སུའུ་ཀྲོའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-01-22 15:36ལ་འགྲུབ།

སུའུ་ཀྲོའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།

སུའུ་ཀྲོའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།
སུའུ་ཀྲོའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ནི་གྲོང་ཁྱེར་སྲིད་གཞུང་གི་ལས་སྒྲུབ་སྡེ་ཁག་ཅིག་ཡིན་པ་དང་། སྤྱི་ལོ2019ལོའི་ཟླ1པོར་སུའུ་ཀྲོའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་དང་སུའུ་ཀྲོའུ་གྲོང་ཁྱེར་སྲིད་གཞུང་ཁྲིམས་ལུགས་གཞུང་དོན་ཁང་གིས་སུའུ་ཀྲོའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་བསྐྱར་དུ་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苏州市司法局
རིམ་པ།
ཁོའུ་རིམ་པ་རྒན་པ།
འགན་ནུས།
ཁྲིམས་འཛིན་ལས་དོན།
གནས་ཡུལ།
སུའུ་ཀྲོའུ་གྲོང་ཁྱེར།
ཅུའུ་ཀྲང་།
ཝང་ཁན།
1 ངོ་སྤྲོད།

སུའུ་ཀྲོའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ནི《〈སུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་བྱེད་པའི་ཇུས་གཞི〉པར་འགྲེམས་བྱེད་པའི་སྐོར་གྱི་ཀྲུང་གུང་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་སྦྱོར》(སུའུ་ཨུ〔2009〕ཨང413པ)དང《ཀྲུང་གུང་སུའུ་ཀྲོའུ་གྲོང་ཁྱེར་ཏང་ཨུ་དང་སུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི〈སུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྒྲིག་གཞི་བསྒྱུར་བཅོས་ལག་བསྟར་བསམ་འཆར〉པར་འགྲེམས་བྱེད་པའི་སྐོར་གྱི་བརྡ་ཐོ》(སུའུ་ཧྥ〔2009〕ཨང་56པ)དགོངས་དོན་ལྟར་སུའུ་ཀྲོའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་བཙུགས་ཏེ། གྲོང་ཁྱེར་སྲིད་གཞུང་གི་ལས་སྒྲུབ་སྡེ་ཁག་ཅིག་ཡིན།

སྤྱི་ལོ2019ལོའི་ཟླ1པོར་སུའུ་ཀྲོའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་དང་སུའུ་ཀྲོའུ་གྲོང་ཁྱེར་སྲིད་གཞུང་ཁྲིམས་ལུགས་གཞུང་དོན་ཁང་གིས་སུའུ་ཀྲོའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་བསྐྱར་དུ་བཙུགས།

2 སྒྲིག་གཞི་བསྒྱུར་བཅོས།

སྤྱི་ལོ2019ལོའི་ཟླ1པོར《སུའུ་ཀྲོའུ་གྲོང་ཁྱེར་གྱི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》གཞིར་བཟུང་། སུའུ་ཀྲོའུ་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྒྲིག་གཞི་སྒྱུར་བཅོས་ལ་ཁ་གཏད་དེ་དེ་མཚུངས་ཀྱི་སྒྲིག་གཞི་དང་འགན་ནུས་ལེགས་སྒྲིག་བྱས་པ་དང་། སུའུ་ཀྲོའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་དང་སུའུ་ཀྲོའུ་གྲོང་ཁྱེར་སྲིད་གཞུང་ཁྲིམས་ལུགས་གཞུང་ལས་ཁང་གིས་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་བཙུགས།

3 ནང་ཁུལ་གྱི་སྒྲིག་གཞི།

སུའུ་ཀྲོའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡིས་ནང་ཁུལ་གྱི་སྒྲིག་གཞི14བཙུགས་པ་དེ་དག་ཚང་མ་ཁོའོ་རིམ་པ་རྒན་པའི་སྒྲིག་གཞི་ཡིན།

(གཅིག)གཞུང་ལས་ཁང་།

(གཉིས།)ཆ་འཕྲིན་ཁྲུའུ།

(གསུམ)ཁྲིམས་ལུགས་ཁྲུའུ།(སྲིད་འཛིན་བཀའ་འཁྲོལ་ཞབས་ཞུའི་ཁྲུའུ)

(བཞི)ཁྲིམས་ལུགས་དྲིལ་བསྒྲགས་ཁྲུའུ།

(ལྔ)ཁྲིམས་རྩོད་པའི་དོ་དམ་ཁང་།

(དྲུག)གཞུང་དཔང་དོ་དམ་ཁང་།

(བདུན)བཅའ་ཁྲིམས་རོགས་སྐྱོར་ལས་དོན་ཁྲུའུ།

(བརྒྱད)ཁྲིམས་འཛིན་གསལ་འབྱེད་དོ་དམ་ཁང་།

(དགུ།)ངལ་རྩོལ་སློབ་གཅུན་ལས་དོན་ཁྲུའུ།

(བཅུ)གཞི་རིམ་ལས་དོན་ཁྲུའུ།

(བཅུ་གཅིག) སྡེ་ཁུལ་ཡོ་བསྲང་གི་ལས་ཀ་ཁྲུའུ།

(བཅུ་གཉིས)རྒྱལ་ཁབ་ཁྲིམས་འཛིན་ཡིག་རྒྱུགས་ཁྲུའུ།(གྲོང་ཁྱེར་རྒྱལ་ཁབ་ཁྲིམས་འཛིན་ཡིག་རྒྱུགས་གཞུང་ལས་ཁང་དང་གསོ་སྦྱོང་ཁྲུའུ)

(བཅུ་གསུམ)རྩིས་ནོར་སྒྲིག་སྦྱོར་ཁང་།(རྩིས་བཤེར་ཁྲུའུ)

(བཅུ་བཞི)ཆབ་སྲིད་པུའུ།(ཉེན་རྟོག་ལས་གཉེར་ཁང་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་ཁྲུའུ)

4 ཐད་གཏོགས་སྲིད་འཛིན་ལས་ཁུངས།

ལས་ཀའི་དགོས་མཁོ་གཞིར་བཟུང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡིས་ཁོའོ་རིམ་པ་རྒན་པའི་ཐད་གཏོགས་སྲིད་འཛིན་སྒྲིག་གཞི་གཅིག་བཙུགས་ཡོད་པ་སྟེ། གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཡིན།

5 མི་སྣའི་སྒྲིག་ཁོངས།

སུའུ་ཀྲོའུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ལས་ཁུངས་ཀྱི་སྲིད་ཁྲིམས་ཆེད་དོན་སྒྲིག་ཁོངས་མི་གྲངས97ཡོད་པ་དང་། འགོ་ཁྲིད་ཀྱི་གོ་གནས་གྲངས་ཚད་ནི་ཅུའུ་ཀྲང1དང་ཅུའུ་ཀྲང་གཞོན་པ4 མངགས་སྡོད་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡོད་པ་དང་། ཁྲུའུ་ཀྲང་རྒན་གཞོན(ཀྲུའུ་རེན)41ཡོད་པའི་ནང་ཁྲུའུ་ཀྲང་རྒན་གྲས(ཀྲུའུ་རེན)17(ལྟ་ཞིབ་ཅུའུ་ཡི་ཀྲུའུ་རེན་དང་། ལས་ཁུངས་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ཀྲུའུ་རེན)དང་། ཁྲུའུ་ཀྲང་གཞོན་པ(ཀྲུའུ་རེན་གཞོན་པ)24ཡོད།


དཔྱད་གཞིའི་ཡིག་ཆ།