ལུའུ་ཧྲིན་ལིས།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2021-01-16 15:07ལ་འགྲུབ།

ལུའུ་ཧྲིན་ལིས།

ལུའུ་ཧྲིན་ལིས།
ལུའུ་ཧྲིན་ལིས། སྐྱེས་པ། རྒྱ་རིགས། སྤྱི་ལོ1963ལོའི་ཟླ7པར་སྐྱེས། ཧྲན་ཞི་ཞིང་ཆེན་ཡུན་ཁྲིན་གྲོང་ཁྱེར་ཡུན་ཧུའུ་མཚེའུ་ཁུལ་གྱི་ཡིན། སྤྱི་ལོ1984ལོའི་ཟླ7པར་ལས་ཀར་ཞུགས། སྤྱི་ལོ1989ལོའི་ཟླ12པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཡུན་ཁྲེང་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
路胜利
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ7པར་སྐྱེས།
རྒྱལ་ཁོངས།
ཀྲུང་གོ།
​མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཡུན་ཁྲིན་གྲོང་ཁྱེར་ཡུན་ཧུའུ་མཚེའུ་ཁུལ།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1984ལོའི་ཟླ7པར། ཁང་ཅེ་སློབ་འབྲིང་གི་རྒྱའི་སྐད་ཡིག་དགེ་རྒན་གྱི་བྱས།

སྤྱི་ལོ1987ལོའི་ཟླ8པར་ཁང་ཅེ་སློབ་འབྲིང་གི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་ཁུར།  

སྤྱི་ལོ1989ལོའི་ཟླ8པར་ཁང་ཅེ་སློབ་འབྲིང་གི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཁུར།  

སྤྱི་ལོ1995ལོའི་ཟླ6པར་ནན་ཧྥེང་ཚོགས་པའི་བཟོ་གྲྭ་གསུམ་པའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།(འགན་འཁྱེར་སྦྱོང་བརྡར།)

སྤྱི་ལོ1997ལོའི་ཟླ9པར། ཁང་ཅེ་སློབ་འབྲིང་གི་སློབ་གཙོ་གཞོན་པའི་འགན་ཁུར།  

སྤྱི་ལོ2001ལོའི་ཟླ9པར་ཁང་ཅེ་སློབ་འབྲིང་གི་སློབ་གཙོ་གཞོན་པ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་གཅིག་ལྕོགས་ཀྱིས་བཞེས།

སྤྱི་ལོ2003ལོའི་ཟླ8པར་ཁང་ཅེ་སློབ་འབྲིང་གི་སློབ་གཙོའི་འགན་ཁུར།  

སྤྱི་ལོ2014ལོའི་ཟླ་དང་པོར་ཡུན་ཁྲེང་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཚབ་ཅུས་ཀྲང་གི་འགན་འཁུར་བ།

སྤྱི་ལོ2016ལོའི་ཟླ12པ་ནས་སྤྱི་ལོ2018ལོའི་ཟླ11པའི་བར་ཡུན་ཧྲེང་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ7པར་ཡུན་ཁྲེང་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

2 ལས་གནས་བསྐོ་འཐེན།

སྤྱི་ལོ2015ལོའི་ཟླ10པའི་ཚེས28ཉིན། ཡུན་ཁྲེང་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཏང་ཡོན་འཐུས་མི་ཚོགས་ཆེན་ཐེངས་བཞི་པར་ལུའུ་ཧྲིན་ལིས་ཡུན་ཁྲེང་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཏང་ཨུའི་ཧྲུའུ་ཅིར་བདམས་པ་རེད།

སྤྱི་ལོ2016ལོའི་ཟླ12ཚེས15ཉིན། ཡུན་ཁྲེང་གྲོང་ཁྱེར་གྱི་སྐབས་བཞི་པའི་མི་དམངས་འཐུས་ཚོགས་རྒྱུན་ཨུའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་ནས་ལུའུ་ཧྲིན་ལིས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ལ་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

སྤྱི་ལོ2018ལོའི་ཟླ6པར་ཡུན་ཁྲེང་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་ལ་བསྐོ་རྩིས་ཡོད་པ་ཡོངས་བསྒྲགས་བྱས་པ་རེད།

སྤྱི་ལོ2018ལོའི་ཟླ11པའི་ཚེས28ཉིན་ཡུན་ཁྲེང་གྲོང་ཁྱེར་གྱི་སྐབས་བཞི་པའི་མི་དམངས་འཐུས་ཚོགས་རྒྱུན་ཨུའི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་གྲོས་འཆམ་བྱུང་ནས། ལུའུ་ཧྲིན་ལིས་ཀྱི་ཡུན་ཁྲེང་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གི་གོ་གནས་མེད་པ་བཟོས་པ་རེད།

3 མི་སྣའི་བྱས་རྗེས།

སྤྱི་ལོ2005ལོར་མ་དངུལ་སྒོར་དུང་ཕྱུར2གྲབས་གསོག་བྱས་ནས་ཁང་ཅེ་སློབ་འབྲིང་གི་སློབ་ཁུལ་གསར་པ་བཙུགས་པ་དང་།  “གྲོང་ཁྱེར་གྱི་ས་གཞིའི་མཚོན་རྟགས་བཅུར”གྱུར།

ཞིང་ཆེན་རིམ་པ་ཡན་གྱི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ཞིབ་འཇུག་ལས་གཞི4གཙོ་སྐྱོང་བྱས་ནས《སྐད་ཡིག་གི་སློབ་ཁྲིད་གསར་འགྱུར》དང《འོད་གསལ་ཉིན་རེའི་ཚགས་པར》སྟེང་འགྲེམ་སྤེལ་བྱས། སྔ་རྗེས་སུ་ཧྲན་ཞི་ཞིང་ཆེན་གྱི“ངལ་རྩོལ་དཔེ་བཟང་ཅན”དང་། ཧྲན་ཞི་ཞིང་ཆེན་གྱི“སྔོན་ཐོན་སློབ་གསོའི་ལས་ཀ་བྱེད་མཁན”ཧྲན་ཞི་ཞིང་ཆེན་གྱི“བསམ་པའི་དཔལ་ཡོན་གྱི་སྔོན་ཐོན་མི་སྒེར”ཧྲན་ཞི་ཞིང་ཆེན་གྱི“ཕུལ་བྱུང་གུང་གཞོན་ཚོགས་པའི་ལས་བྱེད་པ”ཧྲན་ཞི་ཞིང་ཆེན་གྱི“དཔེ་བཟང་འཛིན་བདག”དང་། ཧྲན་ཞི་ཞིང་ཆེན་གྱི“ཕུལ་བྱུང་ཏང་སྲིད་འགོ་ཁྲིད་ལས་བྱེད་པ”བཅས་ལ་བདམས་ཐོན་བྱུང་།  

ཡུན་ཁྲེང་གྲོང་ཁྱེར་སྐབས་བཞི་པའི“ཕུལ་བྱུང་ན་གཞོན་བཅུ”དང་། ཡུན་ཁྲེང་གྲོང་ཁྱེར་གྱི“ཕུལ་བྱུང་སློབ་གཙོ”སོགས་དང་། ཧྲན་ཞི་ཞིང་ཆེན་གྱི་ངལ་རྩོལ་འགྲན་བསྡུར་གྱི་བྱས་རྗེས་ཨང་དང་པོ་དང་། ཡུན་ཁྲེང“ལྔ་གཅིག”ངལ་རྩོལ་བྱ་དགའི་རྟགས་མ།“ཡུན་ཁྲེང་གྲོང་ཁྱེར་འཛུགས་སྐྲུན་ཐད་བྱས་རྗེས་ཡོད་པ་བཅུ”སོགས་ཀྱི་བྱ་དགའ་ཐོབ།

4 དཔྱད་རྩོམ་གྱི་དཀར་ཆག

《རྒད་པོ་ཀའོ་ཡི་ཕ་བུའི་བརྩེ་བ་བསྐྱར་འཚོལ》སྤྱི་ལོ1990ལོའི་ཟླ6པ།《ཧྲན་ཞིའི་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》སྟེང་བཀོད།

《སློབ་འབྲིང་གི་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱིས་དཔེ་ཀློག་སློབ་གསོའི་བྱེད་སྒོ་སྤེལ་བའི་འཚོལ་ཞིབ》སྤྱི་ལོ1991ལོའི་ཟླ3པ། 《ན་གཞོན་སློབ་གྲོགས》སྟེང་བཀོད།

《གུང་གཞོན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཐོན་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས》སྤྱི་ལོ1991ལོའི་ཟླ7པ།《གུང་གཞོན་སྡེ་ཚོགས་ཀྱི་ཧྲན་ཞིའི་གསར་འགྱུར》སྟེང་བཀོད།

《སློབ་འབྲིང་གི་ལག་ལེན་སློབ་གསོའི་བྱེད་སྒོའི་ཐད་ཀྱི་རྣམ་བཤད》སྤྱི་ལོ1995ལོའི་ཟླ3པ། 《གུང་གཞོན་ཚོགས་པའི་ཧྲན་ཞིའི་གསར་འགྱུར》སྟེང་བཀོད།

《སྐད་ཡིག་གི་སློབ་ཁྲིད་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ་སློབ་ཁང་གི་སློབ་ཁྲིད་ལས་ཕྱོད་ཆེ་རུ་གཏོང་དགོས》སྤྱི་ལོ2000ལོའི་ཟླ་12པའི《སྐད་ཡིག་གི་སློབ་ཁྲིད་གསར་འགྱུར》སྟེང་བཀོད།

《〈སྨན〉ཀྱི་བརྗོད་བྱ་འཚོལ་ཞིབ》སྤྱི་ལོ2001ལོའི་ཟླ4པའི《བྱང་ཚད་སློབ་གསོ》སྟེང་བཀོད།

《སྐད་ཡིག་སློབ་ཁྲིད་ཁྲོད་ཀྱི་དགེ་སློབ་མཉམ་འགུལ་འཚོལ་ཞིབ》སྤྱི་ལོ2001ལོའི་ཟླ9བའི་ཚེས6ཉིན།《འོད་ཟེར་ཉིན་རེའི་ཚགས་པར》སྟེང་བཀོད།

《མ་ཀྲི་ཡོན་གྱི་ཞའོ་ལིང〈ཐེན་ཅིང་ཧྲ་ཆིའུ་སི〉ཡི་སྒྱུ་རྩལ་དཔྱད་གཏམ》སྤྱི་ལོ2000ལོའི་ཟླ3པའི《སློབ་ཁང་གི་སློབ་ཁྲིད》སྟེང་བཀོད།

《བསམ་པའི་ལྕགས་རི་རིང་པོ་བསྐྱར་འཛུགས》རྩོམ་སྒྲིག་ཨུ་ཡོན།  སྤྱི་ལོ1991ལོའི་རྒྱ་མཚོའི་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

《གུང་ཁྲན་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པ་བྱ་དགོས》སྤྱི་ལོ1992ལོའི་འོད་ཟེར་ཉིན་རེའི་ཚགས་པར་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

《རྩོམ་སྒྲིག་ཚོགས་པའི་སློབ་དེབ》ཀྱི་གཙོ་སྒྲིག་པ་གཞོན་པ་ཡིན། སྤྱི་ལོ1993ལོར་རྒྱ་མཚོ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

《རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སློབ་ཚན》གྱི་གཙོ་སྒྲིག་པ་ཡིན། སྤྱི་ལོ1995ལོའི་རྒྱལ་སྲུང་སློབ་ཆེན་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

《སློབ་འབྲིང་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་རྩོམ་སྒྲིག》ཞེས་པའི་གཙོ་སྒྲིག་པ་གཞོན་པ་ཡིན། སྤྱི་ལོ 1994ལོར་ཧྲན་ཞིའི་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

《སློབ་འབྲིང་སློབ་མའི་ཉེར་སྤྱོད་རྣམ་བཤད་རྩོམ་བསྡུའི་སློབ་ཚན》མཉམ་དུ་བསྒྲིགས་བྱས། སྤྱི་ལོ 1994ལོར་ཧྲན་ཞིའི་མཐོ་རིམ་སློབ་གསོའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།  

《གསར་གཏོད་ཀྱི་བསམ་གཞིགས་གི་སྦྱངས་གཞིའི་ལྷན་ཐབས》ཀྱི་གཙོ་སྒྲིག་པ་གཞོན་པ་ཡིན། སྤྱི་ལོ 2001ལོར་སྐད་ཡིག(དེབ་གཉིས་པ་དང་གསུམ་པ།)ཧེ་ལུང་ཅང་ཁྲའོ་ཞན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

《དྲ་ཐོག་ཁྱད་ལྡན་དགེ་རྒན་གྱིས་སློབ་སྦྱོང་ལ་ཁྲིད་སྟོན་བྱེད་པའི་དཔེ་ཚོགས》ཞེས་པའི་གཙོ་སྒྲིག་པ་ཡིན། སྤྱི་ལོ2001ལོར་འོད་གསལ་ཉིན་རེའི་ཚགས་པར་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

《ཀུན་སྤྱོད་དང་བློ་སྦྱོང》མཉམ་བསྒྲིགས་བྱས། སྤྱི་ལོ2002ལོར་ཀྲུང་གོའི་གཏེར་ཁ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

5 བྱ་དགའ་ཐོབ་པའི་གནས་ཚུལ།

སྤྱི་ལོ1987ལོར་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་དང་གུང་གཞོན་ཚོགས་པའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས“ཞིང་ཆེན་རིམ་པའི་དཔེ་བཟང་འཛིན་བདག”གི་མཚན་སྙན་གནང་བ་རེད།

སྤྱི་ལོ1989ལོར་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་དང་གུང་གཞོན་ཚོགས་པའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས“སྤྱི་ཚོགས་ལག་ལེན་ཧུར་བརྩོན་ཅན”ཞེས་པའི་མཚན་སྙན་གནང་བ་རེད།

སྤྱི་ལོ1990ལོའི་ཟླ5པར་གུང་གཞོན་ཚོགས་པའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས“ཧྲན་ཞི་ཞིང་ཆེན་གྱི་ཕུལ་བྱུང་གུང་གཞོན་ཚོགས་པའི་ལས་བྱེད་པ”ཞེས་པའི་མཚན་སྙན་གནང་བ་རེད།

སྤྱི་ལོ1992ལོར་གུང་གཞོན་སྡེ་ཚོགས་ཞིང་ཨུའི་དཔྱད་འདེམས་པའི“ཤེས་བྱའི་འགྲན་བསྡུར་གྱི་ཕུལ་བྱུང་ཟུར་ཁྲིད་དགེ་རྒན”ལ་བདམས་པ་རེད།  

སྤྱི་ལོ1998ལོའི་ཟླ9པར་ཧྲན་ཞི་ཞིང་ཆེན་གྱི་སྐབས་དྲུག་པའི་ལུས་རྩལ་འགྲན་ཚོགས་རིག་རྩལ་འཁྲབ་སྟོན་གྱི་ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་ཐོབ།

སྤྱི་ལོ1999ལོའི་ཟླ་5པར་ཡུན་ཁྲེང་ས་ཁུལ་གྱི“ཕུལ་བྱུང་གཞོན་ནུ་བཅུའི”མཚན་སྙན་ཐོབ།

སྤྱི་ལོ2000ལོར་ཧྲན་ཞི་ཞིང་ཆེན་གྱི“སློབ་གསོའི་ཁོངས་གཏོགས་ཀྱི་བསམ་པའི་དཔལ་ཡོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ།

སྤྱི་ལོ2001ལོར་ཧྲན་ཞི་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་ཀྲུང་དབྱང་ལུས་རྩལ་འགྲན་ཚོགས་ཀྱི་སྒྲིག་འཛུགས་ཡག་ཤོས་ཀྱི་བྱ་དགའ་ཐོབ།

སྤྱི་ལོ2001ལོར་ཡུན་ཁྲེང་གྲོང་ཁྱེར་གྱི“ཕུལ་བྱུང་ཏང་ཡོན་ལྔའི”མཚན་སྙན་ཐོབ།

སྤྱི་ལོ2001ལོར་ཧྲན་ཞི་ཞིང་ཆེན་གྱི“སྔོན་ཐོན་སློབ་གསོའི་ལས་ཀ་བྱེད་མཁན”གྱི་མཚན་སྙན་ཐོབ།

དཔྱད་གཞིའི་ཡིག་ཆ།