྐྲུན་ལས་ཁུངས།
ཀྲུང་དབྱང་ཡིག་ཚང་དཔེ་སྐྲུན་ཁང་། ཀྲུང་དབྱང་ཧྥང་ཀྲེང་དཔེ་སྐྲུན་ཁང་།
རིགས་དབྱེ།
ཆབ་སྲིད་དོན་སྤྱི།
1 ངོ་སྤྲོད། 

ཡོད་པ་བདུན་ནི《ཞི་ཅིན་ཕིང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་སྐོར་གྱི་གསུང་བཤད་ཚན་བཤུས》ཞེས་པ་ལས་བཤུས། ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་གུང་ཀྲུང་དབྱང་ཡིག་ཚང་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་མཛད་པའི《ཞི་ཅིན་ཕིང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་གཙང་འཐབ་རྩོད་སྐོར་རྒྱས་བཤད་ཀྱི་ཚན་བཤུས》ཞེས་པའི་དེབ་དེ་ཀྲུང་དབྱང་ཡིག་ཚང་དཔེ་སྐྲུན་དང་། ཀྲུང་གོ་ཧྥང་ཀྲེང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཞིང་། རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

2 བྱུང་ཁུངས།

《ཞི་ཅིན་ཕིང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་སྐོར་གྱི་གསུང་བཤད་ཚན་བཤུས》ཞེས་པ་ལས་དྲངས།

3 ནང་དོན།

མི་སྐོར་ཞིག་གིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་སྣང་མེད་དུ་བཞག་སྟེ་རང་གི་ལམ་ཞེས་པའི་ཆེད་དང་། གཞན་ལ་རང་ཉིད་ཀྱི་ཤུགས་རྐྱེན་ཐེབས་ཆེད། རང་གི་ཤ་ཉེ་རིང་བསྐོ་བཞག་བྱས་ཏེ། གཞན་སྣང་མེད་དུ་འཇོག་མཁན་ཡོད་པ། ཁྱི་སྤྱང་ངན་འབྲེལ་བྱེད་མཁན་ཡོད་པ། མིང་མི་འགོད་པར་བསྙོན་འཛུགས་པ་དང་དཀྲོག་གཏམ་བཟོ་མཁན་ཡོད་པ། མི་སེམས་བསླུས་ཏེ་འདེམས་ཤོག་འཕེན་དུ་འཇུག་མཁན་ཡོད་པ།  དཔོན་གནས་འཁུར་བར་གསོལ་འདེབས་དང་། རང་གི་རོགས་པ་དཔོན་པོར་བསྐོས་ཏེ་ཕན་ཚུན་རྟེན་འབྲེལ་ཞུ་བ་ཡོད་པ། རང་སྣང་གང་ཤར་དང་། དཀར་ནག་གོ་ལྡོག་གིས་ལས་བྱེད་མཁན་ཡོད་པ། གོང་སྟོབས་འོག་ཞན་གྱིས་བསྐོ་སྤྱོད་བྱེད་མི་ཐུབ་པ་དང་། ཀྲུང་དབྱང་གི་བཀའ་དྲིན་བརྗེད་པ་ཡང་ཡོད་པ་བཅས་ཡིན།

4 ཤུགས་རྐྱེན།

ཏང་ཡོན་ལས་བྱེད་པ་སྐོར་ཞིག་དང་འགོ་ཁྲིད་སྐོར་ཞིག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་མི་བརྟན་ཞིང་། ཡོད་པ་བདུན་གྱི་གནད་དོན་གནས་པས། ཏང་སྲོལ་དང་སྲིད་སྲོལ་ངན་ཕྱོགས་སུ་བསྒྱུར་བ་མ་ཟད། རུལ་སུངས་ཀྱི་གནད་དོན་ཚབས་ཆེན་པོ་བཟོས་ཡོད།

5 དོན་སྙིང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡོད་པ་བདུན་གྱིས་རིམ་པ་སོ་སོ་དང་ས་ཆ་སོ་སོའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་འགོ་ཁྲིད་ལས་བྱེད་པར་ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡིན་དགོས་པའི་སྐུལ་མ་བཏང་འདུག

6 ལག་ལེན་དོན་འཁྱོལ།

《གསུང་བཤད་ཚན་བཤུས》ལ་ཆེད་དོན9དང་། ཚན་པ216ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ལོ2012ལོའི་ཟླ10པའི་ཚེས23ཉིན་བར་སྐབས་ཀྱི་གསུངས་བཤད་དང་། རྩོམ་ཡིག ཆོག་མཆན་སོགས་ཡིག་ཚང་གལ་ཆེན་སྣ40ལྷག་ཕྱོགས་བསྡུས་བྱས་ཡོད་པ་ལས་བཤུས་ཤིང་། དེ་ལས་མང་བོ་ཞིག་ཐེངས་དང་པོར་སྤྱི་བསྒྲགས་བྱས་པ་ཡིན།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལས་ཁུངས་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་མཉམ་འབྲེལ་གྱིས་བརྡ་ཐོ་བཏང་སྟེ། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཏང་སྲོལ་ཡོ་བསྲང་དང་། སྲིད་དོན་གཙང་སྐྱོང་དང་། རུལ་རྒོལ་འཐབ་རྩོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཟུང་འབྲེལ་བྱས་ཏེ། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མུ་འབྲེལ་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐར་ཕྱིན་བྱས་ཤིང་། གོ་བ་གཏིང་ཟབ་ལེན་པ་དང་གོ་དོན་མཐིལ་རྟོགས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་གནས་བབ་ལ་བརྡར་ཤ་གཅོད་པ་དང་ཐབས་ཇུས་བཀོད་སྒྲིག་བྱེད་པའི་ཐོག་གཅིག་གྱུར་བྱས་ཏེ། ཏང་སྲོལ་ཡོ་བསྲང་དང་། སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་ལས་དོན་ཁག་ཏན་ཏིག་གིས་བསྒྲུབས་ཡོད།

དཔྱད་གཞིའི་ཡིག་ཆ།