ལི་ཀྲི་ཀང་།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2021-01-16 15:07ལ་འགྲུབ།

ལི་ཀྲི་ཀང་།

ལི་ཀྲི་ཀང་།
ལི་ཀྲི་ཀང་། རྒྱ་རིགས། སྤྱི་ལོ1964ལོའི་ཟླ10པར་སྐྱེས། ཧྲན་ཞི་ཞིང་ཆེན་ཞི་དབྱང་གི་མི་ཡིན། སྤྱི་ལོ1993ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཧྲན་ཞི་སློབ་ཆེན་གྱི་རྒྱ་ཡིག་རྩོམ་རིག་ཆེད་ལས་ནས་སློབ་མཐར་ཕྱིན། དངོས་གཞིའི་སློབ་གནས་དང་། རྩོམ་རིག་ཤེས་རམས་པ། ཁྲིམས་ལུགས་ཤེས་རམས་པ། མཐོ་རིམ་བཟོ་སྐྲུན་པ། ད་ལྟ་ཧྲན་ཞི་ལས་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དང་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李志钢
སྐྱེས་ལོ།
སྤྱི་ལོ1964ལོའི་ཟླ10པར་སྐྱེས།
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧྲན་ཞི་ཞིང་ཆེན་ཞི་དབྱང་།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1964ལོའི་ཟླ10པར་སྐྱེས། ཧྲན་ཞི་ཞི་དབྱང་གི་མི་ཡིན། སློབ་གྲྭ་ཆེན་མོའི་ཡོན་ཚད་ལྡན། སྤྱི་ལོ1986ལོའི་ཟླ7པར་ལས་ཀར་ཞུགས། སྤྱི་ལོ1993ལོའི་ཟླ11པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། དེ་སྔ་ཞིང་ཆེན་ཁྲིམས་འཛིན་ཐིང་གཞུང་ལས་ཁང་གི་ཀྲུའུ་རེན་དང་། ཅིན་ཁྲེང་བཙོན་ཁང་གི་ཆབ་སྲིད་ཨུ་ཡོན། ཞིང་ཆེན་ཁྲིམས་འཛིན་ཐིང་བཙོན་ཁང་ངལ་རྩོལ་སློབ་གཅུན་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་། བཙོན་ཁང་གི་དུག་གཅོད་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་བཅས་ཀྱི་འགན་ཁུར། སྤྱི་ལོ2020ལོའི་ཟླ4པར་ད་ལྟའི་གོ་གནས་ཁུར།

2 ལས་གནས་བསྐོ་འཐེན།

སྤྱི་ལོ2020ལོའི་ཟླ4པའི་ཚེས9ཉིན། ཀྲུང་གུང་ཧྲན་ཞིས་ཞིང་ཨུ་རྩ་འཛུགས་པུའུ་ཡི《ཀྲུང་གུང་ཧྲན་ཞིས་ཞིང་ཨུ་རྩ་འཛུགས་པུའུ་ཡི་སྤྱི་བསྒྲགས》ལས་བློ་མཐུན་ལི་ཀྲི་ཀང་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་སློབ་གླིང་གི་འགོ་གཙོར་བསྐོ་གཞག་བྱས་པ་རེད།

དཔྱད་གཞིའི་ཡིག་ཆ།