ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-01-22 15:33ལ་འགྲུབ།

ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།

ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།
ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནི་ཆི་ཆི་ཧ་ཨེར་གྲོང་ཁྱེར་མངའ་ཁོངས་ཀྱི་རྒྱལ་ཁབ་ཞིབ་དཔྱོད་ལས་ཁུངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
齐齐哈尔市人民检察院
གནས་ཡུལ།
ལུང་ཧྲ་ཆུས་ཡུང་ཨན་ཁྲོམ་གཞུང་དང་ཞིན་ཝུན་ལམ་གྱི་འབྲེལ་མཚམས།
ངོ་བོ།
རྒྱལ་ཁབ་ཞིབ་དཔྱོད་ལས་ཁུངས།
ལས་ཐོག་འགོ་ཁྲིད།
དབྱང་ཁྲུན་ཅུན།
1 ངོ་སྤྲོད།

ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནི་ཆི་ཆི་ཧ་ཨེར་གྲོང་ཁྱེར་མངའ་ཁོངས་ཀྱི་རྒྱལ་ཁབ་ཞིབ་དཔྱོད་ལས་ཁུངས་ཤིག་ཡིན་ཞིང་། གྲོང་ཁྱེར་དེའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལུགས་གཞིར་བཟུང་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་ལག་བསྟར་བྱེད་རྒྱུར་འགོ་ཁྲིད་བྱས་ཏེ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དང་ལེན་བྱས་ཏེ། གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་དགོས་པ་མ་ཟད་ལས་དོན་གྱི་སྙན་སྒྲོན་ཡང་ཞུ་དགོས།

2 ནང་ཁུལ་གྱི་སྒྲིག་གཞི།

ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དུ་གཞུང་ལས་ཁང་དང་། ཆབ་སྲིད་པུའུ། མྱུལ་ཞིབ་ལྟ་སྐུལ་ཁྲུའུ། སྤྱི་གཏུག་ཁྲུའུ། ལྐོག་ཟ་ལྐོག་རྔན་སྤྲོད་ལེན་ངོ་རྒོལ་ཅུའུ། འགན་འཛོལ་སྤྲོད་ལེན་ངོ་རྒོལ་དབང་གནོད་ཅུའུ། ཉེས་དོན་ལག་བསྟར་ཞིབ་དཔྱོད་ཁྲུའུ། དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཁྲུའུ། ཞུ་གཏུག་ཞུ་སྦྱོར་ཞིབ་དཔྱོད་ཁྲུའུ། ལས་ཐོག་ཉེས་གསོག་སྔོན་འགོག་ཁྲུའུ། ཞིབ་དཔྱོད་ལག་རྩལ་ཁྲུའུ། བཅའ་ཁྲིམས་སྲིད་ཇུས་ཞིབ་འཇུག་ཁང་། ལྟ་ཞིབ་ཁྲུའུ། སྲིད་འཛིན་སྒྲིག་ཆས་ཁྲུའུ། གྱོད་དོན་དོ་དམ་གཞུང་ལས་ཁང་། ལས་ཁུངས་ཏང་ཨུ། སྒྲིག་བཤེར་ཚོགས་ཆུང་སོགས་ལས་ཁུངས18དང་མངགས་གཏོང་ཁང1ཡོད།

3 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ11པར་ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལ་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ལྷན་གྱིས་རྒྱལ་ཡོངས་ཤེས་དཔལ་ཚན་པ་སྐབས་ལྔ་བའི་གཟི་བརྗིད་མཚན་སྙན་གནང་།

སྤྱི་ལོ2019ལོའི་ཟླ11པར་ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་བདུན་པར“རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྔོན་ཐོན་ཐུན་མོང”གི་གཟི་བརྗིད་མཚན་སྙན་ཐོབ།

4 ལས་ཐོག་འགོ་ཁྲིད།
4_1 དབྱང་ཁྲེན་ཅུན།

ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཞིབ་དཔྱོད་ཀྲང་གི་འགན་བཞེས།

4_2 ཆི་ཧྲི།

ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཞིབ་དཔྱོད་དཔོན་གཞོན་པའི་འགན་བཞེས།

4_3 ཁྲེང་ཡིའུ་ཧྥེང་།

ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཞིབ་དཔྱོད་འགོ་འཛིན་གཞོན་པའི་འགན་བཞེས།

4_4 ཝང་ཧྥེང་ཧྭ།

ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཞིབ་དཔྱོད་དཔོན་གཞོན་པའི་འགན་བཞེས།

4_5 ཧོང་ཏ་ལི།

ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཁོངས་མི་དང་ཞིབ་དཔྱོད་དཔོན་གཞོན་པའི་འགན་བཞེས།

4_6 ལི་ཀྲེན་ཡུའུ།

ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཁོངས་མི་དང་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་བཞེས

4_7 ཀྲང་ཀུའོ་ཅུན།

ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཁོངས་མི་དང་ཞིབ་དཔྱོད་ཨུ་ལྷན་གྱི་ཆེད་བསྐོས་ཨུ་ཡོན་གྱི་འགན་བཞེས།

4_8 ལི་ཝུན་ཞིན།

ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཁོངས་མི་དང་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གྱི་འགན་བཞེས།

4_9 ​ཞིན་ཡན་ཧྭ།

ཆི་ཆི་ཧ་ཨེར་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་གྱི་འགན་བཞེས།


དཔྱད་གཞིའི་ཡིག་ཆ།