ཨ་ལ་ཐན་ཚང་།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2020-12-28 14:57ལ་འགྲུབ།

ཨ་ལ་ཐན་ཚང་།

ཨ་ལ་ཐན་ཚང་།
ཨ་ལ་ཐན་ཚང་། སྐྱེས་པ། སོག་རིགས། སྤྱི་ལོ1963ལོའི་ཟླ2པར་སྐྱེས། ནང་སོག་ཀོ་ཁུག་ཡིག་ཆན་ཆི་ཡི་མི་ཡིན། སྤྱི་ལོ1984ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། སྤྱི་ལོ1988ལོའི་ཟླ8པར་ལས་ཀར་ཞུགས། ཏ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་རང་བྱུང་ཚན་རིག་གི་འབུམ་རམས་པ་དང་། དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན་བཅས་ཡིན། ད་ལྟ་ནང་སོག་དགེ་འོས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿拉坦仓
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ2པར་སྐྱེས།
རྒྱལ་ཁོངས།
ཀྲུང་གོ།
​ལས་འགན།
སློབ་གཙོ།
མི་རིགས།
སོག་རིགས།
མཐར་ཕྱིན་སློབ་གྲྭ།
ནག་སོག་སློབ་གྲྭ་ཆེན་མོ།
སྐྱེས་ཡུལ།
ནང་སོག་ཞིན་ཨན་མེང་།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1981ལོའི་ཟླ9པ་ནས་སྤྱི་ལོ1988ལོའི་ཟླ7པའི་བར། ནང་སོག་སློབ་གྲྭ་ཆེན་མོའི་རྩིས་རིག་སྡེ་ཁག་ཏུ་སློབ་སྦྱོང་གནང་།

སྤྱི་ལོ1988ལོའི་ཟླ7པ་ནས་སྤྱི་ལོ1998ལོའི་ཟླ7པའི་བར། ནང་སོག་སློབ་གྲྭ་ཆེན་མོའི་རྩིས་རིག་སྡེ་ཁག་གི་དགེ་རྒན་བྱས། (དེའི་རིང་སྤྱི་ལོ1993ལོའི་ཟླ9པ་ནས་སྤྱི་ལོ1996ལོའི་ཟླ7པའི་བར་ཏ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གྲྭ་ཆེན་མོར་འབུམ་རམས་པའི་སློབ་གནས་སྦྱང་། སྤྱི་ལོ1997ལོར་དགེ་རྒན་ཆེན་མོ་གཞོན་པར་གོ་གནས་སྤར)

སྤྱི་ལོ1998ལོའི་ཟླ7པ་ནས་སྤྱི་ལོ2000ལོའི་ཟླ9པའི་བར། ནང་སོག་སློབ་ཆེན་དཔེ་མཛོད་ཁང་གི་རྒྱུན་ལས་འགོ་འཛིན་གཞོན་པའི་འགན་ཁུར།

སྤྱི་ལོ2000ལོའི་ཟླ9པ་ནས་སྤྱི་ལོ2010ལོའི་ཟླ9པའི་བར། ནང་སོག་སློབ་ཆེན་དཔེ་མཛོད་ཁང་གི་ཀོན་ཀྲང་གི་འགན་ཁུར། (དེའི་རིང་སྤྱི་ལོ2000ལོར་དགེ་རྒན་ཆེན་མོར་གོ་གནས་སྤར།  སྤྱི་ལོ2004ལོའི་ཟླ8པ་ནས་སྤྱི་ལོ2005ལོའི་ཟླ8པའི་བར་རྒྱལ་ཁབ་གཞུང་ནས་དབྱིན་ཇིའི་ཅན་ཆའོ་སློབ་ཆེན་རྩིས་རིག་ལྟེ་གནས་སུ་འཚམས་འདྲིའི་མཁས་དབང་བྱེད་པར་མངགས)  

སྤྱི་ལོ2010ལོའི་ཟླ9པ་ནས་སྤྱི་ལོ2013ལོའི་ཟླ6པའི་བར། ནང་སོག་སློབ་ཆེན་སློབ་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་ཁུར།

སྤྱི་ལོ2013ལོའི་ཟླ6པ་ནས་སྤྱི་ལོ2020ལོའི་ཟླ4པའི་བར། ཧུའུ་ཧོ་ཧའོ་ཐེ་མི་རིགས་སློབ་གླིང་ཏང་ཨུའི་ཨུ་ཡོན་དང་ཡོན་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ2020ལོའི་ཟླ4པ་ནས་ནང་སོག་དགེ་འོས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོའི་འགན་བཞེས།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ནང་སོག་དགེ་འོས་སློབ་ཆེན་སྐབས་བཅུ་གཅིག་པའི་ཏང་ཨུའི་ཨུ་ཡོན་བཅས་ཡིན།

2 ལས་གནས་བསྐོ་འཐེན།

ཨ་ལ་ཐན་ཚང་ནང་སོག་དགེ་འོས་སློབ་ཆེན་གྱི་སློབ་སྤྱིར་བསྐོ་གཞག་བྱས་པ་དང་། ཧུའུ་ཧོ་ཧའོ་ཐེ་མི་རིགས་སློབ་གླིང་གི་ཡོན་ཀྲང་གཞོན་པའི་གོ་གནས་ནས་ཕྱིར་འཐེན་བྱས།

3 རིག་གཞུང་གྲུབ་འབྲས།

དགེ་རྒན་ཆེན་མོ་ཨ་ལ་ཐན་ཚང་གིས་རྒྱལ་ཁབ་ཕྱི་ནང་གི་ལྟེ་བའི་དུས་དེབ་ཐོག་རིག་གཞུང་དཔྱད་རྩོམ130ལྷག་ཙམ་སྤེལ་ཡོད། (SCIཡི་རྩོམ་ཡིག36དངEIརྩོམ་ཡིག29སྤེལ)ཡོད་པ་རེད།  

དགེ་རྒན་ཆེན་མོ་ཨ་ལ་ཐན་ཚང་སྤྱི་ལོ1998ལོར་ནང་སོག་རང་སྐྱོང་ལྗོངས་ཀྱི་གཞོན་ནུའི་ཚན་རྩལ་དཔེ་སྟོན་ལ་བདམས་པ་རེད། སྤྱི་ལོར1999ལོར་ནང་སོག་རང་སྐྱོང་ལྗོངས་ཀྱི་ན་གཞོན་ཚན་རྩལ་བྱ་དགའ་ཐོབ་པ་དང་། སྤྱི་ལོ2003ལོར་ནང་སོག་སློབ་ཆེན་གྱི་ཚན་རྩལ་གསར་གཏོད་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། སྤྱི་ལོ2004ལོར“ནང་སོག་རང་སྐྱོང་ལྗོངས་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་ན་གཞོན་ཆེད་མཁས་པ”ཞེས་པའི་མཚན་སྙན་ཐོབ། སྤྱི་ལོ2002ལོ་དང་། སྤྱི་ལོ2004ལོ། སྤྱི་ལོ2008ལོ། སྤྱི་ལོ2010ལོ། སྤྱི་ལོ2012ལོའི་ནང་སོག་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི“321ཤེས་ལྡན་མི་སྣའི་ལས་གྲྭ”ཡི་རིམ་པ་དང་པོའི་འོས་མི་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི“111ལས་གཞིའི”རིམ་པ་གཉིས་པའི་འོས་མི་བཅས་ཡིན། སྤྱི་ལོ2011ལོར་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་གི་ཤེས་ལྡན་མི་སྣར་བདམས་ཐོན་བྱུང་བ་རེད། སྤྱི་ལོ2012ལོར་ནང་སོག་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ཚན་རྩལ་ལས་དོན་པར་བདམས་པ་མ་ཟད། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཚན་རྩལ་ལས་དོན་པར་འོས་སྦྱོར་བྱས་པ་རེད། སྤྱི་ལོ2007ལོར་སྐབས་དང་པོའི་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་གི་བྱ་དགའ་ཨང་གསུམ་པ་ཐོབ། སྤྱི་ལོ2012ལོར་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་གི་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད།

4 མཚོན་བྱེད་བརྩམས་ཆོས།

“མི་གཞི་དོ་དམ་སྟེ། སློབ་ཆེན་དཔེ་མཛོད་ཁང་དོ་དམ་གྱི་དཀའ་ངལ།”སློབ་ཆེན་དཔེ་མཛོད་ཁང་གི་ཚགས་པར། སྤྱི་ལོ2004ལོའི་ཝེ་ཕུ་དཔྱད་ཡིག་ཆ་འཕྲིན།

“རྒྱུ་མང་ཚན་མང་ཚུལ་གྱི་ལྷག་འཕྲོའི་ཐབས་དང་དེའི་བཀོལ་སྤྱོད།”ཉེར་སྤྱོད་གྲངས་རིག་དང་ཤུགས་རིག སྤྱི་ལོ2000ལོའི་ཝེ་ཕུའུ་དཔྱད་ཡིག་ཆ་འཕྲིན།

དཔྱད་གཞིའི་ཡིག་ཆ།