དགུ་གཅིག་བརྒྱད་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-01-22 15:40ལ་འགྲུབ།

དགུ་གཅིག་བརྒྱད་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་།

དགུ་གཅིག་བརྒྱད་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་།
དགུ་གཅིག་བརྒྱད་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་ནི་དགུ་གཅིག་བཅོ་བརྒྱད”དུས་འགྱུར་གྱི་ལོ་རྒྱུས་མཚོན་པའི་དངོས་མང་བཤམས་སྟོན་ཁང་ཞིག་ཡིན་པ་དང་། ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ཏ་ཏུང་ཆུས་ཝང་ཧྭ་ལྷོ་ལམ་གྱི་ཨང46པར་གནས་ཤིང་། ཧྲེན་དབྱང་བྱང་ཤར་རྒྱུད་དང་། ལིའུ་ཐའོ་ཧུའུ་ལི་ཅའོ་ཆའོ་ཡི་ནུབ་བྱང་དུ་གནས་པ་དང་། ནུབ་ཕྱོགས་སུ་ལྕགས་ལམ་ཆེན་པོ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
九•一八”历史博物馆
གནས་ཡུལ།
ལའོ་ཉིང་ཞིང་ཆེན་ཧྲེན་དབྱང་ཏ་ཏུང་ཆུས་ཝུང་ཧྭ་ལྷོ་ལམ་གྱི་ཨང46པ།
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
སྒོ་འབྱེད་དུས་ཚོད།
དབྱར་དུས་ཆུ་ཚོད 9:00——17:00
ཡུལ་ལྗོངས་རིམ་པ།
རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ།
པ་སེ་རིན་གོང་།
རིན་མེད།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ།
ཁོངས་གཏོགས་གྲོང་ཁྱེར།
ལའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར།
1 ངོ་སྤྲོད།

དེ་ནི་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་། ཁྱོན་འགྲེམས་ཁང7ཡོད་པ་དང་འགྲེམས་སྟོན་པར800ལྷག་ཙམ་ཡོད་པ་དང་། དངོས་རྫས་ངོ་གྲངས300ལྷག་ཡོད་པ། ཚད་ལྡན་ཡིག་ཆ་དང་ཡིག་ཚགས་དཔྱད་ཡིག100ཙམ་ཡོད། འཇིམ་སྐུ4 སྣུམ་ཚོན་རི་མོ་དང་།རྒྱལ་ཁབ་ཀྱི་རི་མོ་སོགས20ལྷག་དང་། གློག་ཀླད་ཀྱིས་བརྙན་ཤེལ14 བརྙན་ཤེལ་ཆེན་པོའི་བརྙན་འཕྲིན་བརྙན་ཕབ་འཕྲུལ་ཆས2བཅས་ཡོད་པ་དང་། ཁུལ་དབྱེའི་རླུང་འཕྲིན་དང་། ཀྲུང་དབྱང་དྲོད་སྙོམས་འཕྲུལ་ཆས། གློག་བརྙན་བརྙན་འཕྲིན་སྙན་ཞུའི་ཚོམས་ཆེན། གློག་རྡུལ་དཔེ་ཀློག་ཁང་། སྨྱན་སྦྱོར་གློག་ཀླད་མ་ལག་དང་རྒྱལ་སྤྱིའི་དྲ་སྦྲེལ་སོགས་སྒྲིག་བཀོད་ཡོད་པ། འཛམ་གླིང་སྟེང་ཕྱོགས་ཡོངས་ནས“དགུ་གཅིག་བཅོ་བརྒྱད”དུས་འགྱུར་གྱི་ལོ་རྒྱུས་མཚོན་པའི་དངོས་མང་བཤམས་སྟོན་ཁང་ཞིག་ཡིན་པ་དང་། རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། རྒྱལ་ཁབ་ཀྱི་AAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དངོས་མང་བཤམས་སྟོན་ཁང་། ལེའོ་ཉིང་ཞིང་ཆེན་གྱི་ཐའེ་ཝན་ལ་སྤེལ་རེས་རྟེན་གཞི་བཅས་ཡིན།

སྤྱི་ལོ2016ལོའི་ཟླ12པར《རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མིང་གཞུང》ནང་ཚུད་ཡོད་པ་དང་། སྤྱི་ལོ2017ལོའི་ཟླ12པར་སློབ་གསོ་པུའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞི་དང་སྒར་སའི་མིང་ཐོར་བདམས།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1995ལོར“དགུ་གཅིག་བརྒྱད”ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་རྒྱས་སྐྲུན་ཐེངས་དང་པོ་བྱས།

སྤྱི་ལོ1997ལོའི་ཟླ9བར་ཧྲེན་དབྱང་གྲོང་ཁྱེར་གྱིས་དངོས་མང་བཤམས་སྟོན་ཁང་རྒྱ་བསྐྱེད་བྱས།

སྤྱི་ལོ1999ལོའི་ཟླ9བའི་ཚེས18ཉིན་ཁང་གསར་པ་བསྐྲུན་པ་མ་ཟད་ཕྱི་ཕྱོགས་ལ་སྒོ་ཕྱེ་བ་དང་དུས་མཚུངས་སུ“དགུ་གཅིག་བརྒྱད”ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་ཞེས་མིང་བསྒྱུར་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅང་ཙེ་མིན་གྱིས་འགྲེམས་ཁང་གསར་པའི་མིང་བཀོད།

སྤྱི་ལོ2008ལོའི་ཟླ1པོའི་ཚེས31ཉིན“དགུ་གཅིག་བརྒྱད”ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་གི་གཞི་རྩའི་བཤམས་སྟོན་བསྒྱུར་བཀོད་ལས་གྲྭ་ལེགས་འགྲུབ་བྱུང་ནས་ཡང་བསྐྱར་སྒོ་འབྱེད་བྱས།

3 རིག་དངོས་ཉར་ཚགས།

དགུ་གཅིག་བརྒྱད་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་དུ་འཇར་པན་གྱི་སི་ཧྲི་རི་སྒྱོགས་དང་། ཐན་ཀྲུང་ལིང་གི་རྡོ་རིང་། བཙོན་རར་རིལ་བ། པེ་ཡེ་ཀྲེན་ཚིའི་བཀོལ་བའི་གཞུང་ལས་ཁང་གི་ཅོག་ཙེ་དང་། རྐུབ་སྟེགས། དཔེ་སྒྲོམ། གྲི་ཆེན་དང་མེ་མདའ་རིང་པོ་སོགས་འཇར་འགོག་འོས་ལངས་དམག་གི་མཚོན་ཆ། རོ་སྐྱེལ་རླངས་འཁོར། འཁར་གྲི། བྱང་ཤར་འགྲན་རྩོད་སློབ་འབྲིང་གི་དར་ཆ་སོགས་ཡོད།

4 ལས་ཐོག་འགོ་ཁྲིད།

ཧྥན་ལི་ཧུང་། འགོ་འཛིན་དང་ཏང་ཨུའི་ཧྲུའུ་ཅི།

དབྱང་དབྱང་། གཞུང་ཚབ་ཆེ་མོ་གཞོན་པ། 

ལིའུ་ཁྲང་ཅང། གཞུང་ཚབ་ཆེ་མོ་གཞོན་པ།

5 གཟི་བརྗིད་མཚན་སྙན།

སྤྱི་ལོ1997ལོར་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་ཁག་དང་པོའི་མིང་བཏགས།

སྤྱི་ལོ2002ལོར་རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་བདམས།

སྤྱི་ལོ2004ལོར་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིའི་སྔོན་ཐོན་ཐུན་མོང་དུ་བདམས་པ་དང་། རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་ཕུལ་བྱུང་མཛེས་ལྗོངས་ཁུལ(ས་ཚིགས)བརྒྱ་ཞེས་མིང་བཏགས།

སྤྱི་ལོ2006ལོར་རྒྱལ་ཡོངས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་སྔོན་ཐོན་སྡེ་ཚན་གྱི་མིང་བཏགས།

སྤྱི་ལོ2008ལོར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དངོས་མང་བཤམས་སྟོན་ཁང་དུ་བདམས།

6 དགུ་གཅིག་བརྒྱད་དུས་འགྱུར།

དགུ་གཅིག་བརྒྱད་དུས་འགྱུར་ནི་སྤྱི་ལོ1931ལོའི་ཟླ9པའི་ཚེས18ཉིན་ཀྲུང་གོའི་བྱང་ཤར་དུ་སྡོད་པའི་འཇར་པན་ཀོན་ཏུང་དམག་གིས་ཧྲིན་དབྱང་ལ་གློ་བུར་དུ་འཇབ་རྒོལ་བྱས་ཏེ། དྲག་ཆས་ལ་བརྟེན་ནས་བྱང་ཤར་བཙན་བཟུང་བྱེད་པའི་དོན་རྐྱེན་ལ་ཟེར་བ་སྟེ། ཟླ9པའི་ཚེས18ཉིན་གྱི་མཚན་མོར་འཇར་པན་ཀོན་ཏུང་དམག་གིས་ལིའུ་ཐེའོ་མཚེའུ་ཐག་ཉེའི་མན་ཇུ་ལྷོ་མའི་ལྕགས་ལམ་འབར་མདེལ་གྱིས་གཏོར་རྗེས། ཀྲུང་གོའི་དམག་མིས་གཏོར་བརླག་བྱས་པ་ཡིན་ཞེས་ཉེས་ཁག་ཚུར་འགེལ་བྱས་ཏེ། བྱང་ཤར་དམག་སྒར་ལ་མེ་སྒྱོགས་འཕངས་པ་དང་ཧྲིན་དབྱང་བཙན་བཟུང་བྱས། ཅང་ཧྲེ་ཧྲིས“ཕྱི་འགོག་པར་ཐོག་མར་ནང་ཁུལ་བདེ་དགོས་པའི”སྲིད་ཇུས་ལག་བསྟར་བས་ཤར་བྱང་དམག་གིས་ཀྱང་རྩ་འཛུགས་ཡོད་པའི་སྒོ་ནས་འཇར་པན་བཙན་འཛུལ་པ་བཀག་འགོག་མ་བྱས། སྤྱི་ལོ1932ལོར་འཇར་དམག་གིས་བྱང་ཤར་གྱི་ཞིང་ཆེན3བཙན་བཟུང་བྱས། དགུ་གཅིག་བརྒྱད་དུས་འགྱུར་ནས་བཟུང་ཀྲུང་གོ་འཇར་པན་གྱི་མི་སེར་སྤེལ་ཡུལ་དུ་གྱུར་བ་དང་། ཀྲུང་གོ་མི་དམངས་ཀྱིས་མི་རིགས་ཉམས་ཉེན་གྱི་གནས་ཚུལ་འོག་འཇར་འགོག་དམག་འཁྲུག་གི་མགོ་བརྩམས་པའོ། །


དཔྱད་གཞིའི་ཡིག་ཆ།