ཆི་ཆི་ཧ་ཨེར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-01-22 15:33ལ་འགྲུབ།

ཆི་ཆི་ཧ་ཨེར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།

ཆི་ཆི་ཧ་ཨེར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་།
ཆི་ཆི་ཧ་ཨེར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1946ལོར་བཙུགས་ཤིང་། ཆི་ཆི་ཧ་ཨེར་གྲོང་ཁྱེར་ལུང་ཧྲ་ཆུས་ཀྱི་རྨ་ཆུའི་ལམ་དང་ཧེ་ལུང་ཅང་གི་སྐོར་ལམ་གྱི་མཐའ་སྐོར་དུ་གནས་ཡོད། མངའ་འོག་ཏུ་རྫོང་དང་གྲོང་ཁྱེར། ཁུལ་བཅས་ཀྱི་གཞི་རིམ་ཁྲིམས་ཁང16དང་མི་དམངས་ཁྲིམས་ར36ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
齐齐哈尔市中级人民法院
ཁོངས་གཏོགས་ཆུས།
ཆི་ཆི་ཧ་ཨེར་གྲོང་ཁྱེར་ཧྲ་ལུང་ཆུས།
འབྲེལ་གཏུག་ཁ་པར།
0452-2576255
བཙུགས་ལོ།
སྤྱི་ལོ1946ལོ།
མི་གྲངས།
མི238ཡོད།
ཡོན་ཀྲང་།
ཧའོ་ཝེ་ཧྥུའུ།
1 ངོ་སྤྲོད།

ཆི་ཆི་ཧ་ཨེར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་སྤྱི་ལོ1946ལོར་བཙུགས་ཤིང་། ཆི་ཆི་ཧ་ཨེར་གྲོང་ཁྱེར་ལུང་ཧྲ་ཆུས་ཀྱི་རྨ་ཆུའི་ལམ་དང་ཧེ་ལུང་ཅང་གི་སྐོར་ལམ་གྱི་མཐའ་སྐོར་དུ་གནས་ཡོད། མངའ་འོག་ཏུ་རྫོང་དང་གྲོང་ཁྱེར། ཁུལ་བཅས་ཀྱི་གཞི་རིམ་ཁྲིམས་ཁང16དང་མི་དམངས་ཁྲིམས་ར36ཡོད།

2 འདྲི་གཅོད་ཨུ་ཡོན་ལྷན་ཁང་།
2_1 པི་ཐུང་ཁྲུན།

ཁྲིམས་ཁང་གི་འགོ་འཛིན་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མཐོ་རིམ་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_2 ལི་ཀུའོ་ཅུན།

ཡོན་ཀྲང་གཞོན་པ་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་གསུམ་པའི་མཐོ་རིམ་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_3 པ་ཞིན།

ཡོན་ཀྲང་གཞོན་པ་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་གསུམ་པའི་མཐོ་རིམ་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_4 དབྱང་ཞིང་དབྱི།

ཡོན་ཀྲང་གཞོན་པ་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་གཉིས་པའི་མཐོ་རིམ་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_5 ཧྥན་ཡུང་ཐའོ།

ལས་འཛིན་ཅུའུ་ཡི་ཅུའུ་ཀྲང་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་གསུམ་པའི་མཐོ་རིམ་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_6 ཡུའུ་ཁྲུན་ཅེ།

འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཆེད་གཉེར་ཨུ་ཡོན་དང་རིམ་པ་གསུམ་པའི་མཐོ་རིམ་ཁྲིམས་དཔོན་གྱི་འགན་བཞེས།

2_7 སུན་ཧའེ་ཁྲེང་།

འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་གསུམ་པའི་མཐོ་རིམ་ཁྲིམས་དཔོན་གྱི་འགན་བཞེས།

2_8 ཝང་ཕིང་།

འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རིམ་པ་བཞི་པའི་མཐོ་རིམ་ཁྲིམས་དཔོན་གྱི་འགན་བཞེས།

2_9 ལི་ཀང་ཕིང་།

ཁྲིམས་ར་དང་པོའི་འགོ་འཛིན་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་དང་པོའི་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_10 ཀྲང་ཧྲུའུ་མིན།

ཁྲིམས་ར་གཉིས་པའི་འགོ་འཛིན་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་དང་པོའི་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_11 ཅང་ཡན་ཅང་།

ཉེས་དོན་འདྲི་གཅོད་ཀྱི་ཁྲིམས་ར་གཉིས་པའི་འགོ་འཛིན་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་གསུམ་པའི་མཐོ་རིམ་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_12 ཀྲོའུ་ཧུང་།

དམངས་དོན་འདྲི་གཅོད་ཁྲིམས་ར་དང་པོའི་འགོ་འཛིན་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་གསུམ་པའི་མཐོ་རིམ་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_13 དབྱང་ཁྲུན་ལེའི།

དམངས་དོན་འདྲི་གཅོད་ཀྱི་ཁྲིམས་ར་གཉིས་པའི་འགོ་འཛིན་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་དང་པོའི་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_14 སུན་ཞན་ཅུན།

དམངས་དོན་འདྲི་གཅོད་ཁྲིམས་ར་བཞི་བའི་འགོ་འཛིན་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་དང་པོའི་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_15 ཏན་ཁེ་ཅེ།

སྲིད་འཛིན་འདྲི་གཅོད་ཁྲིམས་རའི་འགོ་འཛིན་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་གསུམ་པའི་མཐོ་རིམ་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_16 ཀྲང་ཀྲུང་ཆང་།

སྐྱིན་ཚབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་བཞི་པའི་མཐོ་རིམ་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_17 ཨའོ་ལི་ཅིན།

འདྲི་གཅོད་ལྟ་སྐུལ་ཁྲིམས་ས་དང་པོའི་འགོ་འཛིན་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་གསུམ་པའི་མཐོ་རིམ་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_18 ཝང་ན།

འདྲི་གཅོད་ལྟ་སྐུལ་ཁྲིམས་ར་གཉིས་པའི་འགོ་འཛིན་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་དང་པོའི་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_19 ཞུའུ་ཝན་ཡུའུ།

ཁྲིམས་ར་དང་པོའི་འགོ་འཛིན་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་དང་པོའི་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_20 ཝང་ཁྲུན་ཧྲན།

ལག་བསྟར་ཁྲིམས་ས་གཉིས་པའི་འགོ་འཛིན་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་གསུམ་པའི་མཐོ་རིམ་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

2_21 ཀྲོའུ་ཡུའུ།

ཞིབ་འཇུག་ཁང་གི་ཀྲུའུ་རེན་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རིམ་པ་དང་པོའི་ཁྲིམས་དཔོན་བཅས་ཀྱི་འགན་བཞེས།

3 ལས་ཁུངས་ཀྱི་སྒྲིག་བཀོད།

ཆི་ཆི་ཧ་ཨེར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་སྡེ་ཁག20བཙུགས་ཡོད་པ་དང་། དེ་དག་ནི་གཞུང་ལས་ཁང་དང་། ཆབ་སྲིད་པུའུ།ཁྲིམས་འཛིན་སྲིད་འཛིན་སྒྲིག་ཆས་དོ་དམ་ཁྲུའུ། གྱོད་དོན་ཐོ་འགོད་ཁྲིམས་ར། ཉེས་དོན་འདྲི་གཅོད་ཁྲིམས་ར་གཉིས་པ། དམངས་དོན་འདྲི་གཅོད་ཁྲིམས་ར་བཞི་བ། སྲིད་འཛིན་འདྲི་གཅོད་ཁྲིམས་ར། འདྲི་གཅོད་ལྟ་སྐུལ་ཁང་གཉིས་པ། ལག་བསྟར་ཅུའུ། ལག་རྩལ་ཁང་། ཁྲིམས་འཛིན་ཉེན་རྟོག་ཉིང་ལག་རུ་ཁག སྒྲིག་བཤེར་ལྟ་ཞིབ། ལས་ཁུངས་ཏང་ཨུ། ཧེ་ལུང་ཅང་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཆི་ཆི་ཧ་ཨེར་ཡན་ལག་སློབ་གླིང་བཅས་བཙུགས་ཡོད།

4 ​གཟི་བརྗིད་མཚན་སྙན།

སྤྱི་གལོ2006ལོར་ཆི་ཆི་ཧ་ཨེར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཆེས་མཐོའི་ཁྲིམས་ཁང་གི་ཆབ་སྲིད་པུའུ་ཡིས་རྒྱལ་ཡོངས་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་རྩ་འཛུགས་ཀྱི་བྱ་དགའ་གནང་།

སྤྱི་ལོ2011ལོར་ཆི་ཆི་ཧ་ཨེར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དེ་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་། ཞིང་ཆེན་ཡོངས་ཀྱི་འདྲི་གཅོད་དོ་དམ་ལས་དོན་གྱི་སྔོན་ཐོན་ཚན་པ། ཞིང་ཆེན་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྔོན་ཐོན་ཚན་པ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ལས་དོན་གཙོ་བོའི་དཔྱད་བསྡུར་སྔོན་ཐོན་ཚན་པ་བཅས་སུ་བདམས།

སྤྱི་ལོ2014ལོར་ཆི་ཆི་ཧ་ཨེར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་བདམས།

སྤྱི་ལོ2020ལོའི་ཟླ1པོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཆི་ཆི་ཧ་ཨེར་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་སྲིད་འཛིན་སྒྲིག་ཆས་དོ་དམ་ཁྲུའུ་ཡི“རྒྱལ་ཡོངས་ཁྲིམས་ཁང་གི་སྔོན་ཐོན་ཐུན་མོང”གི་མཚན་སྙན་སྤྲད།


དཔྱད་གཞིའི་ཡིག་ཆ།