ཝུའུ་ཚུན་རོང་།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2021-01-28 08:34ལ་འགྲུབ།

ཝུའུ་ཚུན་རོང་།

ཝུའུ་ཚུན་རོང་།
ཝུའུ་ཚུན་རོང་། ཕོ། རྒྱ་རིགས། སྤྱི་ལོ1963ལོའི་ཟླ5པར་སྐྱེས། ཨན་ཧུའེ་ཝུའུ་ཝེ་ཡི་མི་ཡིན་ལ་བཟོ་ཚོང་དོ་དམ་གྱི་རབ་འབྱམས་ཞིབ་འཇུག་སློབ་མ་དང་བཟོ་སྐྲུན་དགེ་རྒན་བཅས་ཡིན། སྤྱི་ལོ1985ལོའི་ཟླ7པར་བྱ་བར་ཞུགས་པ་དང་སྤྱི་ལོ1984ལོའི་ཟླ9པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ད་ལྟ་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་དང་ཁྲུང་ཆིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吴存荣
སྐྱེས་ཁུངས།
ཨན་ཧུའེ་ཝུའུ་ཝེ།
རྒྱལ་ཁོངས།
ཀྲུང་གོ
སྐྱེས་སྐར།
སྤྱི་ལོ1963ལོའི་ཟླ5པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ
ཀྲུང་གོ་དང་ཡོ་རོབ་གླིང་རྒྱལ་སྤྱིའི་བཟོ་ཚོང་སློབ་གླིང་།
1 མི་སྣའི་ལོ་རྒྱུས།

སྤྱི་ལོ1981ལོའི་ཟླ9པ་ནས་སྤྱི་ལོ1985ལོའི་ཟླ7པའི་བར། ཧྭ་ཤར་ཆུ་བེད་སློབ་གླིང་གི་ས་ཞིང་ཆུ་བེད་བཟོ་སྐྲུན་ཚན་ཁག་གི་ཞིང་ཁའི་ཆུ་བེད་ལས་གྲྭའི་ཆེད་ལས་སུ་སློབ་སྦྱོང་གནང་།

སྤྱི་ལོ1985ལོའི་ཟླ7པ་ནས་སྤྱི་ལོ1991ལོའི་ཟླ11པའི་བར། ཨན་ཧུའེ་ཞིང་ཆེན་ཆུ་བེད་ཆུ་གློག་རྩད་ཞིབ་ཇུས་འགོད་ཁང་གི་ལས་རོགས་བཟོ་སྐྲུན་དགེ་རྒན་དང་ཆུ་བཟོ་ལས་ཁང་གཉིས་པའི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ1991ལོའི་ཟླ11པ་ནས་སྤྱི་ལོ1993ལོའི་ཟླ་5པའི་བར། ཨན་ཧུའེ་ཞིང་ཆེན་ཁོངས་ཀྲི་ཧོའེ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཨར་ལས་ཁོའོ་དང་ཕྱོགས་བསྡུས་ཁོའོ་ཡི་འགོ་འཛིན་གནང་།

སྤྱི་ལོ1993ལོའི་ཟླ་5པ་ནས་སྤྱི་ལོ1995ལོའི་ཟླ12པའི་བར། ཨན་ཧུའེ་ཞིང་ཆེན་ཁོངས་ཀྲི་ཧོའེ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ1995ལོའི་ཟླ12པ་ནས་སྤྱི་ལོ1997ལོའི་ཟླ2པའི་བར།ཨན་ཧུའེ་ཞིང་ཆེན་ཆུ་བེད་ཐིང་འཆར་འགོད་འཆར་གཞི་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1997ལོའི་ཟླ2པ་ནས་སྤྱི་ལོ1997ལོའི་ཟླ12པའི་བར། ཨན་ཧུའེ་ཞིང་ཆེན་ཁོངས་སུང་དབྱང་རྫོང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་བཞེས།

སྤྱི་ལོ1997ལོའི་ཟླ12པ་ནས་སྤྱི་ལོ1999ལོའི་ཟླ2པའི་བར། ཨན་ཧུའེ་ཞིང་ཆེན་ཁོངས་སུང་དབྱང་རྫོང་གི་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1999ལོའི་ཟླ2པ་ནས་སྤྱི་ལོ2001ལོའི་ཟླ7པའི་བར། ཨན་ཧུའེ་ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ7པ་ནས་སྤྱི་ལོ2005ལོའི་ཟླ12བར། ཨན་ཧུའེ་ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགནག་བཞེས། (སྤྱི་ལོ2000ལོའི་ཟླ9པ་ནས་སྤྱི་ལོ2003ལོའི་ཟླ3པའི་བར། ཨན་ཧུའེ་ཞིང་ཆེན་སློབ་གྲྭ་ཆེན་མོའི་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་སྦྱོང་གནང་།)

སྤྱི་ལོ2005ལོའི་ཟླ12པ་ནས་སྤྱི་ལོ2006ལོའི་ཟླ2པའི་བར། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་གྱི་འགོ་འཛིན་གྱི་འགན་བཞེས།

སྤྱི་ལོ2006ལོའི་ཟླ2པ་ནས་སྤྱི་ལོ2011ལོའི་ཟླས9པའི་བར། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་གྱི་འགོ་འཛིན་གྱི་འགན་བཞེས།(དེའི་རིང་སྤྱི་ལོ2007ལོའི་ཟླ3པ་ནས་སྤྱི་ལོ2009ལོའི་ཟླ9པའི་བར། ཀྲུང་གོ་དང་ཡོ་རོབ་གླིང་རྒྱལ་སྤྱིའི་བཟོ་ཚོང་སློབ་གླིང་གི་མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་སློབ་ཚན་འཛིན་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་གནང་ཞིང་།བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་སློབ་གནས་ཐོབ།)

སྤྱི་ལོ2011ལོའི་ཟླ9པ་ནས་སྤྱི་ལོ2011ལོའི་ཟླ10པའི་བར། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ10པ་ནས་སྤྱི་ལོ2016ལོའི་ཟླ11པའི་བར། ཨན་ཧུའེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་།ཧོ་ཧྥེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2016ལོའི་11པ་ནས་སྤྱི་ལོ2017ལོའི་ཟླ3པའི་བར། ཨན་ཧུའེ་ཞིང་ཆེན་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ།ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བཅས་ཡིན།

སྤྱི་ལོ2017ལོའི་ཟླ3པ་ནས་སྤྱི་ལོ2018ལོའི་ཟླ1པོའི་བར། ཁྲུང་ཆིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། གྲོང་ཁྱེར་སྲིད་གཞུང་གི་འགོ་འཛིན་གཞོན་པ་དང་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཁྲུང་ཆིང་སྲིད་འཛིན་སློབ་གླིང་གི་འགོ་འཛིན(གཅིག་ལྕོགས)བཅས་གནང་།

སྤྱི་ལོ2018ལོའི་ཟླ1པོ་ནས་སྤྱི་ལོ2018ལོའི་ཟླ10པའི་བར། ཁྲུང་ཆིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། གྲོང་ཁྱེར་སྲིད་གཞུང་གི་འགོ་འཛིན་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ལིང་ཅང་ཆུས་གསར་གྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཁྲུང་ཆིང་སྲིད་འཛིན་སློབ་གླིང་གི་འགོ་འཛིན(གཅིག་ལྕོགས)བཅས་ཀྱི་འགན་བཞེས།

སྤྱི་ལོ2018ལོའི་ཟླ10པ་ནས་སྤྱི་ལོ2021ལོའི་ཟླ1པོའི་བར། ཁྲུང་ཆིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གི་འགོ་འཛིན་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཁྲུང་ཆིང་སྲིད་འཛིན་སློབ་གླིང་གི་འགོ་འཛིན(གཅིག་ལྕོགས)བཅས་གནང་།

2021ལོའི་ཟླ1པོ་ནས་ད་ལྟའི་བར། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་འཐུས་མི། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན། སྐབས་བཅུ་པ་དང་། བཅུ་གཅིག་པ། སྐབས་བཅུ་གསུམ་པ་བཅས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པའི་འཐུས་མི། སྐབས་བཞི་པ་དང་ལྔ་པའི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གྲོང་ཁྱེར་སྐབས་ལྔ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཡིན།

2 ལས་གནས་བསྐོ་འཐེན།

སྤྱི་ལོ2021ལོའི་ཟླ1པོར། ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་བཀོད་དེ། བློ་མཐུན་ཝུའུ་ཚུན་རོང་གིས་ཀྲུང་གུང་ཁྲུང་ཆིན་གྲོང་ཁྱེར་གྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2021ལོའི་ཟླ1པོའི་ཚེས17ཉིན། ཁྲུང་ཆིང་གྲོང་ཁྱེར་གྱི་སྐབས་ལྔ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་ཐོག་ལས་ཁུར་རྩ་དགོངས་ཞུ་བའི་ལས་དོན་ལ་གྲོས་འཆམ་བྱུང་། བློ་མཐུན་ཝུའུ་ཚུན་རོང་གིས་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པའི་གོ་གནས་རྩ་དགོངས་ཞུས་པ་དང་ལེན་བྱས་ནས། ཁྲུང་ཆིང་གྲོང་ཁྱེར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཐོ་འགོད་སྙན་སེང་ཞུ་པར་བརྡས་ཐག་བཅད་དོ།།


དཔྱད་གཞིའི་ཡིག་ཆ།