སུའུ་ཀྲོའུ་གྲོང་ཁྱེར་ཡུང་ཆའོ་ཆུས་མི་དམངས་ཁྲིམས་ཁང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-01-22 15:36ལ་འགྲུབ།

སུའུ་ཀྲོའུ་གྲོང་ཁྱེར་ཡུང་ཆའོ་ཆུས་མི་དམངས་ཁྲིམས་ཁང་།

སུའུ་ཀྲོའུ་གྲོང་ཁྱེར་ཡུང་ཆའོ་ཆུས་མི་དམངས་ཁྲིམས་ཁང་།
སུའུ་ཀྲོའུ་གྲོང་ཁྱེར་ཡུང་ཆའོ་ཆུས་མི་དམངས་ཁྲིམས་ཁང་ནི་སུའུ་ཀྲོའུ་གྲོང་ཁྱེར་ཡུང་ཆའོ་ཁོངས་གཏོགས་ཀྱི་སྲིད་གཞུང་གི་ལས་སྒྲུབ་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宿州市埇桥区人民法院
ལས་ཐོག་ཉེན་རྟོག་པ།
མི223ཡོད།
ནང་ཁུལ་སྒྲིག་གཞི།
20ཡོད།
ཁོངས་གཏོགས་ལས་ཁུངས།
གཞི་རིམ་གྱི་མི་དམངས་ཁྲིམས་ཁང་བཅུ།
1 ​ངོ་སྤྲོད།

སུའུ་ཀྲོའུ་གྲོང་ཁྱེར་ཡུང་ཆའོ་ཆུས་མི་དམངས་ཁྲིམས་ཁང་ནི་སུའུ་ཀྲོའུ་གྲོང་ཁྱེར་ཡུང་ཆའོ་ཁོངས་གཏོགས་ཀྱི་སྲིད་གཞུང་གི་ལས་སྒྲུབ་སྡེ་ཁག་ཅིག་ཡིན་པ་དང་། སུའུ་ཀྲོའུ་གྲོང་ཁྱེར་ཡུང་ཆའོ་ཆུས་མི་དམངས་ཁྲིམས་ཁང་གིས་སྤྱི་ལོ2009ལོར་གྱོད་གཞི7812བདག་སྤྲོད་བྱས་པ་དང་། སྤྱི་ལོ2010ལོའི་ལོ་སྟོད་དུ་གྱོད་གཞི4047བདག་སྤྲོད་བྱས་ཡོད།

2 ས་ཁུལ་ངོ་སྤྲོད།

ཨན་ཧུའེ་བྱང་རྒྱུད་དུ་གནས་པའི་སུའུ་ཀྲོའུ་གྲོང་ཁྱེར་ཡུང་ཆའོ་ཆུས་ཁོངས་གཏོགས་སུ་ཞང་དང་གྲོང་རྡལ25དང་ཁྲོམ་གཞུང་དོན་གཅོད་ཁྲུའུ11ཡོད་པ་དང་། ཁོངས་གཏོགས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2900ལྷག་ཙམ་དང་མི་འབོར་ཁྲི180ཡོད་པ། དེ་ནི་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་ཆུས་ཆེ་ཤོས་ཤིག་ཡིན་ལ། ཅིན་ཧུའུ་ལྕགས་ལམ་དང་། པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ། ཅིང་ཐའེ་མྱུར་བགྲོད་གཞུང་ལམ། སི་ཞུས་མྱུར་བགྲོད་གཞུང་ལམ། ལ་ལམ206བཅས་མངའ་ཁུལ་ནས་བསྐྱོད་ཡོད།

3 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ3པར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ལག་བསྟར་ལས་ཀའི་སྔོན་ཐོན་ཚན་པར་བདམས།


དཔྱད་གཞིའི་ཡིག་ཆ།