ཀྲུང་གུང་ཀྲུང་དབྱང་སྒྲིག་སྒྱུར་ཅུའུ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2021-01-12 15:04ལ་འགྲུབ།

ཀྲུང་གུང་ཀྲུང་དབྱང་སྒྲིག་སྒྱུར་ཅུའུ།

ཀྲུང་གུང་ཀྲུང་དབྱང་སྒྲིག་སྒྱུར་ཅུའུ།
ཀྲུང་གུང་ཀྲུང་དབྱང་སྒྲིག་སྒྱུར་ཅུའུ་ཡི་མིང་ཆ་ཚང་ལ་ཀྲུང་གུང་ཀྲུང་དབྱང་གི་མར་ཁེ་སི་དང་། ཨེན་ཁེ་སི། ལེ་ཉིང་། སུའུ་ཏ་ལིན་བཅས་ཀྱི་གསུང་རྩོམ་སྒྲིག་སྒྱུར་ཅུའུ་ཟེར། དེ་ནི་ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་དང་། པུའུ་རིམ་པ་གཞོན་པའི་ལས་ཁུངས་ཤིག་ཡིན་ལ། སྤྱི་ལོ1953ལོར་བཙུགས་ཤིང་དེའི་ལས་འགན་གཙོ་བོ་ནི་མར་ཁེ་སི་རིང་ལུགས་དང་འབྲེལ་བའི་བརྩམས་ཆོས་སྒྲིག་སྒྱུར་དང་། ཀྲུང་དབྱང་གི་ཡིག་ཚང་སྣ་ཚོགས་ཕྱི་སྐད་དུ་སྒྱུར་བ། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་དང་གནད་དོན་གལ་ཆེན་གྱི་ཞིབ་འཇུག དེ་མིན་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་དྲིལ་སྒྲོག་དང་ཁྱབ་གདལ་དུ་གཏོང་བ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中共中央编译局
ཕྱི་ཡིག་གི་མིང་།
Central Compilation and Translation Bureau
བཙུགས་ལོ།
སྤྱི་ལོ1953ལོར།
ཅུའུ་ཀྲང་།
ཅཱ་ཀའོ་ཅན།
གཙོ་གཉེར་དུས་དེབ།
《མར་ཁེ་སི་རིང་ལུགས་དང་དངོས་ཡོད》
1   ངོ་སྤྲོད། 

ཀྲུང་གུང་ཀྲུང་དབྱང་སྒྲིག་སྒྱུར་ཅུའུ་རུ་ལོ་ཙཱ་དང་། ཞིབ་འཇུག ཆ་འཕྲིན། རྩོམ་སྒྲིག་བཅས་ལ་མཁས་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཆེན་པོ་ཞིག་ཡོད་པ་མ་ཟད། རྒྱུན་པར་དབྱིན་ཇི་དང་། འཇར་མན། ཧྥ་རན་སི། སི་ཕན། ཨུ་རུ་སུ། འཇར་པན་བཅས་ཀྱི་སྐད་རིགས་ཆེད་མཁས་པ་གདན་དྲངས་ཏེ་སྒྲིག་སྒྱུར་གྱི་བྱ་བར་རམ་འདེགས་བྱེད་ཀྱིན་ཡོད་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་དག་དང་མཉམ་འབྲེལ་བྱས་ཏེ། རིག་གཞུང་སྤེལ་རེས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པར་གཞོལ་གྱིན་མཆིས།

ཀྲུང་གུང་ཀྲུང་དབྱང་སྒྲིག་སྒྱུར་ཅུའུ་ཡིས་ཀྲུང་དབྱང་གི་ཇུས་གཅོད་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་རྒྱལ་ཁབ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ལོ་ཙཱ་དང་ཞིབ་འཇུག་མཉམ་དུ་སྤེལ་བ་དང་། གནའ་རབས་ཡིག་ཚང་དང་དོན་དངོས་ཀྱི་གནད་དོན་མཉམ་དུ་གཙོར་འཛིན་པ། གཞུང་ལུགས་གཏིང་ཟབ་མོར་ཞིབ་འཇུག་དང་གཞུང་ལུགས་དྲིལ་སྒྲོག་མཉམ་དུ་གཙོར་འཛིན་པའི་རྩ་དོན་ནན་སྲུང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་བ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ཁྱོན་ཡོངས་ནས་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ལས་དོན་ལ་སྐུལ་སྤེལ་ཆེད་ཧུར་ཐག་གིས་བྱས་རྗེས་འཇོག་པའི་ལས་ལ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད།

སྤྱི་ལོ2018ལོའི་ཟླ3པར། ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་བཅོས་བསྒྱུར་གཏིང་ཟབ་སྤེལ་བའི་ཇུས་གཞི》ཞེས་པ་དཔར་འགྲེམ་བྱས་ཤིང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་། ཀྲུང་དབྱང་ཡིག་ཚག་ཞིབ་འཇུག་ཁང་། ཀྲུང་དབྱང་སྒྲིག་སྒྱུར་ཅུའུ་བཅས་ཀྱི་ལས་འགན་མཉམ་སྤེལ་གྱིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚག་ཞིབ་འཇུག་ཁང་བཙུགས་ཤིང་། ཀྲུང་དབྱང་ཐད་གཏོགས་ལས་དོན་ལས་ཁུངས་སུ་གཏན་ཁེལ་བྱས། དེ་མིན་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚག་ཞིབ་འཇུག་ཁང་གིས་ཀྲུང་དབྱང་སྒྲིག་སྒྱུར་ཅུའུ་ཡི་སྒོ་བྱང་བཀལ་ཡོད་པ་ལས་ཀྲུང་དབྱང་སྒྲིག་སྒྱུར་ཅུའུ་མེད་པར་བཟོས།

2 རྩ་འཛུགས་ལས་ཁུངས།
2_1 ཐད་གཏོགས་ལས་ཁུངས།

མར་ཁེ་སི་དང་། ཨེན་ཀེ་སི། ལེ་ཉིང་། སུའུ་ཏ་ལིན་བཅས་ཀྱི་གསུང་རྩོམ་སྒྲིག་སྒྱུར་པུའུ།

ཀྲུང་དབྱང་གི་ཡིག་ཚག་ཡིག་སྒྱུར་པུའུ།

མར་ཁེ་སི་ལེ་ཉིང་རིང་ལུགས་ཞིབ་འཇུག་པུའུ།

དེང་རབས་མར་ཁེ་སི་རིང་ལུགས་ཞིབ་འཇུག་པུའུ།

མར་ལེ་རིང་ལུགས་ཡིག་ཚག་ཆ་འཕྲིན་པུའུ།

གཞུང་སྒྲུབ་ཐིང་།

མི་དོན་པུའུ།(ལས་ཁུངས་ཀྱི་ཏང་ཨུ)

ལས་བྲལ་དང་ལས་འཁྱུར་ངལ་གསོ་ལས་བྱེད་པའི་གཞུང་སྒྲུབ་ཁང་།

ཀྲུང་དབྱང་སྒྲིག་སྒྱུར་དཔེ་སྐྲུན་ཁང་།

2_2 ཞིབ་འཇུག་ལྟེ་གནས།

མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་་གཞུང་ལུགས་ཞིབ་འཇུག་ལྟེ་གནས།

འཛམ་གླིང་སྤྱི་ཚོགས་རིང་ལུགས་ཞིབ་འཇུག་ལྟེ་གནས།

དེང་རབས་མར་ཁེ་རིང་ལུགས་ཞིབ་འཇུག་ལྟེ་གནས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞིབ་འཇུག་ལྟེ་གནས།

རྒྱལ་ཁབ་ཕྱིའི་དེང་རབས་ཀྲུང་གོ་རིག་པ་ཞིབ་འཇུག་ལྟེ་གནས།

མར་ཁེ་སི་རིང་ལུགས་ཡིག་ཚག་ཞིབ་འཇུག་ལྟེ་གནས།

2_3 རིག་གཞུང་ཚོགས་པ།

ཀྲུང་གོའི་མར་ཁེ་སི་དང་ཨེན་ཀེ་སི་ཞིབ་འཇུག་ཚོགས་པ།

ཀྲུང་གོའི་རྒྱལ་སྤྱིའི་ལོ་རྒྱུས་ཚོགས་པ།

ཀྲུང་གོའི་འདྲེན་བྱང་ཚོགས་པ།

3 འགོ་ཁྲིད་ཚན་ཁག

ཅུའུ་ཀྲང་། ཅཱ་ཀའོ་ཅན།

ཅུའུ་ཀྲང་གཞོན་པ། ཝེ་ཧའེ་ཧྲེང་། ཁྲའེ་ཧྥང་ཀའོ། ཅི་ཀྲེང་ཅུའུ།

དྲུང་ཡིག་ཆེན་མོ། ཚུའེ་ཡོའུ་ཕིང་།

4 གཙོ་གཉེར་དུས་དེབ།

ཀྲུང་དབྱང་སྒྲིག་སྒྱུར་ཅུའུ་ཡིས་གཙོ་གཉེར་གནང་བཞིན་པའི་དུས་དེབ་ལ《མར་ཁེ་སི་རིང་ལུགས་དང་དངོས་ཡོད》དང་། 《དེང་གི་འཛམ་གླིང་དང་སྤྱི་ཚོགས་རིང་ལུགས》 《དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་སྲོལ་གྱི་གཤིབ་བསྡུར》 《རྒྱལ་ཕྱིའི་གཞུང་ལུགས་ཀྱི་གནས་ཚུལ་གསར་བ》 《རྒྱལ་ཕྱིའི་དཔེ་དེབ་དང་དུས་དེབ་ཀྱི་གནས་ཚུལ》 《ཨུ་རུ་སུ་ཞིབ་འཇུག་གི་ཆ་འཕྲིན》བཅས་ཡོད། 

5 འགན་ནུས།

སྤྱི་ལོ2010ལོའི་ཟླ12པའི་ཚེས9ཉིན། ཀྲུང་དབྱང་ཕྱི་ཕྱོགས་དྲིལ་སྒྲོག་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་དཔེ་མཚོན་བརྩམས་ཆོས་སྒྲིག་སྒྱུར་ཞིབ་འཇུག་དང་ཀྲུང་དབྱང་སྒྲིག་སྒྱུར་ཅུའུ་ཡི་འབྲེལ་ཡོད་ཀྱི་བྱ་བའི་འགན་ནུས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།

སྒྲིག་སྒྱུར་ཅུའུ་ལ་ལས་མི286དང་། དེ་ལས་མི129ལ་མཐོ་རིམ་ཟུར་པའི་ཡན་གྱི་ཆེད་ལས་ལག་རྩལ་གྱི་མཚན་གནས་ལྡན། སྔ་རྗེས་སུ་མི་སྣ72ལ་བྱས་རྗེས་འབུར་ཐོན་ཅན་གྱི་ཆེད་མཁས་པའི་གཟེངས་རྟགས་ཐོབ་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གནང་བའི་སྲིད་གཞུང་གི་དམིགས་བསལ་གསབ་དངུལ་ལེན་གྱིན་ཡོད། མི་སྣ94ལ་ཀྲུང་གོ་ལོ་ཙཱ་བའི་མཐུན་ཚོགས་ཀྱིས་ཞུས་ཆེན་ལོ་ཙཱ་བའི་གཟི་བརྗིད་མཚན་སྙན་བསྩལ་ཡོད།

ཉེ་བའི་ལོ་ངོ60ཡི་རིང་། སྒྲིག་སྒྱུར་ཅུའུ་ནས་མར་ཁེ་སི་རིང་ལུགས་ཀྱི་བརྩམས་ཆོས་སྒྲིག་སྒྱུར་དང་། ཞིབ་འཇུག དཔེ་སྐྲུན་སོགས་ཀྱི་ལས་དོན་ཐད་གྲུབ་འབྲས་མི་དམན་པ་བླངས་ཡོད་དེ། གཙོ་བོ་ལ《མར་ཁེ་སི་དང་ཨན་ཀེ་སིའི་གསུང་རྩོམ་ཕྱོགས་བསྒྲིགས》དང 《ལེ་ཉིང་གི་གསུང་རྩོམ་ཕྱོགས་བསྒྲིགས》 《སུའུ་ཏ་ལིན་གྱི་གསུང་རྩོམ་ཕྱོགས་བསྒྲིགས》 《མར་ཁེ་སི་དང་ཨེན་ཀེ་སིའི་གསུངས་རྩོམ་བདམས་བསྒྲིགས》 《ལེ་ཉིང་གི་གསུང་རྩོམ་བདམས་བསྒྲིགས》 དེ་མིན《མར་ཁེ་སི་དང་ཨེན་ཀེ་སིའི་གསུང་རྩམ་གཅེས་བསྡུས》དང 《ལེ་ཉིང་གི་ཆེད་རྩོམ་གཅེས་བསྡུས》སོགས་ཡོད། 《མའོ་ཙེ་ཏུང་གི་གསུང་རྩོམ་ཕྱོགས་བསྒྲིགས》དང 《ཀྲུའུ་ཨེན་ལའེ་ཡི་གསུང་རྩོམ་ཕྱོགས་བསྒྲིགས》 《ཏེང་ཞའོ་ཕིང་གི་གསུང་རྩོམ་གཅེས་བསྡུས》 《ཁྲེན་ཡོན་གྱི་གསུང་རྩོམ་གཅེས་བསྡུས》 《ཅང་ཙེ་མིན་གྱི་གསུང་རྩོམ་གཅེས་བསྡུས》དེབ་དང་པོ་སོགས་སྐད་རིགས་སྣ་མང་ལ་བསྒྱུར་བ་མ་ཟད། ཏང་གི་འཐུས་མི་ཚོགས་ཆེན་རིམ་བྱུང་དང་། མི་དམངས་འཐུས་མི་ཚོགས་ཆེན། སྲིད་གྲོས་ཀྱི་ཚོགས་འདུ་གཉིས་དང་དེ་མིན་གྲོས་ཚོགས་གལ་ཆེན་གཞན་གྱི་ཡིག་ཆ་ལོ་ཙཱ་བྱེད་པའི་ལས་ཀ་ལེགས་འགྲུབ་བྱུང་ཡོད། མར་ཁེ་སི་རིང་ལུགས་དང་། འཛམ་གླིང་སྤྱི་ཚོགས་རིང་ལུགས། སྲིད་ཏང་ཆབ་སྲིད་དང་དེ་མིན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་དང་ལག་ལེན་སོགས་དང་འབྲེལ་ཏེ། སྔ་གཞུག་ཏུ་ཀྲུང་དབྱང་ནས་སྤྲད་པའི་དཔྱད་གཞི་གལ་ཆེན་དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་ཚོགས་པའི་རྣམ་གྲངས་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་ནས་སྤྲད་པའི་ཞིབ་འཇུག་དཔྱད་གཞི་སྣ200ལྷག་འགྲུབ་ཅིང་། ཆེད་རྩོམ་དང་། སྒྲིག་རྩོམ། བསྒྱུར་རྩོམ400ལྷག་དཔེ་སྐྲུན་བྱས། དེ་དང་ཆབས་ཅིག་རིན་ཐང་ཅུང་མཐོ་བའི་རིག་གཞུང་དཔྱད་རྩོམ་མང་བོ་སྤེལ། མར་ཁེ་སི་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས། སྲིད་ཏང་ཆབ་སྲིད། རིག་གཞུང་དཔྱད་རྩོམ་སོགས་ཡིག་ཚང་ཁ་གྲངས་འབུམ5ལྷག་ཉར་ཚགས་བྱས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་སྲོག་ཤིང་དུས་དེབ4དང་དཔེ་སྐྲུན་ཁང1གི་ལས་ཀར་གཙོ་གཉེར་གནང་། དཔེ་དེབ་སྣ་མི་གཅིག་པ་རིགས2384པར་དུ་བསྐྲུན། དབྱིན་ཇི་དང་། ཨུ་རུ་སུ། ཧྥ་རན་སི། སི་ཕན། འཇར་པན། འཇར་མན་སོགས་སྐད་རིགས་སྣ་མང་བར་ལོ་ཙཱ་བྱས། རྒྱལ་ཁབ་ཕྱི་ནང་དང་ལྷག་པར་རྒྱལ་སྤྱིའི་སྟེང་གི་རིག་གཞུང་ལས་ཁུངས་དང་སྲིད་ཏང་སོགས་དང་འབྲེལ་བ་བཙུགས་ཏེ་མཉམ་ལས་དང་། བརྗེ་རེས། བགྲོ་གླེང་། མི་སྣ་ཕན་ཚུན་འགྲོ་འོང་སོགས་ཀྱི་བྱེད་སྒོ་སྤེལ།

མ་འོངས་པའི་བྱ་བའི་ཁ་ཕྱོགས།

གཅིག མུ་མཐུད་དུ་མར་ཁེ་སི་རིང་ལུགས་སྐོར་གྱི་བརྩམས་ཆོས་སྒྲིག་སྒྱུར་དང་ཞིབ་འཇུག་གི་ལས་ཀ་སྒྲུབ་པ།

གཉིས། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་གཞུང་ལུགས་དང་། རྒྱལ་ཁབ་ཕྱི་ནང་དུ་དར་བའི་མར་ཁེ་སི་རིང་ལུགས། སྤྱི་ཚོགས་རིང་ལུགས། སྲིད་ཏང་ཆབ་སྲིད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས། ཀྲུང་གོའི་བཅོས་བསྒྱུར་འཕེལ་རྒྱས་འཐབ་ཇུས་སོགས་ཀྱི་ཁྱབ་ཁོངས་ལ་ཤུགས་བསྣན་ཏེ་སྔར་ལས་ལྷག་པའི་གྲུབ་འབྲས་ལེན་པ།

གསུམ། མར་ཁེ་སི་རིང་ལུགས་དང་འཛམ་གླིང་སྤྱི་ཚོགས་རིང་ལུགས་སོགས་ཀྱི་ཡིག་ཚང་གལ་ཆེན་དག་གི་སྡུད་སྒྲིག་དང་ཞིབ་འཇུག་ལས་ཀར་ཤུགས་སྣོན་པ།