སུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུའུ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2021-01-22 15:31ལ་འགྲུབ།

སུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུའུ།

སུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུའུ།
སུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་སུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་མངའ་འོག་གི་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་དོན་གཙོ་གཉེར་བྱེད་པའི་འགན་ནུས་སྡེ་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苏州市公安局
ཕྱི་ཡིག་གི་མིང་།
Suzhou Public Security Bureau
གཙོ་གཉེར་སྡེ་ཁག
སུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་།
ཅུའུ་ཀྲང་།
ཅང་ཧའེ།
1 ངོ་སྤྲོད།

སུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་སུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་མངའ་འོག་གི་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་དོན་གཙོ་གཉེར་བྱེད་པའི་འགན་ནུས་སྡེ་ཚན་ཞིག་ཡིན་པ་དང་། གྲོང་ཁྱེར་སྲིད་གཞུང་དང་ཅང་སུའུ་ཞིང་ཆེན་སྤྱི་བདེ་ཐིང་གི་འགོ་ཁྲིད་ཉིས་ལྡན་དང་ལེན་བྱེད་ཀྱིན་ཡོད། རྫོང(རྫོང་རིམ་པའི་གྲོང་ཁྱེར)ཁག་ཏུ་སྤྱི་བདེ་ཅུའུ(ཡན་ལག་ཅུའུ)དང་།  གྲོང་རྡལ་དང་ཞང་། ཁྲོམ་གཞུང་བཅས་སུ་མངགས་གཏོང་ཁང་འཛུགས་རྒྱུ་དང་། སྤྱི་བདེ་ཡན་ལག་ཅུའུ་དང་མངག་གཏོང་ཁང་སོ་སོས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་དང་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་དང་ལེན་བྱ་དགོས།

2 ལས་ཐོག་འགོ་ཁྲིད།
2_1 ལི་ཅིང་ཧྲེང་།

ཅུའུ་ཀྲང་དང་ཏང་ཨུའི་ཧྲུའུ་ཅིའི(ཧྲི་ཀྲང་གཞོན་པ་གཅིག་ལྕོགས)འགན་བཞེས། 

2_2 ཁྲེན་ཏུའུ།

ཏང་ཨུའི་ཨུ་ཡོན་ཡིན།

2_3 ཝང་ཞི་ཀྲུང་།

ཅུའུ་ཀྲང་གཞོན་པ་དང་ཏང་ཨུའི་ཨུ་ཡོན་གྱི་འགན་བཞེས།

2_4 ཁྲེན་པིན་ཧྭ།

ཅུའུ་ཀྲང་གཞོན་པ་དང་ཏང་ཨུའི་ཨུ་ཡོན་གྱི་འགན་བཞེས།

2_5 ཅིན་ཞི་ཆི།

ཅུའུ་ཀྲང་གཞོན་པ་དང་ཏང་ཨུའི་ཨུ་ཡོན་གྱི་འགན་བཞེས།

2_6 ཆན་ཀྲི་ཅན།

ཅུའུ་ཀྲང་གཞོན་པ་དང་ཏང་ཨུའི་ཨུ་ཡོན་གྱི་འགན་བཞེས།

2_7 ལིའུ་ཅུན།

སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཏང་ཨུའི་ཨུ་ཡོན་གྱི་འགན་བཞེས།

2_8 ཧྥུའུ་ཆོན་ཧྥུའུ།

ཆབ་སྲིད་པུའུ་ཡི་ཀྲུའུ་རེན་དང་ཏང་ཨུའི་ཨུ་ཡོན་གྱི་འགན་བཞེས།

3 ཐད་གཏོགས་ལས་ཁུངས།

(གཅིག) འགྲིམ་འགྲུལ་སྐོར་ཞིབ་ཉེན་རྟོག་ཡན་ལག་རུ་ཁག

(གཉིས )ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག

(གསུམ)དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་ཡན་ལག་རུ་ཁག

(བཞི)བདེ་འཇགས་ཉེན་རྟོག་ཉིང་ལག་རུ་ཁག

(ལྔ)ཆུ་ཐོག་ཉེན་རྟོག་ཉིང་ལག་རུ་ཁག

(དྲུག)དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག

(བདུན) གྲོང་ཁྱེར་མི་དམངས་ཉེན་རྟོག་པའི་གསོ་སྦྱོང་སློབ་གྲྭ།

4 ནང་ཁུལ་གྱི་སྒྲིག་གཞི།

སུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་རུ་སྒྲིག་བཤེར་ལྟ་ཞིབ་དང་། ཆབ་སྲིད་པུའུ། གཞུང་ལས་ཁང་། བཀོད་འདོམས་ལྟེ་གནས། དཔལ་འབྱོར་སྲུང་སྐྱོབ། རིག་གནས་སྲུང་སྐྱོབ། ཉེན་སྲུང་(དངོས་ཞབས)བཙོན་ཁང་དོ་དམ། རྒྱལ་མཚམས་འགྲོ་འོང་དོ་དམ། དུག་འགོག དུད་སྲིད་དོ་དམ། ཚན་རྩལ་འཕྲིན་གཏོང་། ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་ཞིབ། ཁྲིམས་ལུགས། ཡིག་བསྐུར་ངོ་བཅར། ཉེན་རྟོག་ལས་དོན་ལྟ་ཞིབ། རྒྱབ་ཕྱོགས་ནོར་དོན། རྩིས་བཤེར། སྲིད་འཛིན་ཆོག་འཐུས་ཞབས་ཞུ། འཇིགས་སྐུལ་སྤྲོད་ལེན་ངོ་རྒོལ་སོགས་སྒྲིག་གཞི་བཙུགས་ཡོད།

5 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ7པའི་ཚེས23ཉིན་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ལ་རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི“ཤུགས་རྐྱེན་ཆེ་ཤོས་ལྡན་པའི་སྨྱན་སྦྱོར་གསར་པའི་བྱ་དགའ”ཐོབ།

སྤྱི་ལོ2020ལོའི་ཟླ11པར་ཅང་སུའུ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“ཞིང་ཆེན་ཡོངས་ཀྱིས་གློ་ཚད་གསར་པའི་རིམས་ནད་འགོག་རྒོལ་གྱི་སྔོན་ཐོན་ཐུན་མོང”གི་མཚན་སྙན་ཐོབ། 

6 ​གནས་ཡུལ།

སུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ནི་སུའུ་ཀྲོའུ་གྲོང་ཁྱེར་མི་དམངས་ལམ་ཨང3998པ་རུ་གནས་ཡོད།(ཞང་ཁྲེང་ཆུས་མི་དམངས་ལམ་རུན་ཡོན་ལམ་མདོ)


དཔྱད་གཞིའི་ཡིག་ཆ།