ཀའོ་ཡུན་ཧྥེང་།སྔ་མའི་པར་གཞི་དེ འབྲོང་༡༠༠  ནས 2020-12-28 14:57ལ་འགྲུབ།

ཀའོ་ཡུན་ཧྥེང་།

ཀའོ་ཡུན་ཧྥེང་།
ཀའོ་ཡུན་ཧྥེང་། སྐྱེས་པ། རྒྱ་རིགས། སྤྱི་ལོ1962ལོའི་ཟླ5པར་སྐྱེས། ཧྲའན་ཞི་ཞིང་ཆེན་ཧྲེན་མུའུ་རྫོང་གི་མི་ཡིན། སྤྱི་ལོ1980ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1978ལོའི་ཟླ9པར་ལས་ཀར་ཞུགས། ནང་སོག་སློབ་གྲྭ་ཆེན་མོའི་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པ་དང་། ཞིབ་འཇུག་པ། རབ་འབྱམས་པའི་སློབ་དཔོན་བཅས་ཡིན། ད་ལྟ་ནང་སོག་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高云峰
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ5པར་སྐྱེས།
རྒྱལ་ཁོངས།
ཀྲུང་གོ།
​ལས་འགན།
ནང་སོག་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1978ལོའི་ཟླ9པ་ནས་སྤྱི་ལོ1979ལོའི་ཟླ9པའི་བར། གཞོན་ནུ་ཤེས་ཡོན་ཅན་གྱི་རུ་དཔུང་དུ་ཞུགས།

སྤྱི་ལོ1979ལོའི་ཟླ9པ་ནས་སྤྱི་ལོ1981ལོའི་ཟླ6པའི་བར། ཡུས་ལིན་དགེ་འོས་སློབ་གྲྭ་རུ་སློབ་གཉེར་བྱས།

སྤྱི་ལོ1981ལོའི་ཟླ6པ་ནས་སྤྱི་ལོ1984ལོའི་ཟླ6པའི་བར། ཧྲའན་ཞི་ཞིང་ཆེན་ཧྲེན་མུའུ་རྫོང་སློབ་དཔྱོད་ཁང་དུ་ལས་ཀ་བསྒྲུབས།

སྤྱི་ལོ1984ལོའི་ཟླ6པ་ནས་སྤྱི་ལོ1986ལོའི་ཟླ7པའི་བར། ཧྲའན་ཞི་སློབ་གསོ་སློབ་གླིང་གི་རྒྱ་ཡིག་སྡེ་ཁག་ཏུ་སློབ་སྦྱོང་བྱས།

སྤྱི་ལོ 1986ལོའི་ཟླ7པ་ནས་སྤྱི་ལོ1987ལོའི་ཟླ3པའི་བར། ཧྲའན་ཞི་ཞིང་ཆེན་ཧྲེན་མུའུ་རྫོང་གློག་ཤུགས་སློབ་ཆེན་གྱི་དགེ་རྒན་བྱས།

སྤྱི་ལོ1987ལོའི་ཟླ3པ་ནས་སྤྱི་ལོ1987ལོའི་ཟླ10པའི་བར། ཧྲའན་ཞི་ཞིང་ཆེན་ཧྲེན་མུའུ་རྫོང་ཨུའི་རྩ་འཛུགས་པུའུ་རུ་ལས་ཀ་བསྒྲུབས།

སྤྱི་ལོ1987ལོའི་ཟླ10པ་ནས་སྤྱི་ལོ1995ལོའི་ཟླ7པའི་བར། ཧྲའན་ཞི་ཞིང་ཆེན་གྱི་ཡུས་ལིན་ས་ཁུལ་གྱི་ཕྱོགས་བསྡུས་ཁོ་ཡི་འགོ་འཛིན་གྱི་འགན་ཁུར་གནང་།

སྤྱི་ལོ1995ལོའི་ཟླ7པ་ནས་སྤྱི་ལོ1999ལོའི་ཟླ7པའི་བར། ཧྲིན་ཏུང་ཀུང་སིའི་བུ་སྤུན་སློབ་གྲྭར་ཕྱག་ལས་གནང་བ་དང་། སློབ་གཙོ་དང་སློབ་གསོ་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་འགན་ཁུར།

སྤྱི་ལོ1999ལོའི་ཟླ7པ་ནས་སྤྱི་ལོ2004ལོའི་ཟླ8པའི་བར། ཧྲིན་ཧྭ་ཀྲོན་གར་ནུས་ཁུངས་ཚད་ཡོད་འགན་འཁྲི་ཀུང་སིའི་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་ཁུར།

སྤྱི་ལོ2004ལོའི་ཟླ8པ་ནས་སྤྱི་ལོ2007ལོའི་ཟླ1པའི་བར། ཀྲོན་གར་ཆིའི་མི་དམངས་སྲིད་གཞུང་གི་ཆི་གཙོ་གཞོན་པ་དང་། ཨེར་ཏུའོ་སི་གྲོང་ཁྱེར་གྱི་གྲོང་ཨུའི་ཨུ་ཡོན་གྱི་འགན་ཁུར།

སྤྱི་ལོ2007ལོའི་ཟླ1པ་ནས་སྤྱི་ལོ2010ལོའི་ཟླ9པའི་བར། ཅི་ཉིང་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར། (དེའི་རིང་སྤྱི་ལོ2006ལོའི་ཟླ9པ་ནས་སྤྱི་ལོ2008ལོའི་ཟླ7པའི་བར་ནང་སོག་སློབ་ཆེན་དུ་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་སློབ་གནས་སློབ་སྦྱོང་བྱས། སྤྱི་ལོ2008ལོར་ཞིབ་འཇུག་པ་གཞོན་པར་སྤར།)

སྤྱི་ལོ2010ལོའི་ཟླ9པ་ནས་སྤྱི་ལོ2020ལོའི་ཟླ8པའི་བར། ནང་སོག་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྒྲིག་ཨུའི་ཧྲུའུ་ཅིའི་འགན་བཞེས། (དེའི་རིང་སྤྱི་ལོ2017ལོར་ཞིབ་འཇུག་པར་གོ་གནས་སྤར)

སྤྱི་ལོ2020ལོའི་ཟླ8པ་ནས་ད་ལྟའི་བར། ནང་སོག་དགེ་འོས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། ནང་སོག་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཨུའི་ཨུ་ཡོན་དང་། ནང་སོག་དགེ་འོས་སློབ་ཆེན་སྐབས་དགུ་པ་དང་། བཅུ་པ། བཅུ་གཅིག་པ་བཅས་ཀྱི་ཏང་ཨུའི་ཨུ་ཡོན། སྒྲིག་ཨུའི་ཨུ་ཡོན་བཅས་ཡིན།

2 སློབ་ཁྲིད་ཚན་ཞིབ།

དུས་ཡུན་རིང་བོར་བསམ་བློ་ཆབ་སྲིད་ཀྱི་ཞིབ་འཇུག་བྱས་ནས་སྔ་རྗེས་སུ《ལག་ལེན》དང་། 《ནང་སོག་དགེ་འོས་སློབ་ཆེན་གྱི་རིག་གཞུང་དུས་དེབ་ཀྱི་སློབ་གསོ་ཚན་རིག་པར་གཞི》《མདུན་ལམ》《ནང་སོག་དགེ་འོས་སློབ་ཆེན་གྱི་རིག་གཞུང་དུས་དེབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པའི་པར་གཞི》《བསམ་བློ་ཆབ་སྲིད་ཞིབ་འཇུག》སོགས་དུས་དེབ་ཐོག་དཔྱད་རྩོམ་བཅུ་ལྷག་ཙམ་སྤེལ་ཡོད།

3 གཟི་བརྗིད་མཚན་སྙན།

ཉེ་བའི་ལོ་ཤས་རིང་། དཔྱད་རྩོམ་ལ་ལྗོངས་ཡོངས་ཀྱི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་ཞིབ་འཇུག་གི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་ཨང་གཉིས་པ་དང་། ནང་སོག་གི་མཐོ་རིམ་སློབ་གསོའི་བསམ་བློ་ཞིབ་འཇུག་ཚོགས་པའི་དཔྱད་རྩོམ་གྱི་བྱ་དགའ་ཨང་གསུམ་པ། ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཨང་གསུམ་པ། ནང་སོག་དགེ་འོས་སློབ་ཆེན་གྱི་སྐབས་བཅུ་གཅིག་པའི་ཚན་ཞིབ་དཔྱད་བསྡུར་བྱ་དགའ་ཨང་གཉིས་པ་སོགས་ཐོབ།

དཔྱད་གཞིའི་ཡིག་ཆ།