ལུའི་ཧྲུན་ཝན་ཀྲུང་གི་བང་སོའི་རྗེས་དྲན་ཁང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-01-22 15:36ལ་འགྲུབ།

ལུའི་ཧྲུན་ཝན་ཀྲུང་གི་བང་སོའི་རྗེས་དྲན་ཁང་།

ལུའི་ཧྲུན་ཝན་ཀྲུང་གི་བང་སོའི་རྗེས་དྲན་ཁང་།
ལུའི་ཧྲུན་ཝན་ཀྲུང་གི་བང་སོའི་རྗེན་དྲན་ཁང་ནི་ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་ལུའེ་ཧྲུན་ཁོའུ་ཆུས་ཀྱི་དགུ་གསུམ་ལམ་དུ་གནས་ཤིང་། སྤྱི་ལོ1894ལོའི་ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་ནང་འཇའ་དམག་གིས་དམར་གསོད་བཏང་བའི་ཀྲུང་གོའི་སྤུན་ཟླ་ཁྲི2ཙམ་ལ་དྲན་གསོ་ཞུ་ཆེད་ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་བརྒྱབ་ནས་ལོ100འཁོར་བའི་སྐབས་སུ་གསར་དུ་བསྐྲུན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
旅顺万忠墓纪念馆
གནས་ཡུལ།
ལའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་ལུའི་ཧྲུན་ཁོའུ་ཆུས།
དོན་སྙིང་།
ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་ལ་རྗེས་དྲན་བྱེད་པ།
བཙུགས་ལོ།
སྤྱི་ལོ1994ལོ།
བཞེངས་ལོ།
སྤྱི་ལོ1994ལོ།
1 ངོ་སྤྲོད།

ལུའི་ཧྲུན་ཝན་ཀྲུང་གི་བང་སོའི་རྗེན་དྲན་ཁང་ནི་ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་ལུའེ་ཧྲུན་ཁོའུ་ཆུས་ཀྱི་དགུ་གསུམ་ལམ་དུ་གནས་ཤིང་། སྤྱི་ལོ1894ལོའི་ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་ནང་འཇའ་དམག་གིས་དམར་གསོད་བཏང་བའི་ཀྲུང་གོའི་སྤུན་ཟླ་ཁྲི2ཙམ་ལ་དྲན་གསོ་ཞུ་ཆེད་ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་བརྒྱབ་ནས་ལོ100འཁོར་བའི་སྐབས་སུ་གསར་དུ་བསྐྲུན་པ་ཞིག་ཡིན།

2 རྗེས་དྲན་ཁང་གི་གྲུབ་ཚུལ།

ལུའི་ཧྲུན་ཝན་ཀྲུང་གི་བང་སོའི་རྗེས་དྲན་ཁང་དེར་གཙོ་བོ་གཞི་རྩའི་ནང་དོན་ལ“ཤིང་རྟ་ལོའི་དམག་འཁྲུག་སྔོན་གྱི་ལུའེ་ཧྲུན་ཁོའུ”དང་། “ཤིང་རྟ་ལོའི་དམག་འཁྲུག་དང་ལུའི་ཧྲུན་ཁོའུ་ཕམ་ཁ” “རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཡ་ང་བའི་ལུའེ་ཧྲུན་གྱི་དོན་རྐྱེན” “ལུའེ་ཧྲུན་ཀྲུང་གི་བང་སོ”བཅས་ཁག་བཞི་ཡོད་པ་དང་། གཙོ་བོར་ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་དུས་སྐབས་སུ་འཇའ་པིན་བཙན་འཛུལ་དམག་གིས་ལུའི་ཧྲུན་དུ་མི་ཆོས་དང་བྲལ་བའི་དམར་གསོད་ཆེན་པོ་བཟོས་པའི་སྡིག་ཉེས་ཀྱི་བྱ་སྤྱོད་ཇི་མ་ཇི་བཞིན་མཚོན་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་རྣམས་ལ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་ངོ་ཚ་མི་བརྗེད་པ་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱིན་ཡོད།

3 སྒོ་འབྱེད་དུས་ཚོད།

དགུན་དུས་ཆུ་ཚད8:30ནས15:30བར(ཆུ་ཚོད15ཡི་སྟེང་ཚོགས་རར་འཛུལ་མཚམས་འཇོག་རྒྱུ)

དབྱར་དུས་ཆུ་ཚོད8ནས16:30བར(ཆུ་ཚོད16པར་ཚོགས་རར་འཛུལ་མཚམས་འཇོག་རྒྱུ)གཟའ་འཁོར་རེར་གཟའ་འཁོར་གཉིས(རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་གུང་གསེང་ཕུད)ཉིན་ཧྲིལ་པོར་སྒོ་རྒྱག་དགོས།

4 ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག

དུས་རབས19བའི་དུས་སྨད་དུ་འཇའ་ཕན་གྱིས་ཀྲུང་གོ་དང་ཀོ་རི་ཡར་བཙན་འཛུལ་བྱས་པའི་དམག་འཁྲུག་ཅིག་ཡིན།

5 དམག་འཁྲུག་གི་རྒྱབ་ལྗོངས།

1 འཇའ་ཕན།  མིང་ཀྲི་གསར་བཅོས་རྗེས་སུ། མ་རྩ་རིང་ལུགས་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ཤུགས་རིམ་གྱིས་སྟོབས་འབྱོར་ལྡན་པ། ཕྱི་ཕྱོགས་བཙན་འཛུལ་ལ་ཁྱབ་རྒྱ་ཆེ་རུ་བཏང་བ་དང་། ཀྲུང་གོ་ལྟེ་བ་ཡིན་པའི་སྐམ་སའི་སྲིད་ཇུས་གསར་བ་ཐག་གིས་བཅད་པ་དང་དེ་ནི་དམག་འཁྲུག་སློང་རྐྱེན་ཡིན།

2 ཀོ་རི་ཡ་བྱང་མ།  ཤར་ཕྱོགས་ཏང་གི་འོས་ལངས་ཐོལ་གྱིས་བྱུང་བ་དང་། འཇའ་ཕན་གྱི་བཙན་འཛུལ་ལ་གོ་སྐབས་བསྐྲུན་པ་དང་དམག་འཁྲུག་གི་འབར་རྡེལ་ལྟ་བུར་གྱུར་ཡོད།

3 ཆིང་སྲིད་གཞུང་།  ཀྲུང་གོའི་ཉམས་ཉེན་གཏིང་ཇེ་ཟབ་དུ་སོང་བ་དང་། ཆིང་སྲིད་གཞུང་གི་ཆབ་སྲིད་ཡང་སྔར་ལས་རུལ་སུངས་དུ་གྱུར་བ་དང་འགལ་ཟླ་ཡོད་ཚད་རྙོག་འཛིང་དུ་གྱུར་བ།

6 དམག་འཁྲུག་གི་བརྒྱུད་རིམ།

1 སྤྱི་ལོ1894ལོའི་ཟླ7པར། འཇའ་ཕན་མཚོ་དམག་གིས་དམག་བརྡ་མ་བརྒྱབ་པར་ཀོ་རི་ཡའི་ཧྥིན་ཏའོ་གླིང་ཕྲན་གྱི་མཚོ་ཐོག་ཏུ་ཀྲུང་གོའི་དམག་སྐྱེལ་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཏེ་འཁྲུག་རྐྱེན་བསླངས། ཟླ8པར། ཆིང་སྲིད་གཞུང་གིས་འཇའ་ཕན་ལ་དམག་བརྡ་མི་གཏོང་ཀ་མེད་བྱུང་། ལོ་རྒྱུས་སུ་ཐེངས་དེའི་དམག་འཁྲུག་ལ་ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་ཟེར།

2 དུས་རིམ་དང་པོ་ནི་སྤྱི་ལོ1894ལོའི་ཟླ7པ་ནས9བའི་བར།  གཡུལ་འགྱེད་གཙོ་བོ་ནི་ཕིང་རང་གཡུལ་འགྱེད་དང་རྒྱ་མཚོ་སེར་པོའི་གཡུལ་འགྱེད།

དུས་རིམ་གཉིས་པ་ནི་སྤྱི་ལོ1894ལོའི་ཟླ10བ་ནས་ཕྱི་ལོའི་ཟླ4བའི་བར་ཡིན། ཀྲུང་གོའི་མངའ་ཁོངས་ཀྱི་ལིའོ་ཏུང་ས་ཁུལ་དང་ཧྲན་ཏུང་ཕྱེད་གླིང་དུ་དམག་འཁྲུག་བརྒྱབ་ཅིང་། གཡུལ་འགྱེད་གཙོ་བོ་ནི་ལིའོ་ཏུང་གཡུལ་འགྱེད་དང་ཝེ་ཧའེ་གཡུལ་འགྱེད་གཉིས་ཡིན།

3 ཆིང་སྲིད་གཞུང་གི་གཞུང་ཚབ་པ་ལི་ཧུང་ཀྲང་དང་འཇའ་ཕན་སྲིད་གཞུང་གི་གཞུང་ཚབ་པ་དབྱི་ཐེན་པོ་ཝུན་གཉིས་ཀྱིས་འཇའ་ཕན་གྱི་མ་ཀོན་དུ་རྒྱལ་ཁབ་ཀྱི་ལ་རྒྱ་དང་བདག་དབང་ཤོར་བའི་ཀྲུང་འཇའ་བར་གྱི་མ་ཀོན་ཆིངས་ཡིག་ཡིན།

7 ངོ་བོ།

བཙན་རྒྱལ་རིང་ལུགས་ཀྱིས་མ་རྩ་་ཕྱིར་གཏོང་བ་དང་འཛམ་གླིང་བགོ་བཤའ་རྒྱག་པའི་བཙན་འཛུལ་གྱི་ཧམ་སེམས་མཚོན་ཡོད། ཕྱི་རྒྱལ་མ་རྩ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པ་དེ་དུས་རིམ་གསར་བ་ཞིག་དུ་སླེབས་པ་དང་། ཀྲུང་གོའི་སྤྱི་ཚོགས་མི་སེར་སྤེལ་ཡུལ་ཕྱེད་ཙམ་ཏུ་བསྒྱུར་བའི་ཚད་སྔར་ལས་ཇེ་དྲག་ཏུ་ཕྱིན།

8 ནང་དོན།    

1 ལིའོ་ཏུང་ཕྱེད་གླིང་དང་ཐའེ་ཝན། དེའི་ཁོངས་གཏོགས་གླིང་ཕྲན། ཕེང་ཧུའུ་གླིང་ཚོམ་བཅས་བཅད་ནས་འཇའ་ཕན་ལ་སྤྲོད་པ། 

2 འཇའ་ཕན་ལ་དམག་གྲོན་སྐྱིན་ཚབ་དངུལ་སྲང་དུང་ཕྱུར་གཉིས་འཇལ་བ། 

3 ཧྲ་ཧྲི་དང་ཁྲུང་ཆིང་། སུའུ་ཀྲོའུ། ཧང་ཀྲོའུ་བཅས་སུ་ཚོང་འགྲུལ་གྲུ་ཁ་ཕྱེས། 

4 འཇའ་ཕན་གྱིས་ཀྲུང་གོའི་ཚོང་འགྲུལ་གྲུ་ཁར་བཟོ་གྲྭ་བཙུགས་ཆོག་པ། ཀྲུང་གོའི་ནང་ལོགས་སུ་ཐོན་རྫས་འདྲེན་ཚོང་བྱེད་དུས་ནང་ཁུལ་གྱི་དཔྱ་ཁྲལ་མི་བསྡུ་བ་བཅས་སོ།།

9 གནོད་འཚེ།  

1 ཐའེ་ཝན་ལ་སོགས་པའི་མངའ་ཁོངས་མང་པོ་བཅད་སྤྲོད་བྱས་པས། གོམ་གང་མདུན་སྤོས་གྱིས་ཀྲུང་གོའི་བདག་དབང་ཆ་ཚང་ལ་གནོད་སྐྱོན་ཐེབས། 

2 གསབ་དངུལ་འབོར་ཆེན་སྤྲད་པ་དེ་ཆིང་སྲིད་གཞུང་གི་ལོ་གསུམ་གྱི་ནོར་སྲིད་ཡོང་སྒོའི་སྡོམ་རྩིས་དང་ཧ་ལམ་དོ་མཉམ་ཡིན་པས། དེས་ཀྲུང་གོ་མི་དམངས་ཀྱི་ཁུར་བོ་སྔར་ལས་ཇེ་ལྕིར་བཏང་། 

3 ཚོང་འགྲུལ་གྲུ་ཁ་གསར་བ་ཕྱེས་པ་དང་། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་སྟོབས་ཤུགས་ཀྲུང་གོའི་ནང་ལོགས་སུ་ཟབ་ཞུགས་བྱེད་དུ་བཅུག 

4 འཇའ་ཕན་གྱིས་ཀྲུང་གོར་མ་རྩ་བཏང་ནས་བཟོ་གྲྭ་བཙུགས་ཆོག་པར་བྱས།


དཔྱད་གཞིའི་ཡིག་ཆ།