ལུའི་ཡུང་ཁྲེང་།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2021-01-16 15:07ལ་འགྲུབ།

ལུའི་ཡུང་ཁྲེང་།

ལུའི་ཡུང་ཁྲེང་།
ལུའི་ཡུང་ཁྲེང་། སྤྱི་ལོ1970ལོའི་ཟླ10པར་སྐྱེས། ནང་སོག་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་བསླབ་རིམ་ལྡན། ཀྲུང་གུང་ཏང་ཡོན་ཡིན། ད་ལྟ་ཐུང་ལིའོ་ལས་རིགས་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吕永成
སྐྱེས་ལོ།
སྤྱི་ལོ1970ལོའི་ཟླ10པར་སྐྱེས།
རྒྱལ་ཁོངས།
ཀྲུང་གོ།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1987ལོའི་ཟླ9པ་ནས་སྤྱི་ལོ1990ལོའི་ཟླ7པའི་བར། ཀྲེ་མེང་དགེ་འོས་སློབ་གྲྭའི་དགེ་དགེ་རྒན་ཆེད་ལས་སུ་སློབ་སྦྱོང་གནང་།

སྤྱི་ལོ1990ལོའི་ཟླ8པ་ནས་སྤྱི་ལོ1990ལོའི་ཟླ10པའི་བར། ཁའེ་ལུའུ་རྫོང་ཐའེ་ཧོ་ཁོའུ་སློབ་འབྲིང་གི་དགེ་རྒན་བྱས། 

སྤྱི་ལོ1990ལོའི་ཟླ10པ་ནས་སྤྱི་ལོ1994ལོའི་ཟླ1པའི་བར། ཁའེ་ལུའུ་རྫོང་ཨུ་གཞུང་ལས་ཁང་གི་དྲུང་ཡིག་གི་འགན་ཁུར།

སྤྱི་ལོ1994ལོའི་ཟླ1པ་ནས་སྤྱི་ལོ1997ལོའི་ཟླ1པའི་བར། ཁའེ་ལུའུ་རྫོང་ཚགས་པར་ཁང་གི་རྩོམ་སྒྲིག་པའི་འགན་ཁུར།

སྤྱི་ལོ1997ལོའི་ཟླ1པ་ནས་སྤྱི་ལོ1998ལོའི་ཟླ5པའི་བར། ཁའེ་ལུའུ་རྫོང་ཨུ་གཞུང་ལས་ཁང་གི་ཕྱོགས་བསྡུས་ཁོའོ་ཡི་ཁོའོ་ཀྲང་གི་འགན་ཁུར།

སྤྱི་ལོ1998ལོའི་ཟླ5པ་ནས་སྤྱི་ལོ2003ལོའི་ཟླ8པའི་བར། ཁའེ་ལུའུ་རྫོང་ཏང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་ཁུར།(སྤྱི་ལོ2002ལོའི་ཟླ6པར་ཁའེ་ལུའུ་རྫོང་ཏང་ཨུད་ཆབ་སྲིད་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་བཞེས)

སྤྱི་ལོ2003ལོའི་ཟླ8པ་ནས་སྤྱི་ལོ2003ལོའི་ཟླ12པའི་བར། ཐུང་ལེའོ་གྲོང་ཨུའི་གཞུང་ལས་ཁང་དུ་བྱ་བ་བསྒྲུབ།  

སྤྱི་ལོ2003ལོའི་ཟླ12པ་ནས་སྤྱི་ལོ2004ལོའི་ཟླ2པའི་བར། ཁོའོ་ཙུའོ་ཧོ་ཆི་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་བྱས།

སྤྱི་ལོ2004ལོའི་ཟླ2པ་ནས་སྤྱི་ལོ2007ལོའི་ཟླ11པའི་བར། ཁོའོ་ཙུའོ་ཧོ་ཆི་སྲིད་གཞུང་གི་ཆི་གཙོ་གཞོན་པའི་འགན་ཁུར།  

སྤྱི་ལོ2007ལོའི་ཟླ11པ་ནས་སྤྱི་ལོ2008ལོའི་ཟླ2པའི་བར། ཐུང་ལེའོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་ཁུར།

སྤྱི་ལོ2008ལོའི་ཟླ2པ་ནས་སྤྱི་ལོ2010ལོའི་ཟླ9པའི་བར། ཐུང་ལེའོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མི། གྲོང་ཁྱེར་སློབ་གསོ་རྒྱུགས་ལེན་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཀྱི་འགན་ཁུར།  

སྤྱི་ལོ2010ལོའི་ཟླ9པ་ནས་སྤྱི་ལོ2012ལོའི་ཟླ3པའི་བར། ཐུང་ལེའོ་གྲོང་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ2012ལོའི་ཟླ3པར། ཐུང་ལིའོ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་འགན་ཁུར།

སྤྱི་ལོ2016ལོའི་ཟླ5པར། ཐུང་ལེའོ་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དང་དྲུང་ཆེ། སྲིད་གཞུང་གཞུང་ལས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར།  

སྤྱི་ལོ2016ལོའི་ཟླ7པ་ནས་སྤྱི་ལོ2019ལོའི་ཟླ3པའི་བར། ཐུང་ལེའོ་ལས་རིགས་སློབ་གླིང་གི་ཡོན་ཀྲང་གི་འགན་ཁུར།  

ད་ལྟ་ཐུང་ལིའོ་ལས་རིགས་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།

2 ལས་གནས་བསྐོ་འཐེན།

སྤྱི་ལོ2016ལོའི་ཟླ7པར་ཐུང་ལེའོ་ལས་རིགས་སློབ་གླིང་གི་ཡོན་ཀྲང་གི་འགན་བཞེས།

སྤྱི་ལོ2019ལོའི་ཟླ3པར་བློ་མཐུན་ལུའི་ཡུང་ཁྲེང་ཐུང་ལིའོ་ལས་རིགས་སློབ་གླིང་གི་ཡོན་ཀྲང་གི་གོ་གནས་ནས་ཕྱིར་འཐེན་བྱས།

དཔྱད་གཞིའི་ཡིག་ཆ།