རྒྱ་ཡིག 国师琐南札巴。
1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།ཕག་གྲུ་སྡེ་སྲིད་ཁྲི་རབས་བཞི་པ་འདི་རབ་བྱུང་དྲུག་པའི་ས་ཕག་ལོ་ལ་འཁྲུངས། རབ་བྱུང་དྲུག་པའི་ལྕགས་བྱ་ལོ་ནས་ཤིང་གླང་ལོའི་བར་ལོ་བཞི་སྲིད་བསྐྱངས། རྩེ་ཐང་གི་ཚོགས་པ་ལོ་བཅུ་གསུམ་བསྐྱངས། གདན་ས་མཐིལ་གྱི་སྤྱན་སྔ་ལོ་བཅུ་དགུ་མཛད། ཏཱ་མིང་ཧུང་འུ་རྒྱལ་པོས་ཀྭ་དིན་གུ་ཤྲཱིའི་གོ་ས་གནང༌། རབ་བྱུང་བདུན་པའི་ས་བྱི་ལོ་ལ་འདས། 译言福称(1359-1448)。明史作琐南札思巴呛监藏卜。帕竹第司第四代,1381---1385年执政四年,曾任泽当寺主,兼任邓萨梯寺“金厄”。“金厄”义译内侍,为寺主亲信掌权之官。明洪武帝封为灌顶国师。
2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།ཁོང་ནི་ཕག་གྲུའི་གདན་རབས་བཅུ་གཅིག་པ་ཡིན། རབ་བྱུང་དྲུག་པའི་ས་ཕག་ཕྱི་ལོ1359ལོར་གཙང་དུ་ཡབ་རིན་ཆེན་རྡོ་རྗེ་དང་། ཡུམ་རིན་ཆེན་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དགུ་པ་མེ་ལུག་ཕྱི་ལོ1367ལོར་མཁན་ཆེན་གཞོན་ནུ་དབང་ཕྱུག་དང༌། སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་གཉིས་ཀྱི་དྲུང་ནས་རབ་ཏུ་བྱུང་། མཚན་ལ་བསོད་ནམས་གྲགས་པ་ཞེས་གསོལ། དགུང་ལོ་བཅུ་པར་རྩེད་ཐང་དུ་བྱོན། ལོ་ལྔའི་རིང་དུ་གདན་ས་མཛད། ལོ་ཆེན་བྱང་ཆུབ་རྩེ་མོ་དང་། མཁན་ཆེན་གཞོན་ནུ་དབང་པོ་དང་། སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་རྣམས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། སྣེའུ་གདོང་རྩེའི་གོ་ས་བཟུང་། ལོ་ལྔའི་རིང་ཆབ་སྲིད་བསྐྱངས། དགུང་ལོ་ཉེར་བརྒྱད་པར་མཐིལ་གྱི་གདན་སར་ཕེབས། སྤྱན་སྔ་ལོ་བཅུ་དགུའི་རིང་མཛད། མཚོ་དཀར་བ་ལས་ཕྱག་ཆེན་གྱི་ཁྲིད་སོགས་མང་དུ་གསན། ཐུགས་དམ་ཁྱད་པར་ཅན་འཁྲུངས། དགུང་ལོ་ལྔ་བཅུ་པ་རབ་བྱུང་བདུན་པའི་ས་བྱི་ཕྱི་ལོ1408ལོར་སྐུ་གཤེགས། ཕག་གྲུ་སྡེ་སྲིད་ཁྲི་རབས་བཞི་པ་ཡིན། ཏཱ་མིང་གོང་མ་ཧུང་ཝུ་རྒྱལ་པོས་ཀྭ་དིན་གུ་ཤྲཱིའི་གོ་གནས་ཕུལ།