བསོད་རྒྱལ་འབུམ།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2020-12-23 15:46ལ་འགྲུབ།

བསོད་རྒྱལ་འབུམ།

བསོད་རྒྱལ་འབུམ།
ཁོང་ནི་སྤྱི་ཚོགས་ཚན་རིག་བོད་རིག་པའི་ཆེད་ལས་ཀྱི་ཞིབ་འཇུག་པ་ཆེ་མོ་བ་དང་གེ་སར་རིག་པའི་ཁ་ཕྱོགས་ཀྱི་འབུམ་རམས་པ་ཡིན།ཀྲུང་གུང་སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་དང་ཇུས་འདོན་ཚོགས་པའི་ཆེད་མཁས་པ། ཀྲུང་གོ་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་སྐབས་བརྒྱད་པའི་ཨུ་ཡོན།མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་སྐབས་བདུན་པའི་མཐུས་མི་ཚོགས་ཆེན་གྱི་ལས་འཛིན། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་གེ་སར་རིག་གནས་བྱ་བའི་ཆེད་མཁས་ཨུ་ཡོན་ལྷན་ཚོགས་ཀྱི་ཆེད་མཁས་པ་སོགས་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ལས་གནས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
索加本
སྐྱེས་ལོ།
སྤྱི་ལོ1972ལོའི་ཟླ3པ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་།
ལས་གནས།
གེ་སར་རིག་གནས་ཞིབ་འཇུག
ལས་ཐོབ།
སྤྱི་ཚོགས་ཚན་རིག་གི་བོད་རིག་པའི་ཞིབ་འཇུག་པ་ཆེ་མོ།
མཐར་ཕྱིན་སློབ་གྲྭ།
ནུབ་བྱང་མི་རིགས་སློབ་ཆེན།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1972ལོའི་ཟླ་གསུམ་པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་རྟ་ནག་མ་བུམ་པ་འབྲོག་སྡེ་ནས་སྐྱེས་ཤིང་། སྨྱུག་མིང་ལ་རྟ་ནག་ཟླ་བ་གཞོན་ནུ་ཟེར། ཆུང་དུས་རྟ་ནག་མ་བཅའ་སྡོད་སློབ་ཆུང་དང་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་ལ་ཞུགས་ནས་སློབ་སྦྱོང་གི་རྨང་བཏིངས། 

སྤྱི་ལོ1989ལོར་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭར་ཞུགས། 

སྤྱི་ལོ1991ལོར་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭར་ཞུགས་ཤིང་1994ལོར་མཐར་ཕྱིན་རྗེས་གུང་ཧོ་རྫོང་མི་རིགས་སློབ་འབྲིང་ནས་དགེ་རྒན་གྱི་བྱ་བ་ལོ་དགུ་ལ་ལས། 

སྤྱི་ལོ2003ལོའི་ཟླ11པར་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་གེ་སར་སྒྲུང་ཞིབ་འཇུག་ཁང་ལ་ལས་གནས་སྤར་ཏེ་གེ་སར་རིག་གནས་ཞིབ་འཇུག་གི་ལས་ལ་འབད།

སྤྱི་ལོ2000ལོ་ནས་སྤྱི་ལོ2002ལོའི་བར་མཚོ་སྔོན་མི་རིགས་སློབ་གླིང་གི་ཞིབ་འཇུག་སློབ་མའི་ཟབ་སྦྱོང་འཛིན་གྲྭ་ནས་ཟབ་སྦྱོང་བྱས། 

སྤྱི་ལོ2007ལོར་མཚོ་སྔོན་མི་རིགས་སློབ་གླིང་གི་དངོས་གཞིའི་མཐར་ཕྱིན་འཛིན་ཡིག་བླངས། 

སྤྱི་ལོ2009ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རབ་འབྱམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་དང་སློབ་ཐོབ་བླངས།

སྤྱི་ལོ2013ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་དང་སློབ་ཐོབ་བླངས།

སྤྱི་ལོ2014ལོར་ཞིང་ཆེན་རིམ་པའི་འཁོར་བསྐྱོད་བཞིའི་མི་སྣ་འཇོན་ཐང་ཅན་ལ་བདམས། 

སྤྱི་ལོ2015ལོར་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ནས་རྒྱལ་ཁབ་རིམ་པའི་རིག་གནས་པ་མིང་གྲགས་ཅན་དང་འཁོར་བསྐྱོད་བཞིའི་མི་སྣ་འཇོན་ཐང་ཅན་གྱི་མཚན་སྙན་གནང་། 

སྤྱི་ལོ2016ལོར་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་གཙོ་བྱས་བའི་རྒྱལ་ཁབ་རིམ་པའི་ལས་ཁུངས་བཅུ་གཅིག་གིས་མཉམ་སྒྲུབ་བྱས་པའི་རྒྱལ་ཁབ་རིམ་པའི༼མི་ཁྲིའི་འཆར་གཞིའི་སྣེ་ཁྲིད་འཇོན་མིའི༽མཚན་སྙན་གནང་།

སྔ་རྗེས་སུ་བོད་རིག་པ་ཞིབ་འཇུག་དང་བོད་སྐད་ཡིག་སློབ་ཁྲིད། གེ་སར་སྒྲུང་གི་མྱུར་སྐྱོབ་དང་སྔོག་འདོན། དག་སྒྲིག་དང་ཞིབ་འཇུག་གི་ལས་ལ་འབད་ཅིང་། གེ་སར་དད་མོས་ཀྱི་ཡུལ་དངོས་བརྟག་དཔྱད་སོགས་བརྒྱུད་ནས་ཞིབ་འཇུག་གི་རྒྱུ་ཆ་དང་པོ་འཚོལ་སྡུད་ཐལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་དང་ཚགས་པར་སྟེང་དུ་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་དཔྱད་རྩོམ་ལྔ་བཅུ་ལྷག་དང་། སྙན་ངག་དང་ལྷུག་རྩོམ་བརྒྱ་ལ་ཉེ་བ་སྤེལ་ཡོད། བརྩམས་དེབ་བཞི་དང་སྒྲིག་རྩོམ་བྱས་ཟིན་པའི་དཔེ་དེབ་དགུ་ལྷག་ཡོད་ལ། དེའི་ཁྲོད་ཀྱི་ཆེད་དེབ་གཉིས་དང་དག་སྒྲིག་བྱས་པའི་དཔེ་དེབ་གཉིས་ལ་ཞིང་ཆེན་རིམ་པའི་ཆེས་མཐོ་བའི་བྱ་དགའ་ཐོབ་མྱོང་། རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་ལས་གཞི་དགུ་ལ་ཞུགས་ཤིང་རང་ཉིད་ཀྱིས་མགོ་འཛིན་བྱས་པའི་ལས་གཞི་བཞི་ཡོད། ཐོག་དང་པོའི་མཚོ་སྔོན་ཞིང་ཆེན་ཚན་རིག་གྲུབ་འབྲས་བྱ་དགའ་ཨང་དང་པོ་དང་། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་གྲུབ་འབྲས་བྱ་དགའ། མཚོ་སྔོན་ཞིང་ཆེན་སྒྱུ་རྩལ་རྩོམ་རིག་བྱ་དགའ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཆེ་ཆུང་བཅུ་གསུམ་བླངས་མྱོང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་སོགས་རྒྱལ་སྤྱི་དང་རྒྱལ་ཁབ་རིམ་པའི་ཚོགས་འདུ་ཆེན་མོ་དགུ་ལ་ཞུགས་ནས་དཔྱད་རྩོམ་སྒྲོག་འདོན་དང་བགྲོ་གླེང་སྤེལ། ཞིབ་འཇུག་གི་གྲུབ་འབྲས་ཡིག་གྲངས་ཁྲི་དྲུག་བརྒྱ་ལྷག་ཡོད། 

2 ཚབ་མཚོན་བརྩམས་ཆོས་ཀྱི་སྐོར།
2_1 ཚབ་མཚོན་བརྩམས་དེབ།

1. 《གླིང་སྒྲུང་ལས་ཆོས་སྒྲུང་ལ་དཔྱད་པ་ཝེར་མའི་དགྱེས་གླུ།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017ལོའི་ཟླ1པར་དཔར་ཐེངས་དང་པོ་དཔར།

2. 《རྨ་ཡུལ་མགོ་ལོག་སོགས་ནས་ཐོན་པའི་ཆོས་སྒྲུང་གི་པར་གཞི་དག་སྒྲིག་དང་ཞིབ་འཇུག》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017ལོའི་ཟླ11པར་དཔར་ཐེངས་དང་པོ་དཔར།

3. 《བོད་ཡུལ་གེ་སར་དད་མོས་ཀྱི་ཡུལ་དངོས་བརྟག་དཔྱད་སྣང་གསལ་མེ་ལོང་།》 མི་རིགས་དཔེ་སྐྲུན་ཁང་། 2019ལོའི་ཟླ12པར་པེ་ཅིང་དུ་པར་ཐེངས་དང་པོ་དཔར།

4. 《ཟླ་བ་གཞོན་ནུའི་སྙན་ངག》 མི་རིགས་དཔེ་སྐྲུན་ཁང་།2020ལོའི་ཟླ12པར་པེ་ཅིན་དུ་པར་ཐེངས་དང་པོ་དཔར།

2_2 འཚོལ་བསྡུ་དང་དག་སྒྲིག་བྱས་པའི་ཚབ་མཚོན་དཔེ་དེབ།

1. 《ཨ་སྟག་ཤ་རྫོང་།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015ལོའི་ཟླ12པར་ཟི་ལིང་ནས་དཔར།

2. 《དགྲ་ལྷའི་ཁྲབ་རྫོང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ12པར་ལན་ཀྲུའུ་ནས་དཔར།

3. 《ཨ་སྟག་ཀླུ་མོ།》  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ6པར་ཟི་ལིང་ནས་དཔར་གཞི་ཐེངས་དང་པོ་དཔར།                   

4. 《བྷེ་གླིང་གཡུལ་འགྱེད།》 མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ་བ12པར་པེ་ཅིན་ནས་དཔར་གཞི་དང་པོ་དཔར། 

5. 《ལྷོ་རོང་འབྲས་རྫོང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ12པར་དཔར་ཐེངས་དང་པོ་དཔར།                              

6. 《ལ་བདུན་ནོར་བུའི་གཏེར་རྫོང་།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ12པར་ཟི་ལིང་ནས་དཔར་གཞི་དང་པོ་དཔར།     

7. 《མེ་མོ་རོང་གི་ཤེལ་རྫོང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017ལོའི་ཟླ་12པར་ལན་གྲུ་ནས་དཔར་གཞི་ཐེངས་དང་པོ།

3 རིག་གཞུང་ཞིབ་འཇུག་གི་སྐོར།
3_1 བོད་ཡིག་གི་དཔྱད་རྩོམ།

1. ཆོ་ག་ལས་གེ་སར་ལྷ་སྣ་ཚོགས་ཀྱི་ངོ་བོར་འགྱུར་ཚུལ་ལ་དཔྱད་པ། ཀྲུང་གོའི་བོད་རིག་པ། 2017ལོའི་དུས་དེབ་གསུམ་པ།

2. ནང་བསྟན་གཏོར་མའི་དེ་ཉིད་དང་སྦྲེལ་ནས་དམངས་ཁྲོད་གེ་སར་དད་མོས་ཁྲོད་ཀྱི་གཏོར་མཆོད་སྐོར་ལ་དཔྱད་པ། ཀྲུང་གོའི་བོད་རིག་པ། 2012ལོའི་དུས་དེབ་བཞི་བ།

3. དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་དང་སྦྲེལ་ནས་གེ་སར་སྒྲུང་བཤད་པ། བོད་ལྗོངས་ཞིབ་འཇུག 2004ལོའི་དུས་དེབ་གསུམ་པ།

4. དམངས་རྩོམ་གྱི་གོ་དོན་དང་རིན་ཐང་ལས་འཕྲོས་ཏེ་གླིང་སྒྲུང་ལ་དཔྱད་པ། བོད་ལྗོངས་ཞིབ་འཇུག 2008ལོའི་དུས་དེབ་གསུམ་པ།

5. ཨ་སྟག་ལྷ་མོ་དང་འབྲེལ་བའི་དད་མོས་དང་ངག་རྒྱུན་ཤུལ་རྟེན་ལ་དཔྱད་པ། བོད་ལྗོངས་ཞིབ་འཇུག 2018ལོའི་དུས་དེབ་དང་པོ།

6. དམངས་ཁྲོད་གེ་སར་དད་མོས་ཁྲོད་ཀྱི་ཆོ་གའི་རིག་གནས་ལ་དཔྱད་པ། བོད་ལྗོངས་ཞིབ་འཇུག 2019ལོའི་དུས་དེབ་བཞི་བ།

གླིང་སྒྲུང་ལས་ཆོས་སྒྲུང་གི་ངེས་ཚིག་ལ་དཔྱད་པ། བོད་ལྗོངས་སློབ་ཆེན་གྱི་རིག་དེབ། 2011ལོའི་དུས་དེབ་དང་པོ།

7. ཆོས་སྒྲུང་ལས་གེ་སར་རྒྱལ་བོའི་ཆོས་ལུགས་གོ་གནས་ལ་དཔྱད་པ། བོད་ལྗོངས་སློབ་ཆེན་གྱི་རིག་དེབ། 2010ལོའི་དུས་དེབ་གསུམ་པ།

8. གླིང་སྒྲུང་གི་གཏམ་དཔེ་ཡི་ནང་དོན་དང་རྣམ་པར་དཔྱད་པ། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག 2005ལོའི་དུས་དེབ་དང་པོ།

9. གླིང་སྒྲུང་༼དམྱལ་གླིང་མུན་པ་རང་གསལ༽གྱི་རྩོམ་སྟངས་ཁྱད་ཆོས་སྐོར་གྱི་དབྱེ་ཞིབ། རྩེར་སྙེག 2005ལོའི་དུས་དེབ་བཞི་བ།

10. གླིང་སྒྲུང་ལས་དཔེ་གཞི་མི་སྣ་ཁྲོ་ཐུང་བཤད་པ། རྩེར་སྙེག 2005ལོའི་དེབ་དང་པོ།               

11. གླིང་སྒྲུང་༼དམྱལ་གླིང་མུན་པ་རང་གསལ༽གྱི་ནང་དོན་དབྱེ་ཞིབ། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག 2006ལོའི་དེབ་དང་པོ།       

12. བོད་ཀྱི་མིག་མངས་རིག་གནས། ཀྲུང་གོའི་བོད་ལྗོངས། 2007ལོའི་དེབ་གཉིས་པ།                 

13. སྐྱེད་སྲིང་སྐོར་རགས་ཙམ་གླེང་བ། བོད་ལྗོངས་སློབ་གསོ། 2000ལོའི་ཟླ་བཞི་པར་དཔར་དུ་བསྐྲུན།    

14. བོད་ཀྱི་ངག་ཐོག་གི་སྐད་ཆ་དང་རྩོམ་རིག་གི་སྐད་ཆ་རགས་ཙམ་བཤད་པ། མཚོ་སྔོན་བོད་ཀྱི་སྐད་ཡིག 200ལོའི་དེབ་དང་པོ།  

15. གླིང་སྒྲུང་ལས་ཆོས་སྒྲུང་གི་གོ་དོན་དང་སྒྲུང་ཆོས་བར་གྱི་བསྡུར་དཔྱོད། རྩེར་སྙེག 2006ལོའི་དེབ་བཞི་བ།       

16. ཁམས་སྟོད་ཡུལ་ཤུལ་ཁུལ་གྱི་གེ་སར་ཤུལ་རྟེན་ལ་བརྩད་ཞིབ་བགྱིས་པའི་ཟིན་ཐོ། མང་ཚོགས་སྒྱུ་རྩལ། 2007ལོའི་དེབ་བཞི་བ།   

17. གླིང་སྒྲུང་ལས་ཆོས་སྒྲུང་བྱུང་བའི་གནས་བབས་དང་རྒྱུ་རྐྱེན་ལ་དཔྱད་པ། ངོ་མཚར་སྟོང་ལྡན་གྱི་གེ་སར་རིག་གནས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ་བདུན་པ།        

18. མཚོ་སྔོན་པོའི་མཐའ་སྐོར་གྱི་ལ་གཞས་ལ་དཔྱད་པ། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག 2004ལོའི་དེབ་གཉིས་པ།

19. གླིང་སྒྲུང་ལས་ཆོས་སྒྲུང་སིལ་མ་ཁག་གཉིས་ཀྱི་ནང་དོན་དབྱེ་ཞིབ། མང་ཚོགས་སྒྱུ་རྩལ།2011ལོའི་དེབ་གཉིས་པ།  

20. བྱ་དངོས་འཕེལ་རྒྱས་ཁྲོད་ཀྱི“འགལ་བའི”བྱེད་ནུས་རགས་བཤད། རྩེར་སྙེག 2000ལོའི་དེབ་གསུམ་པ།

21. གླིང་སྒྲུང་ལས་ཆོས་སྒྲུང་གི་མ་ཕྱི་ལ་དཔྱད་པ། མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། 2012ལོའི་དེབ་གསུམ་པ།      

22. གླིང་སྒྲུང་ལས་ཆོས་སྒྲུང་དག་གི་སྒྱུ་རྩལ་ཁྱད་ཆོས་བཤད་པ། མང་ཚོགས་སྒྱུ་རྩལ། 2010ལོའི་དེབ་གཉིས་པ།          

23. ཡུལ་ཤུལ་ཁུལ་གྱི་གེ་སར་རིག་གནས་ཀྱི་བརྟག་དཔྱད། སྒྲུང་དཔྱད་མེ་ཏོག་ཚོམ་བུ། མང་ཚོགས་སྒྱུ་རྩལ་རྩོམ་སྒྲིག་ཁང་གིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ་བཅུ་གཉིས་པ།   

24. ཆོས་སྒྲུང་གི་སྒྱུ་རྩལ་རྩོམ་སྟངས་བཤད་པ། སྒྲུང་དཔྱད་མེ་ཏོག་ཚོམ་བུ། མང་ཚོགས་སྒྱུ་རྩལརྩོམ་སྒྲིག་ཁང་གིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ་བཅུ་གཉིས་པ།   

25. གནས་གཡེར་མོ་ཐང་གི་གཏེར་སྒོ་བྱེ་མ་ལ་བདུན་གྱི་གེ་སར་རྗེས་ཤུལ་ངག་རྒྱུན་སྐོར་རགས་ཙམ་བཤད་པ། གེ་སར་སྒྲུང་གི་དཔྱད་རྩོམ་ཀུན་བསྡུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོའི་ཟླ་གསུམ་པ། 

26. གླིང་སྒྲུང་ལས་ཆོས་སྒྲུང་གི་རྒྱབ་ལྗོངས་དང་འབྱང་ཁུངས་ལ་དཔྱད་པ། གེ་སར་སྒྲུང་གི་དཔྱད་རྩོམ་ཀུན་བསྡུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོའི་ཟླ་གསུམ་པ། 

27. གླིང་སྒྲུང་ལས་ཆོས་སྒྲུང་སིལ་མ་ཁག་གཉིས་ཀྱི་ནང་དོན་དབྱེ་ཞིབ། གེ་སར་སྒྲུང་གི་དཔྱད་རྩོམ་ཀུན་བསྡུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོའི་ཟླ་གསུམ་པ།

28. བོད་ཀྱི་མིག་མངས་རིག་གནས་དང་སྦྲེལ་ནས་གེ་སར་མིག་མངས་ཀྱི་རྗེས་ཤུལ་ངག་རྒྱུན་སྐོར་བཤད་པ། གེ་སར་སྒྲུང་གི་དཔྱད་རྩོམ་ཀུན་བསྡུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོའི་ཟླ་གསུམ་པ།

29. བོད་ཀྱི་མིག་མངས་རིག་གནས་སྐོར་བཤད་པ། བོད་ཀྱི་དམངས་ཁྲོད་མིག་མངས་སྒྱུ་རྩལ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2007ལོའི་ཟླ་བཅུ་བ།

30. རྩྭ་ཐང་གི་རྒྱུན་མཐོང་ནག་ཉེས། མགོ་སྐོར་གཏོང་བའི་ནག་ཉེས། མཚོ་སྔོན་ཁྲིམས་ལུགས་ཚགས་པར། 2000ལོའི་ཟླ་དགུ་བའི་ཚེས་བཅོ་ལྔ།     

31. གླིང་སྒྲུང་ལས་གཡང་འབོད་ཀྱི་སྐོར་མདོར་ཙམ་གླེང་བ། མཚོ་སྔོན་བོད་ཡིག་ཚགས་པར། 2004ལོའི་ཟླ་ལྔ་ཚེས་ཉི་ཤུ །

32. རྩྭ་ཐང་དུ་རྒྱུན་དུ་མཐོང་བའི་ནག་ཉེས། འཕྲོག་བཅོམ་གྱི་ནག་ཉེས། མཚོ་སྔོན་ཁྲིམས་ལུགས་ཚགས་པར། 2000ལོའི་ཟླ་བརྒྱད་པའི་ཚེས་ལྔ །

33. ང་རང་སོང་མྱོང་བའི་ལམ་བུ། མཚོ་སྔོན་བོད་ཡིག་ཚགས་པར། 2003ལོའི་ཟླ་གཉིས་ཚེས་བཅུ། 

34. རྩྭ་ཐང་དུ་རྒྱུན་དུ་མཐོང་བའི་ནག་ཉེས། སྐུ་འཕྲོག་གི་ནག་ཉེས། མཚོ་སྔོན་ཁྲིམས་ལུགས་ཚགས་པར།2000ལོའི་ཟླ་དགུ་པའི་ཚེས་ལྔ །

35. ངའི་སྙན་ངག་གི་ལྟ་བ། མཚོ་སྔོན་བོད་ཡིག་ཚགས་པར། 2000ལོའི་ཟླ་གཉིས་ཚེས་ལྔ། 

36. རྐང་ཚ་འབྲོག་སྡེ་རུ་ཡོད་པའི་གེ་སར་ངག་རྒྱུན་ཤུལ་རྟེན་སྐོར་བཤད་པ། ཀྲུང་གོ་བོད་ལྗོངས་དུས་དེབ། ཀྲུང་གོ་བོད་ལྗོངས་དུས་དེབ་ཁང་། 2014ལོའི་དེབ་བཞི་བ།    

37. གེ་སར་དད་མོས་ལས་བླའི་དད་མོས་ལ་རགས་ཙམ་དཔྱད་པ། མདོ་སྨད་ཞིབ་འཇུག་གླེགས་བམ་བཅུ་བ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2014ལོའི་ཟླ་བཅུ་གཉིས།

38. མཚོ་སྔོན་མཚོ་ཤར་ས་ཁུལ་གྱི་གེ་སར་རིག་གནས་ལ་བརྟག་དཔྱད་བགྱིས་པའི་གནས་ཚུལ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རིག་གཞུང་དུས་དེབ། 2015ལོའི་དེབ་གཉིས་པ།     

39. བོད་བརྒྱུད་ནང་བསྟན་གྱི་མོ་པྲ་དང་འབྲེལ་ནས་གེ་སར་དད་མོས་ཁྲོད་ཀྱི་པྲའི་རིག་གནས་ལ་དཔྱད་པ། མདོ་སྨད་ཞིབ་འཇུག་གླེགས་བམ་བཅུ་གཅིག་པ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2015ལོའི་ཟླ་བཅུ་བ།

40. གེ་སར་དད་མོས་ནི་བོད་ཁམས་ཀྱི་གྲུབ་མཐའ་རིས་མེད་དུ་དར་ཚུལ་བཤད་པ། རྩེར་སྙེག 2016ལོའི་དེབ་དང་པོ།      

41. བོད་ཀྱི་གསོལ་མཆོད་རིག་གནས་ཀྱི་བྱུང་ཚུལ་དང་འབྲེལ་ནས་གེ་སར་གསོལ་སྒྲུབ་ཀྱི་འབྱུང་རྐྱེན་བཤད་པ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་རིག་དེབ། 2018ལོའི་དེབ་དང་པོ།    

42. སེམས་ཉིད་ཆོས་རྫོང་སོགས་ཀྱི་པར་གཞིའི་ནང་དོན་དང་ཁྱད་ཆོས་དབྱེ་ཞིབ། མདོ་སྨད་ཞིབ་འཇུག་གླེགས་བམ་བཅུ་གཉིས་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016ལོའི་ཟླ་བཅུ་གཉིས་བ།

43. མཚོ་སྔོན་པོ་བྱེ་མ་ལ་བདུན་གྱི་གེ་སར་ངག་རྒྱུན་ཤུལ་རྟེན་དང་སྒྲུང་དཔེར་དཔྱད་པ། མཚོ་བྱང་གི་སྐབས་ཐོག་མའི“ལུག་ལོའི་མཚོ་སྐོར”དུས་ཆེན་གྱི་རྩོམ་བཏུས། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། 2016ལོའི་ཟླ་ལྔ་བ།

44. ཆོས་སྒྲུང་གི་པར་གཞིའི་དག་སྒྲིག་དང་ཞིབ་འཇུག མདོ་སྨད་ཞིབ་འཇུག་གླེགས་བམ་བཅུ་གསུམ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017ལོའི་ཟླ་བཅུ་གཉིས།

3_2 རྒྱ་ཡིག་གི་དཔྱད་རྩོམ།

1.浅谈藏族英雄史诗《格萨尔》蒙古化的原因, 发表于(《第八届全国青年文艺评论家高级研修班论文集》,当代中国出版社,2015年2月

2.果洛达日县格萨尔文化产生的因素 ,发表于《达日论坛》,青海民族出版社,2014年8月

3.印度史诗与藏族史诗《格萨尔》的异同点,发表于《格萨尔文化研究》,甘肃民族出版社,2010年6月。

4.结合藏传佛教朵日玛要义谈格萨尔朵日玛供奉仪式,发表于《西藏研究》2020年第四期。

3_3 རྒྱལ་སྤྱིའི་ཚོགས་འདུར་བགྲོ་གླེང་སྤེལ་བའི་ཚབ་མཚོན་དཔྱད་རྩོམ།

1. གླིང་སྒྲུང་ལས་ཆོས་སྒྲུང་ལ་དཔྱད་པ། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཐེངས་བཅུ་གཉིས་པ། 2010ལོའི་ཟླ་བརྒྱད་པར་ཁ་ན་ཏ་ནས་འཚོགས།

2. རྒྱ་གར་གྱི་སྒྲུང་རབས་ཆེན་མོ་རཱ་མ་ན་དང་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་དཔྱད་པ། རྒྱལ་སྤྱིའི་མིའི་རིགས་རིག་པ་དང་མི་རིགས་རིག་པ་ལྷན་ཚོགས་ཀྱི་ཚོགས་ཐེངས་བཅུ་དྲུག་པ། 2009ལོའི་ཟླ་བདུན་པར་ཡོན་ནན་ནས་འཚོགས།

3. དམྱལ་གླིང་མུན་པ་རང་གསལ་ལས་ཨ་སྟག་ལྷ་མོ་གླེང་བ།  རྒྱལ་སྤྱིའི་གེ་སར་རིག་གནས་ཞིབ་འཇུག་གྲོས་ཚོགས་སྐབས་ལྔ་བ།  2002ལོའི་ཟླ་བདུན་པར་ཟི་ལིང་ནས་འཚོགས།    

4. གླིང་སྒྲུང་ལས་ཆོས་སྒྲུང་གི་གོ་དོན་དང་སྒྲུང་ཆོས་བར་གྱི་བསྡུར་དཔྱོད།  རྒྱལ་སྤྱིའི་གེ་སར་རིག་གནས་ཞིབ་འཇུག་གྲོས་ཚོགས་སྐབས་དྲུག་པ།  2006ལོའི་ཟླ་དྲུག་པཔར་ཀན་ལྷོ་ནས་འཚོགས།

5. གེ་སར་གྱི་ཆད་ཁུངས་ལྷ་ཀླུ་གཉན་གསུམ་ལ་གཏུགས་པའི་མཚོན་དོན་དང་སྦྲེལ་ནས་ཆོ་ག་ལས་གེ་སར་ལྷ་སྣ་ཚོགས་ཀྱི་ངོ་བོར་འགྱུར་ཚུལ་ལ་དཔྱད་པ།  རྒྱལ་སྤྱིའི་གེ་སར་རིག་གནས་ཞིབ་འཇུག་གྲོས་ཚོགས་སྐབས་བདུན་པ། 2006ལོའི་ཟླ་དགུ་བར་ཁྲིནཏུའུ་ནས་འཚོགས།

6. གེ་སར་དད་མོས་ཀྱི་ཡིག་ཆར་དཔྱད་པ།  རྒྱལ་སྤྱིའི་གེ་སར་རིག་གནས་ཞིབ་འཇུག་གྲོས་ཚོགས་སྐབས་བརྒྱད་་པ། 2006ལོའི་ཟླ་བརྒྱད་པར་ནང་སོག་མཁར་སྔོན་པོ་ནས་འཚོགས།

4 ཞིང་ཆེན་རིམ་པའི་བྱ་དགའི་སྐོར།

1. གླིང་སྒྲུང་ལས་ཆོས་སྒྲུང་ལ་དཔྱད་པ་ཝེར་མའི་དགྱེས་གླུ། ཆེད་དེབ། ཉིས་སྟོང་བཅུ་དགུ་ལོར་ཐེངས་བརྒྱད་པའི་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ་ལས་གེ་སར་རིག་གནས་ཞིབ་འཇུག་གི་བྱ་དགའ་ཐོབ།

2. བོད་ཡུལ་གེ་སར་དད་མོས་ཀྱི་ཡུལ་དངོས་བརྟག་དཔྱད་སྣང་གསལ་མེ་ལོང་། ཆེད་དེབ།  ཉིས་སྟོང་ཉི་ཤུ་ལོའི་མཚོ་སྔོན་ཞིང་ཆེན་ཚན་རིག་གྲུབ་འབྲས་བྱ་དགའ་ཨང་དང་པོ་ཐོབ།

3. ཨ་སྟག་ཤ་རྫོང་།  དག་སྒྲིག  ཉིས་སྟོང་དྲུག་གི་ལོར་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཕུལ་བྱུང་གྲུབ་འབྲས་བྱ་དགའ་ཨང་གཉིས་པ་ཐོབ།

4. ནང་བསྟན་གཏོར་མའི་དེ་ཉིད་དང་སྦྲེལ་ནས་དམངས་ཁྲོད་གེ་སར་དད་མོས་ཁྲོད་ཀྱི་གཏོར་མཆོད་སྐོར་ལ་དཔྱད་པ། དཔྱད་རྩོམ། ཉིས་སྟོང་བཅོ་ལྔ་ལོར་ཐེངས་བདུནཔའི་པའི་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ་ལས་གེ་སར་རིག་གནས་ཞིབ་འཇུག་གི་བྱ་དགའ་ཐོབ།

5. མཚོ་སྔོན་ཞིང་ཆེན་གྱི་གེ་སར་སྒྲུང་པ་མིང་གྲགས་ཅན་གྱི་དཔེ་ཚོགས། ཉིས་སྟོང་བཅུ་དྲུག་ལོར་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཕུལ་བྱུང་གྲུབ་འབྲས་བྱ་དགའ་ཨང་གཉིས་པ་ཐོབ།

5 ལས་གཞིའི་གྲུབ་འབྲས་ཀྱི་སྐོར།

1. རྒྱལ་ཡོངས་སྤྱི་ཚོགས་ཚན་རིགས་ཀྱི་ལས་གཞི། གླིང་སྒྲུང་ལས་ཆོས་སྒྲུང་གི་བརྟག་དཔྱད་དང་ཞིབ་འཇུག ཉིས་སྟོང་བཅུ་བཞི་ལོར་གྲུབ། ཨང་རྟགས།11XZX002

2. རྒྱལ་ཡོངས་སྤྱི་ཚོགས་ཚན་རིགས་ཀྱི་ལས་གཞི། བོད་ཁུལ་གེ་སར་དད་མོས་ཀྱི་ཡུལ་དངོས་བརྟག་དཔྱད།  ཉིས་སྟོང་བཅོ་བརྒྱད་ལོར་ལོར་གྲུབ། ཨང་རྟགས།14XZJ001

3. རྒྱལ་ཡོངས་སྤྱི་ཚོགས་ཚན་རིགས་ཀྱི་ལས་གཞི། གེ་སར་སྒྲུང་ལས་བྱུང་བའི་དམངས་སྲོལ་རིག་གནས་ཞིབ་འཇུག  ཉིས་སྟོང་བཅོ་བརྒྱད་ལོར་ལོར་བླངས། ཨང་རྟགས།18BZW184

4. ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་ལས་གཞི། གེ་སར་དད་མོས་ཀྱི་ཡིག་ཆ་འཚོལ་བསྡུ་དང་ཞིབ་འཇུག ཉིས་སྟོང་ཉི་ཤུ་ལོར་གྲུབ།