ཀྲུའུ་ཏཱ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-12-23 09:12ལ་འགྲུབ།

ཀྲུའུ་ཏཱ།

ཀྲུའུ་ཏཱ།
ཀྲུའུ་ཏཱ་ནི་སྤྱི་ལོ1964ལོའི་ཟླ11པར་ཀྲེ་ཅང་ཉིང་པོ་རུ་སྐྱེས་ཤིང་། སྤྱི་ལོ1986ལོའི་ཟླ7པར་ལས་ཀར་ཞུགས། སྤྱི་ལོ1985ལོའི་ཟླ1པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ལོ་རྒྱུས་རིག་པའི་ཤེས་རམས་པ་དང་འཆད་འཁྲིད་དགེ་རྒན་བཅས་ཡིན། ད་ལྟ་ཉིང་པོ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
朱达
སྐྱེས་ལོ།
སྤྱི་ལོ1964ལོའི་ཟླ11པར་སྐྱེས།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཀྲེ་ཅང་ཉིང་པཱོ།
ལས་འགན།
ཀྲེ་ཅང་ཉིང་པཱོ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1964ལོའི་ཟླ11པར་ཀྲེ་ཅང་ཉིང་པོ་རུ་སྐྱེས།

སྤྱི་ལོ1985ལོའི་ཟླ1པོར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས།

སྤྱི་ལོ1986ལོའི་ཟླ7པར་ལས་ཀར་ཞུགས་ཤིང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་ལོ་རྒྱུས་རིག་པའི་ཤེས་རམས་པ་བཅས་ཡིན།

སྔོན་ཆད་ཉིང་པོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའུ་ཡི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་གཞུང་ལུགས་ཁྲུའུ་ཡི་ཁྲུའུ་ཀྲང་། གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། གཞུང་ལས་ཐིང་ཏང་ཙུའུ་ཡི་ཁོངས་མི། གྲོང་ཁྱེར་འཕྲལ་བསྟུན་གཞུང་ལས་ཁང་གི་ཀྲུའུ་རེན། ཉིང་པོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཉིན་པོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་སོགས་ཀྱི་གོ་གནས་འཁུར་མྱོང་།

ད་ལྟ་ཉིང་པོ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།

2 ལས་གནས་བསྐོ་འཐེན།

སྤྱི་ལོ2020ལོའི་ཟླ7པའི་ཚེས13ཉིན་ཀྲུང་གུང་ཀྲེ་ཅང་ཞིང་ཨུའི་རྩ་འཛུགས་པུའུ་ཡིས་ཀྲུའུ་ཏཱ་དངོས་གཞིའི་མཐོ་སློབ་ཀྱི་གཙོ་འགན་འཁུར་བར་གཏན་འཁེལ་བྱས།

སྤྱི་ལོ2020ལོའི་ཟླ8པའི་ཚེས5ཉིན་གྱི་ཕྱི་དྲོ། ཉིང་པོ་སློབ་ཆེན་གྱིས་དགེ་རྒན་ལས་བྱེད་པའི་ཚོགས་ཆེན་བསྡུས་ཏེ། ཞིང་ཆེན་ཏང་ཨུས་སློབ་གྲྭའི་འགོ་ཁྲིད་ཚན་ཁག་ལེགས་སྒྲིག་བྱེད་པའི་སྐོར་གྱི་ཆོད་དོན་ཁྱབ་བསྒྲགས་བྱས་ཤིང་། ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཀྲུའུ་ཏཱ་ཉིང་པོ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་བར་གཏན་འཁེལ་བྱས།


དཔྱད་གཞིའི་ཡིག་ཆ།