ཆི་ཆི་ཧ་ཨེར་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-01-22 15:34ལ་འགྲུབ།

ཆི་ཆི་ཧ་ཨེར་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།

ཆི་ཆི་ཧ་ཨེར་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
ཆི་ཆི་ཧ་ཨེར་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ནི་ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཁོངས་གཏོགས་ཀྱི་འགན་ནུས་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
齐齐哈尔市司法局
གནས་ཡུལ།
ཆི་ཆི་ཧ་ཨེར་གྲོང་ཁྱེར་ལུང་ཧྲ་ཆུས་ཕུའུ་ཁུའེ་ལམ་ཆེན་གྱི་ཨང29པ།
ངོ་བོ།
སྲིད་གཞུང་ཁོངས་གཏོགས་ཀྱི་འགན་ནུས་སྡེ་ཁག
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཞིའུ་དབྱང་།
1 ངོ་སྤྲོད།

ཆི་ཆི་ཧ་ཨེར་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ནི་ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཁོངས་གཏོགས་ཀྱི་འགན་ནུས་སྡེ་ཁག་ཅིག་ཡིན།

2 ལས་ཁུངས་ཀྱི་འགན་འཁྲི།

1 རྒྱལ་ཁབ་དང་ཞིང་ཆེན་གྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལག་ལེན་མཐར་ཕྱིན་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་འབྲིང་རིམ་དང་ཡུན་རིང་གི་འཆར་གཞི། ལོ་འཁོར་གྱི་འཆར་གཞི་བཅས་སྒྲིག་བཟོ་བྱེད་པ་མ་ཟད་ལག་བསྟར་བྱ་བ་རྩ་འཛུགས་བྱེད་དགོས།

2 གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱེད་དགོས།

3 གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་དང་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་གདལ་ལས་དོན་དང་། ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བའི་ལས་དོན་ལ་དོ་དམ་དང་མཛུབ་ཁྲིད་བྱེད་དགོས།

4 གྲོང་ཁྱེར་ཡོངས་ཀྱི་གཞུང་དཔང་དང་། ཁྲིམས་རྩོད་པ། ཁེ་ལས་ཀྱི་བཅའ་ཁྲིམས་བློ་འདྲི་བ་དང་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་དོ་དམ་དང་མཛུབ་ཁྲིད་བྱེད་དགོས།

5 རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲིམས་འཛིན་རྒྱུགས་ལེན་གྱི་ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་རྒྱུགས་ཁུལ་མིང་ཐོ་འགོད་པ་དང་། རྒྱུགས་ལེན་རྩ་འཛུགས། ལས་རིགས་ཐོབ་ཐང་ལག་ཁྱེར་རེ་ཞུ་བཅས་ཀྱི་དཔྱད་ཡིག་ཐོག་མའི་ཞིབ་བཤེར་དང་། སྙན་ཞུ། ལག་ཁྱེར་སྤྲོད་པ། ཐོ་འགོད་སྙན་སེང་ཞུ་བ་སོགས་ཀྱི་ལས་དོན་གྱི་འགན་འཁུར་དགོས།

6 གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་གཞི་རིམ་མི་དམངས་འདུམ་འགྲིག་དང་། གཞི་རིམ་ཁྲིམས་འཛིན་ཁང་། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་ཀ་དང་དེ་བཞིན་གཞི་རིམ་གྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་མི་སྣར་དོ་དམ་བྱེད་པར་མཛུབ་སྟོན་བྱེད་དགོས།

གྲོང་ཁྱེར་ཡོངས་ཀྱི་བཙན་ཐབས་ཀྱིས་ལོགས་བཀར་དུག་གཅོད་ལས་དོན་ལ་དོ་དམ་བྱ་དགོས།

གྲོང་ཁྱེར་ཡོངས་ཀྱིས་སྤྱི་ཚོགས་ཆེད་ལས་གསལ་འབྱེད་རྩ་འཛུགས་ལ་ཁ་ཕྱོགས་པའི་ཁྲིམས་འཛིན་གསལ་འབྱེད་ལས་དོན་ལ་དོ་དམ་དང་མཛུབ་སྟོན་བྱེད་དགོས།

9 གྲོང་ཁྱེར་ཏང་ཨུ་དང་། གྲོང་ཁྱེར་སྲིད་གཞུང་། ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་ལས་ཀ་གཞན་དག་སྒྲུབ་འགན་འཁུར་དགོས།

3 ནང་ཁུལ་གྱི་སྒྲིག་གཞི།

(གཅིག)གཞུང་ལས་ཁང་།

(གཉིས) བཙན་ཐབས་ལོགས་དབྱེའི་དུག་གཅོད་ཁྲུའུ།

(གསུམ)ཁྲིམས་རྩོད་པའི་དོ་དམ་ཁང་།

(བཞི)གཞི་རིམ་ལས་དོན་ཁྲུའུ།

(ལྔ)ཁྲིམས་ལུགས་དྲིལ་བསྒྲགས་ཁྲུའུ།

(དྲུག)གཞུང་དཔང་དོ་དམ་ཚན་ཁག

(བདུན)ཁྲིམས་འཛིན་གསལ་འབྱེད་བྱ་བའི་དོ་དམ་སྡེ་ཁག

(བརྒྱད)ཁྲིམས་ལུགས་ཚན་ཁག

(དགུ) སྡེ་ཁུལ་ཡོ་བསྲང་བྱ་བའི་ཚན་ཁག

(བཅུ) བཅའ་ཁྲིམས་རོགས་སྐྱོར་བྱ་བའི་ཚན་ཁག

(བཅུ་གཅིག)རྒྱུ་ནོར་སྒྲིག་ཆས་ཁང་།

(བཅུ་གཉིས) ཆབ་སྲིད་པུའུ།(ཉེན་རྟོག་དོན་ཚན་ཁག)

སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།

ལྟ་ཞིབ་ཁང་།

ལས་ཁུངས་ཏང་ཨུ།

གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་།

4 ལས་ཁུངས་འགོ་ཁྲིད།
4_1 ཞིའུ་དབྱང་།

ཆི་ཆི་ཧ་ཨེར་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་དང་ཆི་ཆི་ཧ་ཨེར་བཙན་ཐབས་ལོགས་དབྱེའི་དུག་གཅོད་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་། ཆབ་སྲིད་ཨུ་ཡོན་དང་པོའི་འགན་བཞེས

4_2 ལུའུ་ཏུང་མིང་།

ཆི་ཆི་ཧ་ཨེར་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་ཅུའུ་ཀྲང་གཞོན་པའི་འགན་བཞེས།

4_3 ཡུའུ་ཧུང་ཝེ།

ཆི་ཆི་ཧ་ཨེར་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་ཅུའུ་ཀྲང་གཞོན་པའི་འགན་བཞེས།

4_4 ཆི་ཏ་ཁྲོན།

ཆི་ཆི་ཧ་ཨེར་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་ཆབ་སྲིད་པུའི་ཀྲུའུ་རེན་གྱི་འགན་བཞེས།

4_5 ​ལིའུ་སི་ཡོན།

ཆི་ཆི་ཧ་ཨེར་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་དང་སྒྲིག་བཤེར་ཧྲུའུ་ཅིའི་འགན་བཞེས།


དཔྱད་གཞིའི་ཡིག་ཆ།