ཏིན་ཧོའེ་མིན།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2020-12-28 14:57ལ་འགྲུབ།

ཏིན་ཧོའེ་མིན།

ཏིན་ཧོའེ་མིན།
ཏིན་ཧོའེ་མིན། སྐྱེས་པ། རྒྱ་རིགས། སྤྱི་ལོ1963ལོའི་ཟླ11པར་སྐྱེས། ཧྲན་ཞི་ཞིང་ཆེན་ཞང་ཧྥུན་གྱི་མི་ཡིན། ཀྲུང་གུང་ཏང་ཡོན། དགེ་རྒན་ཆེན་མོ་བཅས་ཡིན། སྤྱི་ལོ1983ལོར་ཧྲན་ཞིའི་དགེ་ཐོན་སློབ་གླིང་ནས་མཐར་ཕྱིན། ལོ་དེར་ཧྲན་ཞིའི་ཨར་ལས་རྒྱུ་ཆ་བཟོ་ལས་སློབ་གྲྭར(ད་ལྟ་ཧྲན་ཞི་ལས་རིགས་ལག་རྩལ་སློབ་གྲྭ)དགེ་རྒན་གྱི་འགན་བཞེས། དེ་སྔ་ཧྲན་ཞི་དཔལ་འབྱོར་དོ་དམ་ལས་བྱེད་པའི་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྲན་ཞི་དཔལ་འབྱོར་དོ་དམ་ལས་བྱེད་པའི་སློབ་གླིང་གི་ཡོན་ཀྲང་བཅས་ཀྱི་འགན་བཞེས། ད་ལྟ་ཧྲན་ཞི་དཔལ་འབྱོར་ལས་བྱེད་པའི་དོ་དམ་སློབ་གླིང་གི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
丁怀民
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ11པར་སྐྱེས།
རྒྱལ་ཁོངས།
ཀྲུང་གོ།
​ལས་གནས།
ཧྲན་ཞི་དཔལ་འབྱོར་ལས་བྱེད་པའི་དོ་དམ་སློབ་གླིང་གི་ཧྲུའུ་ཅི།
མི་རིགས།
རྒྱ་རིགས།
ཆབ་སྲིད་ཀྱི་རྣམ་པ།
ཀྲུང་གུང་ཏང་ཡོན།
སྐྱེས་ཡུལ།
ཧྲན་ཞི་ཞིང་ཆེན་ཞང་ཧྥུན།
མཐར་ཕྱིན་སློབ་གྲྭ།
ཧྲན་ཞི་དགེ་ཐོན་སློབ་གྲྭ་ཆེན་མོ།
ལས་རིགས།
དགེ་རྒན།
གྲུབ་འབྲས་གཙོ་བོ།
“རྒྱལ་ཡོངས་ཀྱི་ཨར་ལས་རྒྱུ་ཆའི་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་བྱེད་པ”དང“ཀྲུང་གོའི་ལས་རིགས་སློབ་གསོའི་ཕུལ་བྱུང་སློབ་གཙོ”སོགས།
ཚབ་བྱེད་བརྩམས་ཆོས།
《སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཐོན་ཁུངས་མཉམ་སྤྱོད་གནད་དོན་སྐོར་གྱི་གྲོས་མོལ》སོགས་ཡོད།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1983ལོར་ཧྲན་ཞིའི་དགེ་ཐོན་སློབ་གླིང་ནས་མཐར་ཕྱིན། ལོ་དེར་ཧྲན་ཞི་ཨར་ལས་རྒྱུ་ཆ་བཟོ་ལས་སློབ་གྲྭར(ད་ལྟ་ཧྲན་ཞི་ལས་རིགས་ལག་རྩལ་སློབ་གྲྭ)དགེ་རྒན་གྱི་འགན་བཞེས།

སྤྱི་ལོ1992ལོའི་ཟླ8པ་ནས་སྤྱི་ལོ1994ལོའི་ཟླ12པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཡིག་ཐོག་སློབ་ཁྲིད་སློབ་གླིང་གི་དཔལ་འབྱོར་ཆེད་སྦྱོང་ནས་སློབ་མཐར་ཕྱིན།  

སྤྱི་ལོ1998ལོར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་སློབ་མ་མཐར་ཕྱིན།

སྤྱི་ལོ2000ལོའི་ཟླ8པར། ཞིང་ཆེན་ཏང་གི་སློབ་གྲྭའི་ན་གཞོན་རྗེས་གྲབས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་སློབ་མཇུག་སྒྲིལ།

སྤྱི་ལོ1983ལོ་ནས་སྤྱི་ལོ2004ལོའི་བར། ཧྲན་ཞི་ཞིང་ཆེན་གྱི་ཨར་ལས་རྒྱུ་ཆས་བཟོ་ལས་སློབ་གྲྭའི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། ཧྲུའུ་ཅི། སློབ་མའི་ཁོ་ཡི་ཁོ་ཀྲང་གཞོན་པ་དང་ཁོའོ་ཀྲང་གི་འགན་བཞེས། སློབ་གཙོའི་ལག་རོགས། ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཡི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ། སློབ་གཙོ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2004ལོའི་ཟླ7པར། ཧྲན་ཞི་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་གཙོ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ་དང་པོར། ཧྲན་ཞི་དཔལ་འབྱོར་དོ་དམ་ལས་བྱེད་པའི་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་གི་འགན་བཞེས།

སྤྱི་ལོ2016ལོའི་ཟླ5པར་ཧྲན་ཞི་དཔལ་འབྱོར་དོ་དམ་ལས་བྱེད་པའི་སློབ་གླིང་གི་ཡོན་ཀྲང་གི་གོ་གནས་མེད་པར་བཟོས།

སྤྱི་ལོ2016ལོའི་ཟླ6པར། ཧྲན་ཞི་དཔལ་འབྱོར་དོ་དམ་ལས་བྱེད་པའི་སློབ་གླིང་གི་ཧྲུའུ་ཅིའི་གོ་གནས་ཁུར།

2 སྤྱི་ཚོགས་ཀྱི་ལས་འགན་གཅིག་ལྕོགས།

བློ་མཐུན་ཏིང་ཧོའེ་མིན་སྤྱི་ལོ1995ལོར། ཧྲན་ཞི་ཞིང་ཆེན་གྱི་གཞོན་ནུ་མཉམ་འབྲེལ་ཚོགས་པར་ཞུགས་ནས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2001ལོར་ཧྲན་ཞི་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཧྲན་ཞི་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་སློབ་མའི་ལས་དོན་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས།

སྤྱི་ལོ2003ལོར། ཐེ་ཡོན་གྲོང་ཁྱེར་གྱི་ཞའོ་ཏེན་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས།

3 བྱས་རྗེས་གཙོ་བོ།

《གོ་སྐབས་དམ་འཛིན་བྱས་ཏེ་ཨར་ལས་རྒྱུ་ཆའི་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་དགོས》དང་། 《ཆེད་སྦྱོང་སློབ་གྲྭ་ཆེ་འབྲིང་གི་ཐོན་ཁུངས་མཉམ་སྤྱོད་གནད་དོན་སྐོར་གྱི་གྲོས་མོལ》སོགས་དཔྱད་རྩོམ་སྤེལ་ཡོད།

4 བྱ་དགའི་གནས་ཚུལ།  

སྔ་རྗེས་སུ“ཧྲན་ཞི་ཞིང་ཆེན་གྱི་གཞོན་ནུ་རྒྱང་སྐྱོད་གསར་པའི་འཕྲལ་སྒྲུབ་པ”དང་།“ཧྲན་ཞིའི་གཞོན་ནུ་ལྔ་བཞིའི་བྱ་དགའི་རྟགས་མ”“ཧྲན་ཞི་ཞིང་ཆེན་གྱི་ཕུལ་བྱུང་གཞོན་ནུ་ཤེས་ལྡན་པ”“རྒྱལ་ཡོངས་ཀྱི་འཛུགས་སྐྲུན་རྒྱུ་ཆའི་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པ”“ཀྲུང་གོའི་ལས་རིགས་སློབ་གསོའི་ཕུལ་བྱུང་སློབ་གཙོ”སོགས་གཟི་བརྗིད་མཚན་སྙན་ཐོབ་ཡོད།

དཔྱད་གཞིའི་ཡིག་ཆ།